logo

ཟས་ཀྱི་རྐྱེན་སྤང་ཞིང་བསྲུང་ན་ནད་མི་འབྱུང་བའི་ཚུལ།

རྩོམ་པ་པོ།:བདུད་མགོན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-03-13 ཀློག་གྲངས།:

   དེ་ཡང་ཟས་བག་ཕྱེ་ཤ་ཐུག་གང་རུང་མ་ཚོས་བ། ཚོས་ཏེ་འཚིག་དྲགས་པ། ཁེངས་པོ། རུལ་བོ། རྙིང་བ། ལོ་དང་སིལ་ཏོག་མ་སྨིན་པ། ཅང་མ་ལངས་པ་སོགས་སྐྱོན་དང་བཅས་པའི་ཟས་ཐམས་ཅད་དང་། སྐྱོན་མེད་ཀྱང་རང་གི་ལུས་ཀྱི་རང་བཞིན་གང་ཤེས་ཆེ་བ་དེའི་མཚན་ཉིད་དང་རྗེས་སུ་མཐུན་པའི་ཟས་སྐོམ་གྱི་རིགས་དང་། ངོ་བོ་མི་འཕྲོད་པའི་ཟས་རིགས་གཉིས་ལྷན་ཅིག་སྦྱར་ཏེ་ཟོས་པ་ཞོ་མ་ལངས་པ་དང་ཆང་གསར་གཉིས་ལྷན་དུ་བཟའ་བ་སོགས་མདོར་ན་དུག་ཅན་ལྟ་བུའི་ཟས་སྐོམ་གྱི་རིགས་ཐམས་ཅད་སྤང་ནས་འབྱུང་བའི་དུས་ཀྱི་སྟོབས་དང་འཚམ་ཞིང་ལུས་ཀྱི་རང་བཞིན་དང་བསྟུན་ནས་གོམས་པའི་སྐོམ་གྱི་རིགས་བསྟེན་པར་བྱ། །


འབྲེལ་ཡོད་འོས་སྦྱོར།