དུ་བ་འཐེན་པ་དང་ཆང་བག་མེད་དུ་འཐུང་ན་སྨན་གྱི་ནུས་པར་གནོད་པ་ཐེབས།
དུ་བ་འཐེན་པ་དང་ཆང་བག་མེད་དུ་འཐུང་ན་མིའི་ལུས་ཕུང་ལ་གནོད་པ་མ་ཟད། སྨན་གྱི་ནུས་པ་ཉམས་ནས་ནད་གསོ་བཅོས་ལ་གནོད་པ་ཡོད། སྨན་རྫས་འཇུ་ལེན་བྱེད་སྤྱད་གཙོ་བོ་རྒྱུ་ནག་ཡིན། སྨན་རྫས་ཕོ་བའི་ནང་ཕྱིར་གཏོང་བའི་མགྱོགས་ཚད་སྨན་རྫས་འཇུ་ལེན་མགྱོགས་ཚད་ལ་ཐུག་ཡོད། ཕོ་བའི་ཕྱིར་གཏོང་མགྱོགས་ན། འཇུ་ལེན་བྱས་པའང་མགྱོགས། དེ་ལས་ལྡོག་ན་འཇུ་ལེན་བྱེད་པ་དལ། དུ་བ་འཐེན་རྗེས་ཕོ་བའི་ནུས་པ་ཇེ་ཞན་དུ་སོང་ནས། སྨན་རྫས་ཕོ་བའི་ནང་ཕྱིར་གཏོང་དུས་ཚོད་ཇེ་དལ་ལ་བཏང་སྟེ། སྨན་རྫས་འཇུ་ལེན་ལ་ཤུགས་རྐྱེན་ཐེབས་ངེས། གཞན་ཡང༌། དུ་རྩྭའི་ནང་འཚོ་རྒྱུCལ་གནོད་པའི་རྫས་རིགས་ཡོད་པས། དུ་བ་འཐེན་མཁན་གྱི་འཚོ་རྒྱུCཉིན་རེ་བཞིན་ཇེ་ཉུང་འགྲོ་བ་དང་བསྟུན་ནས་ནད་རིགས་ཁ་ཤས་ཕོག་པར་བྱེད།
ཆང་གི་ནང་གཙོ་བོ་ཆང་བཅུད་འདུས། ཆང་བཅུད་ཀྱིས་སྨན་རྫས་མང་ཆེ་བར་ཞར་བྱུང་གི་ནད་སློང་ངེས། ཆང་འཐུང་རྗེས་ཆམ་ནད་ཀྱི་སྨན་ཏེ་དཔེར་ན་ཁའེ་ཁི། ཀན་ཁཱང༌། ཁཱང་ཐེ་ཁི་སོགས་འཐུང་ན་སྨན་ལོག་འབྱུང༌ཞིང་། ཕོ་རྒྱུ་མི་བདེ་བའམ་གཉིད་ཡོང་བ་སོགས་ཀྱི་སྣང་ཚུལ་འབྱུང༌།