༄༅།།སྨན་རྫས་སུམ་ཅུ་ཏིག་ཏ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-09
ཀློག་གྲངས།:
མིང་གཞན། སུམ་ཏིག་དང་། རིགས་ལྔའི་ནི་བོ་ཡང་ཟེར།
ཀྲུང་མིང་།蓖齿虎耳草
རྒྱལ་སྤྱིའི་ཐ་སྙད། SaxifragaumbelulataHookf.etThoms
སྡེ་ཁོངས། སུམ་ཅུ་ཏིག་ཏའི་སྡེ། སུམ་ཅུ་ཏིག་ཏའི་ཁོངས་གཏོགས།
སྐྱེ་དབྱིབས། འཁྲུངས་དཔེ་རུ། གསེར་ཏིག་ཡུངས་དཀར་སྡོང་པོ་འདྲ། ལོ་མ་སྡོང་པོ་གདེངས་པ་ལ། མེ་ཏོག་དམར་སེར་ཤིན་ཏུ་གསལ། ཞེས་བསྟན་པ་ལྟར་འདི་ནི་ལོ་མང་སྐྱེ་བའི་ལྡུམ་བུ་ཐང་སྨན་ཁོངས་གཏོགས་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་དུད་མདོག་ཅན་ཕྲ་ལ་ཨ་ར་ལྟ་བུའི་རྩ་ཕྲན་ཡིན་པ་དང་། སྡོང་བུ་དམར་སྨུག་ཕྲ་ལ་རིང་ཐུང་མཐོ་གང་ཙམ་པ་གཉིས་གསུམ་ལྷན་དུ་དྲང་པོར་སྐྱེ་བར་ཡལ་ག་མེད་ཅིང་སྤུ་དཀར་འཇམ་པོ་ཐར་ཐོར་ཡོད་པ་དང་། ལོ་མ་སྔོ་ལྗང་སྲབ་ལ་ཆུང་ཞིང་མདུང་རྩེའི་དབྱིབས་འདྲ་བའི་མཐའ་མཉམ་ལ་ངར་བ་ཐུང་ངུ་རེས་མོས་སུ་སྐྱེ་ཞིང་། མེ་ཏོག་སེར་ལ་དམར་མདངས་རྒྱས་པ་འདབ་མ་ལྔ་ལྡན་གདུགས་ཁ་དབྲག་ཏུ་འཆར་བའོ། །
འཐུ་དུས་དང་ལས་སྣོན། སྨན་ལ་ལོ་སྡོང་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པར་བཏུས་རྗེས་གཙང་མར་བཀྲུས་ཏེ་བསིལ་སར་སྐམ་ནས་སྤྱོད་རྒྱུ།
རོ་ནུས་ཞུ་རྗེས། རོ་ཁ་བ་དང་། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་པའོ། །
རྐྱང་བའི་ཕན་ཡོན། བད་ཀན་གྱི་ནད་དང་རིམས་ནད་གསར་བ་སོགས་ལ་ཕན་པ་མ་ཟད་མཁྲིས་ནད་ཀྱང་སེལ་བར་བྱེད་དོ། །

འབྲེལ་ཡོད་འོས་སྦྱོར།