logo

ནད་པས་ཤེས་དགོས་པའི་ཤེས་བྱ་འགའ།

རྩོམ་པ་པོ།:མིང་མི་གསལ། ཡོང་ཁུངས།: མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2010-11-09 ཀློག་གྲངས།:
    རང་རྒྱལ་གྱི་སྨན་པ་དང་ནད་པའི་བཅའ་ཁྲིམས་ལས་ནད་པའི་སྐོར་གྱི་ཤེས་བྱ་འགའ་བརྗོད་ན་གཤམ་གསལ་ལྟར།
    ནད་པའི་འོས་འགན།
    ནད་པས་རང་ཉིད་ཀྱི་འོས་འགན་ལག་བསྟར་བྱེད་དགོས་པར་མ་ཟད། རང་ཉིད་ཀྱི་བདེ་ཐང་ལ་འགན་འཁུར་དགོས་ཤིང་། སྨན་པར་བརྩི་བཀུར་ཡང་བྱེད་དགོས།
     གཅིག ནད་པར་བདེ་ཐང་སླར་གསོ་དང་གསོ་བཅོས་རྒྱུན་བསྲིངས་པའི་འོས་འགན་ཡོད།
     གཉིས། ནད་པར་ཧུར་ཐག་གིས་གསོ་བཅོས་དང་ལེན་དང་རམ་འདེགས་བྱེད་པའི་འོས་འགན་ཡོད། ནད་པའི་རང་ཉིད་ཀྱིས་ནད་རྒྱ་ཡན་ལ་གཏོང་མི་ཉན་ཞིང་གུས་མེད་ཀྱི་ གསོ་བཅོས་ལ་བཀག་འགོག་དེ་བས་ཀྱང་བྱེད་མི་ཉན་པར། སྨན་པའི་ངག་བཀོད་ལ་བརྩི་ འཇོག་དང་སྨན་ཁང་གི་སྒྲིག་ལམ་སོགས་བརྩི་སྲུང་བྱེད་དགོས།
     གསུམ། ནད་པར་གསོ་རིག་འཕེལ་རྒྱས་བྱ་བར་རྒྱབ་སྐྱོར་བྱེད་པའི་འོས་འགན་ཡོད།
     ནད་པའི་དབང་ཆ།
     གཅིག ནད་པར་རྩ་བའི་སྨན་བཅོས་ཀྱི་དབང་ཆ་ཡོད།
     གཉིས། ནད་པར་ནད་གཞི་རྒྱུས་ལོན་བྱེད་པའི་དབང་ཆ་ཡོད་ལ་སྨན་པས་ནད་པའི་ཁེ་ཕན་དང་གསོ་བཅོས་བྱེད་པར་བཀག་རྒྱ་མེད་པའི་གནས་ཚུལ་འོག་ནད་གྱི་གནས་ཚུལ་བཤད་ཆོག
     གསུམ། ནད་པར་གསོ་བཅོས་བྱེད་འདོད་པའི་དབང་ཆ་ཡོད་ལ། ལུས་ཕུང་ཚོད་ལྟའམ་ཚོད་ལྟའི་རང་བཞིན་གྱི་གསོ་བཅོས་སོགས་བྱེད་པར་་གསོ་བཅོས་མི་བྱེད་པའི་དབང་ཆ་ཡང་ཡོད།
     བཞི། ནད་པས་སྨན་པར་རང་ཉིད་ཀྱི་སྐྱེས་ཁམས་དང་། སེམས་ཁམས། ད་དུང་གཞན་པའི་ཕྱོགས་ཀྱི་གསང་བ་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན་ཆོག
     ལྔ། ངེས་གཏན་གྱི་སྤྱི་ཚོགས་འོས་འགན་དབང་ཆ་མེད་པར་བྱས་ཆོག
     དྲུག སྨན་པས་ནོར་འཁྲུལ་གྱིས་བཟོས་པའི་སྨན་བཅོས་ནོར་འཛོལ་བྱུང་བར་ནད་པ་དང་དེའི་གཉེན་ཉེ་རིགས་ཀྱིས་དཔལ་འབྱོར་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན་ཆོག
     ཞག་སྡོད་ཤེས་བྱ།
     གཅིག དང་ཐོག་ནད་གཡོག་པས་ནད་པར་ཞག་སྡོད་སྐབས་ཀྱི་གཙོ་གཉེར་ཆེད་མཁས་སྨན་པ་དང་། སྨན་པ། ནད་གཡོག་པ། ནད་གཡོག་པའི་མགོ་བ་གང་ཡིན་པ་སོགས་མཚམས་སྤྱོར་བྱེད་དགོས་ལ། གལ་ཏེ་མཚམས་སྦྱོར་མ་བྱས་ན་རང་གིས་དྲིས་ཆོག
     གཉིས། རང་ཉིད་དང་གཞན་པའི་བདེ་ཐང་གི་ཆེད་དུ་དུ་བ་མི་འཐེན་པ་དང་། ཁ་ལུད་གང་སར་མི་འཕེན་པ། འུར་མི་བརྒྱག་པ། སྒེའུ་ཁུང་ཕྱི་རོལ་ཏུ་ཆུ་སོགས་མི་གཙང་བའི་རིགས་མི་འཕོ་བ། སྤྱོད་ཁང་གི་གཙང་སྦྲ་བཅས་ལ་ཉམས་འཇོག་དགོས།
    གསུམ། འགོས་ནད་ཀྱི་རིགས་འགོག་པའི་ཆེད་དུ་རང་ཉིད་ཀྱི་ཁྲུས་ཆས་དང་ཟས་སྣོད་སོགས་སོ་སོར་སྤྱད་ན་བཟང་།
    བཞི། ཉིན་རེའི་སྔ་དྲོ་ནི་་བརྟག་དཔྱད་བྱེད་པའི་དུས་ཚོད་ཡིན་པས་ནད་ཁང་དང་ ཁ་འབྲལ་མི་རུང་།
    ལྔ། ཞག་སྡོད་ནད་པ་གང་འདོད་དུ་ཕྱིར་རོལ་ལ་འགྲོ་བ་དང་། ལྷག་པར་ཏུ་མཚན་མོར་ནད་ ཁང་ལས་གཞན་སར་བསྡད་མི་ཆོག སྨན་ཁང་གི་སྒྲིག་ལམ་འདི་དག་དང་འགལ་ནས་གཞན་པའི་རྩེད་ཁང་འགྲིམས་པ་དང་། ཆང་འཐུང་བ་སོགས་ཀྱི་ལས་ལ་ཞུགས་ན་མཇུག་འབྲས་མཐའ་དག་རང་ཉིད་ཀྱིས་འགན་འཁུར་དགོས།
    དྲུག ཞག་སྡོད་ཀྱི་སྐབས་སུ་ནད་པས་ནད་ཁང་སོགས་ཀྱི་བདག་གཉེར་གཏེན་འཁེལ་བརྩི་སྲུང་བྱེད་དགོས།
    བདུན། ཆུ་དང་གློག་ལ་སྤྱོད་མཁས་བྱེད་དགོས་པ་དང་། གློག་གི་འཕྲུལ་ཆས་སྣ་ཚོགས་རང་དགར་སྤྱད་མི་ཆོག་ལ། གང་འདོད་དུ་དབྱང་དབུགས་དང་། འབྱིན་རྔུབ་སྒྲིག་ཆས་སོགས་བརྗེ་མི་ཆོག གལ་ཏེ་སྐྱོན་ཤོར་ན་སྐྱིན་ཚབ་སྤྲོད་དགོས་ཤིང་རང་གི་བདེ་ཐང་ལ་གནོད་པ་བྱུང་ན་རང་ཉིད་ཀྱིས་འགན་འཁུར་དགོས།
    བརྒྱད། ཞག་སྡོད་ནད་པས་མི་སྒེར་གྱི་དངོས་པོར་བདག་གཉེར་ལེགས་པོར་བྱེད་དགོས། ནད་ཁང་གི་སྒོ་དུས་རྒྱུན་གཏན་གྱིན་མེད་པས་དངོས་པོ་རྩ་ཆེན་ཡོད་ན་ཚན་ཁག་དང་འབྲེལ་གཏུག་བྱས་ནས་བདག་གཉེར་བྱེད་དགོས།
    དགུ། སྨན་ཁང་དང་ཁ་འབྲལ་དུས་ནད་གཡོག་པའི་བསླབ་བྱ་ལ་ཉན་དགོས་པ་མ་ཟད་། ཉམས་འཇོག་དགོས་པའི་བྱ་བ་རེ་བ་ལྟར་བསྒྲུབ་དགོས།།


འབྲེལ་ཡོད་འོས་སྦྱོར།