གདོན་རྐྱེན་སྤང་ཞིང་བསྲུང་ན་ནད་མི་འབྱུང་བའི་ཚུལ།
རྩོམ་པ་པོ།:བདུད་མགོན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-03-14
ཀློག་གྲངས།:
རྒྱུད་ལས། ཞེ་སྡང་མི་གཙང་ལྷ་བསྣོལ་འདྲེ་གཡོས་པས། ། གསོ་དཀའ་མཁྲིས་ནད་བཞི་བཅུ་བདུན་དུ་འགྱུར། །ཞེས་གསུངས་པ་ལྟར་རང་གི་བསྟེན་པའི་ཡི་དམ་དང་འགོ་ལྷ་ལ་དུས་རྒྱུན་བསྙེན་བཀུར་དང་མཆོད་པར་བྱ་ཤིང་། ལྷ་ཀླུ་སོགས་ཀྱི་གནས་ས་གང་དུ་གཉིད་ལོག་པའམ། ས་བརྐོ་བ་དང་། ས་འདོན་པ་། དུར་ཁྲོད་དུ་གཞི་གཏོང་བ་སོགས་ཀྱི་གཉན་ས་དང་བཙན་ས་ལ་གནོད་པ་མ་བྱས་ཤིང་། སྔགས་པ་དང་བན་བོན་ལ་བརྙེས་མི་བྱ་བར་རྒྱུན་པར་གཞན་དང་མཐུན་པའི་ཀུན་སྤྱོད་ཀྱིས་འཇུག་པར་བྱའོ། །
འབྲེལ་ཡོད་འོས་སྦྱོར།