འོ་མ་འཐུང་རྗེས་ཆུ་ཁོལ་ཅུང་ཙམ་འཐུང་ན་ལེགས།
འོ་མའི་རིགས་ཀྱི་ཐོན་རྫས་ནང་དུ་འདུས་པའི་ཕབ་རྒྱུས་མགྲིན་པའི་རྩི་སྐྱི་སྐམ་པོར་བཟོས་ནས་མི་བདེ་བར་འགྱུར། ཁ་ནང་སྐམ་ན་དབྱང་དབུགས་ལ་ཞེན་པ་ལོག་པའི་འབུ་ཕྲར་འཕེལ་བའི་ཁོར་ཡུག་སྐྲུན་པ་རེད། འབུ་ཕྲས་འོ་མའི་ཐོན་རྫས་ནང་གི་སྤྲི་དཀར་སོ་སོར་དབྱེ་སྒྱུར་བྱས་ནས། མུ་ཟི་འགྱུར་རྫས་ཀྱི་དྲི་ངན་ཡོད་པའི་རླངས་གཟུགས་བསྐྱེད་དེ། ཁ་ནང་དྲི་ངན་བྲོ་བ་སོགས་ཀྱི་སྣང་ཚུལ་འབྱུང༌། གཞན་ཡང༌། འབུ་ཕྲ་ལྷག་རོས་ད་དུང་ཁ་ནང་གི་སྐྱུར་བུལ་དོ་མཉམ་པར་གནོད་པ་བྱས་ནས། སོ་རུལ་དང་སོ་རྙིལ་གྱི་གཉན་ཚད་སོགས་ཁ་ནད་མང་པོ་འབྱུང༌། གལ་ཏེ་འོ་མ་འཐུང་རྗེས་མྱུར་དུ་དྲོད་ཚད་ཏུའུ20-50 ཡོད་པའི་ཆུ་ཁོལ་དཀར་ཡོལ་ཆུང་བ་གང་འཐུང་ན། ཁ་ནང་གི ་འོ་མའི་ལྷག་རོ་མེད་པར་གཏོང་བས་མི་ཚད། མགྲིན་པའི་ནང་གི་འོ་མ་ལྷག་རོའང་མར་དེད་ནས་ཁ་ནང་གཙང་མ་བྱེད་ངེས། ད་དུང་སོ་ལའང་ཕན། འོན་ཀྱང༌། ཆུ་འཐུང་དུས་ཚད་ལས་བརྒལ་ན་འོ་མ་ཡི་འཇུ་སྟོབས་བསྡུ་ལེན་ལ་གནོད།