ལུས་སེམས་འཁྲུག་པ་སྔོན་འགོག
རྩོམ་པ་པོ།:མིང་མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།
དུས་ཚོད།:2010-11-09
ཀློག་གྲངས།:
ལོ་སར་ཐོན་ལད་ཉེ་བའི་དུས་འདིར། རྒྱུ་རྐྱེན་སྣ་ཚོགས་ཀྱིས་བསླངས་བའི་སེམས་ཁམས་མི་བདེ་བའི་ནད་པ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས། སྨན་ཁང་སོ་སོའི་སེམས་ཁམས་ནད་རིགས་གསོ་བཅོས་སྒོ་བསྟེན་ཁང་གིས་ལོ་མཇུག་གི་སེམས་ཁྲལ་ལས་བྱུང་བའི་ལུས་སེམས་འཁྲུག་པའི་ནད་པ་མི་ཉུང་བ་ཞིག་ལ་གསོ་བཅོས་བྱེད་ཀྱིན་ཡོད། ཆེད་མཁས་སྨན་པས་དྲན་སྐུལ་བྱས་དོན། ལོ་སར་ཐོན་ལད་ཡོད་པའི་སྐབས་འདིར། དགའ་དགའ་སྤྲོ་སྤྲོས་ལོ་སར་ལ་གྲ་སྒྲིག་བྱེད་པ་དང་མཉམ་དུ། རང་གི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་ཡང་དོ་སྣང་བྱས་ཏེ། ལོ་སར་སྐབས་སུ་སེམས་ཁམས་སྐྱིད་པོ་ཞིག་ཡོང་བ་བྱེད་དགོས་ཟེར།
ལོ་མཇུག་གི་སེམས་ཁྲལ་ནི་སེམས་ཁམས་མ་སྙོམས་པའི་མངོན་རྟགས་ཞིག་ཡིན་པ་དང་། མི་ལ་ལ་ཞིག་ལོ་མཇུག་དུ་ཐོན་ཚེ་སེམས་ཁམས་མ་སྙོམས་པའི་རྒྱུ་རྐྱེན་གཙོ་བོ་ནི། ལོ་མཇུག་ཏུ་ཐོན་ཚེ་ལས་ཁུངས་གང་མང་ཞིག་གིས་བྱ་བ་སྒྲུབ་སྟངས་དང་། ལས་བཟོ་བའི་ལས་གནས་སོགས་ལ་བསྐྱར་དུ་བཀོད་སྒྲིག་བྱེད་པའི་རྐྱེན་གྱིས་རེད། མི་རྣམས་བྱ་བའི་ཁྲོད་ཀྱི་སེམས་ཁམས་ཀྱི་གནོན་ཤུགས་ཆེན་པོ་དེ་ཁེ་ལས་ཀྱི་མི་དང་མིའི་བར་གྱི་ཕན་ཚུན་གྱི་འབྲེལ་བ་ལས་བྱུང་བ་རེད། མི་སུ་ཡིན་རུང་རང་གི་བྱ་བཞག་ལ་གྲུབ་འབྲས་འབུར་དུ་ཐོན་པ་བླངས་ནས། འགོ་ཁྲིད་ཀྱི་རེ་བ་གཏོང་ཟད་དུ་མི་གཏོང་བའི་དུས་མཚུངས་སུ། གླ་ཕོགས་ཁ་སྣོན་དང་གོ་གནས་འཕར་བའི་རེ་བ་བཅངས་ཡོད། ཁེ་ལས་ཁྲོད་དུ་མི་འཇོན་ཐང་ཅན་གང་མང་ཡོད་པར་བརྟེན། མི་དང་མིའི་བར་ཕན་ཚུན་གྱི་འགྲན་རྩོད་ཇེ་དྲག་ཏུ་སོང་བ་དང་མཉམ་དུ། སེམས་ཁམས་ཀྱི་གནོན་ཤུགས་ཡང་ཇེ་ལྕིར་སོང་བ་རེད། དཔེར་ན། ཕྱི་རྒྱལ་གྱི་ཁེ་ལས་ཤིག་གི་ལས་བཟོ་བ་ག་གེ་མོ་ཞིག་གིས་ལོ་མཇུག་གི་བྱ་བའི་སྤྱི་སྡོམ་ལ་སྐྲག་ནས་སྨན་ཁང་དུ་བསྡད་ན་འདོད་པ་དང་། བྱ་བ་ལས་ན་མི་འདོད་པ། ཁྱིམ་མི་དང་ལས་གྲོགས་ཡང་མཐོང་ན་མི་འདོད་ཟེར། ཁོ་མོས་བཤད་རྒྱུར། ལོ་མཇུག་ལ་ཁེ་ལས་ཀྱི་འགོ་ཁྲིད་ཀྱིས་ང་ཚོར་ལོ་ཧྲིལ་བོའི་བྱ་བའི་སྤྱི་སྡོམ་ཡར་སྤྲོད་བྱེད་དུ་འཇུག་ཚེ། ངས་རང་གི་ལོ་མཇུག་གི་སྤྱི་སྡོམ་ལ་སྐྱོན་བརྗོད་ཐེབས་པར་སྐྲག་སྣང་སྐྱེས་ཤིང་། བྱ་བའི་སྤྱི་སྡོམ་དྲན་ཚེ། དགོང་མོར་གཉིད་མི་ཡོང་བརམ་ཟད། མགོ་དང་མཁལ་རྐེད་སོགས་ན་བ་རེད་ཟེར།
སྤྱིར་སེམས་ཁམས་ཀྱི་གནོན་ཤུགས་དེ་མ་གཞི་ནས་ཡོད་པ་ཞིག་ཡིན་པས། ལོ་མཇུག་ཏུ་ཐོན་ཚེ་ཡུན་རིང་ལ་གསོག་པའི་སེམས་ཁམས་ཀྱི་གནོན་ཤུགས་དེ་ཕྱིར་མངོན་ནས། སེམས་ཁམས་མ་སྙོམས་པའི་ནད་རྟགས་སྣ་ཚོགས་འབྱུང་སྲིད་པ་དང་། བརྟག་དཔྱད་བྱས་པ་ལྟར་ན། སེམས་ཁམས་ཀྱི་ནད་བྱུང་ཡོད་པའི་ལས་བྱེད་མི་སྣའི་ཁྲོད། བརྒྱ་ཆའི་ལྔ་བཅུའི་ཡན་ནི་ལོ་མཇུག་གི་ལས་གནས་བསྐྱར་སྒྲིག་དང་འབྲེལ་བ་ཡོད་པ་རེད། གསོ་རིག་ཕྱོགས་ཀྱི་ཆེད་མཁས་སྨན་པས་བཤད་རྒྱུར། སེམས་ཁམས་ཀྱི་གནད་དོན་ནི་སྔོན་འགོག་བྱེད་ཐུབ་པ་ཞིག་ཡིན་ལ། མི་སུ་དང་སུ་ཡིན་རུང་བྱ་བ་ལས་གཞན། ད་རུང་དོན་དག་གཞན་པ་གང་མང་ཞིག་ཡོད་པ་དེ་ཤེས་དགོས་པ་རེད། དཔེར་ན་བདེ་ཐང་དང་ཁྱིམ་ཚང་། གཉེན་ཉེ་སོགས་ཀྱང་དེ་དང་འདྲ་བར་ང་ཚོས་ཐུགས་ཁུར་དང་དོ་སྣང་བྱེད་དགོས་བ་རེད། དེ་ལྟར་བྱས་ན་ད་གཟོད་ཛ་དྲག་ཆེ་བའི་འགྲན་རྩོད་ཁྲོད་སེམས་ཁམས་སྙོམས་པོ་ཞིག་ཡོང་ཐུབ་པ་དང་། རང་ཉིད་ལ་ཕམ་ཁ་ཕྲན་བུ་རེ་བྱུང་ནའང་མགོ་ཐོག་ལ་གནམ་རྡིབ་པ་ལྟ་བུའི་བསམ་བློ་འབྱུང་མི་སྲིད་པ་རེད།
ཧུར་བརྩོན་ཡར་ཐོན་གྱི་བྱ་བའི་རྣམ་འགྱུར་བཟུང་ནས། སྤྱི་ཚོགས་ཀྱི་བྱ་འགུལ་དང་རོལ་རྩེད་སྣ་ཚོགས་སུ་ཞུགས་ཏེ། དུས་ཐོག་ཏུ་སེམས་ཁམས་མི་སྐྱིད་པའི་སྣང་ཚུལ་སེལ་དགོས་ལ། ཡིད་མཐུན་གྱི་གྲོགས་པོ་དང་གླེང་མོལ་བྱེད་པ་དང་། ཆེད་ལས་ཀྱི་རོགས་སྐྱོར་དང་དེ་མིན་སེམས་ཁམས་སྙོམས་སྒྲིག་ལ་མཛུབ་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་ཏེ་གང་མགྱོགས་སྒོས་སེམས་ཁམས་སླར་གསོ་ཡོང་བ་བྱེད་དགོས་པ་ལས། གནད་དོན་ཡོད་ཚད་རང་ཉིད་གཅིག་པུས་འགན་དུ་གཏན་ནས་ལེན་མི་རུང་བ་དེ་ཤེས་དགོས།།

འབྲེལ་ཡོད་འོས་སྦྱོར།