ཐུམ་འབུའི་ནད་སྐོར་གྱི་ཤེས་བྱ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2020-11-13
ཀློག་གྲངས།:
གཅིག ཐུམ་འབུའི་ནད་ཅེས་པ་ཅི་ཞིག་ཡིན་ནམ།
ཐུམ་འབུའི་ནད་ཅེས་པ་ནི་རྒྱུ་སྲིན་ལེབ་མོའི་འབུ་ཕྲུག་མི་དང་ནོར་ལུག་སོགས་ཀྱི་ཁོག་པ་ནས་འཚར་ལོངས་བྱུང་བ་ལས་མི་ཕྱུགས་གཉིས་ཀྱི་བདེ་ཐང་ལ་གནོད་འཚེ་ཐེབས་པའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་ལ། ཁ་སྐད་དུ“རྒྱུ་སྲིན་འབུ་ཕྲུག་གི་ནད”ཅེས་ཟེར། མདོ་དབུས་མཐོ་སྒང་དུ། ཁྱི་ནི་ཐུམ་འབུའི་ནད་ཀྱི་འགོ་ཁུངས་གཙོ་བོ་དང་། མཐའ་མཇུག་གི་གནས་སའང་ཡིན། ཁྱི་ཡི་རྒྱུ་ལམ་དུ་རས་སྐུད་ཀྱི་སྣེ་མོའི་ཆེ་ཆུང་ཙམ་གྱི་འབུ་ཕྲུག་དཀར་པོ་མང་པོ་ཡོད་ཅིང་། འབུ་ཕྲུག་རེ་ལའང་ཚིགས་ཆུང་ཁ་ཤས་འདུག་པ་དང་། དེའི་ནང་གི་ཚིགས་ཆུང་མཐའ་མ་ནི་མངལ་གནས་ཡིན་པས། ནང་ན་འབུ་སྒོང་བརྒྱ་ཕྲག་ལྷག་ཡོད།
གཉིས། ཐུམ་འབུའི་ནད་ཀྱི་གནོད་འཚེ་ཅི་འདྲ་ཡིན་ནམ།
ཐུམ་འབུའི་ནད་ཀྱི་བག་ཉལ་དུས་ཡུན་ཅུང་རིང་བ་དང་ནད་པར་ནད་རྟགས་འབྱུང་དུས་ཤ་སྐྲན་ཡང་ཆེན་པོར་གྱུར་ཡོད་སྟབས། གཤགས་བཅོས་བྱེད་པ་ལ་ཉེན་ཁ་ཆེན་པོ་ཡོད། གལ་ཏེ། ཐུམ་འབུའི་ཤ་སྐྲན་གས་པ་ཡིན་ན། ལུས་ལ་ཚོར་སྐྱེན་ཚབས་ཆེན་པོ་འབྱུང་བ་དང་། ཐ་ན་ཚེ་སྲོག་གི་རྒྱུ་བ་འགགས་ཀྱང་སྲིད། ཤ་སྐྲན་ནང་གི་གཤེར་ཁུ་ཁོག་པའི་ནང་ལ་མཆེད་པ་ཡིན་ན། ཐུམ་འབུའི་ནད་ཀྱི་ས་བོན་ཡང་ལུས་ཀྱི་གནས་གང་སར་བཏབ་པ་དང་མཚུངས་པ་ཡིན།
གསུམ། ཐུམ་འབུའི་ནད་ཇི་ལྟར་མཆེད་པ་ཡིན་ནམ།
མི་དང་སྒོ་ཕྱུགས་ལ་ཐུམ་འབུའི་ནད་འགོ་བའི་ཁུངས་གཙོ་བོ་ནི་ཁྱི་དང་ཝ་མོ་སོགས་ཀྱི་སྲོག་ཆགས་ཡིན་ལ། རྒྱུ་སྲིན་ལེབ་མོའི་འབུ་སྒོང་དེ་ཁྱི་དང་ཝ་མོ་སོགས་ཀྱི་རྟུག་པ་བརྒྱུད་ནས་ས་གཤིན་དང་ཆུའི་ནང་ནས་འདུག་པར་མ་ཟད། ད་དུང་ལུག་བལ་དང་ཡོ་བྱད་ཐོག་ཏུའང་འབྱར་ནས་འདུག་པ་དང་། དེ་ནས་ཁྱིའི་སྤུ་དང་ལུག་བལ། རྩྭ། ཆུ་སོགས་མི་དང་ཐུག་རེག་བྱུང་བ་ལས། མི་ལའང་ཐུམ་འབུའི་ནད་འདི་འགོ་བ་ཡིན།
བཞི། ཁྱི་ནི་ཐུམ་འབུའི་ནད་ཀྱི་འགོ་ཁུངས་གཙོ་བོ་ཡིན།
ཁྱི་ནི་འབྲོག་པ་མང་ཚོགས་ཀྱི་ལག་རོགས་བཟང་པོ་ཞིག་ཡིན། དུས་ཡུན་རིང་བོ་ཞིག་ལ། མཉམ་དུ་འཚོ་བ་རོལ་བའི་དབང་གིས། འབྲོག་པ་མང་ཚོགས་ཀྱིས་ཁྱི་ཡི་ལུས་ན་མི་ལ་འགོ་བའི་ནད་ཡོད་པར་དོ་སྣང་མི་བྱེད་པ་རེད། ཡིན་ནའང་། ཁྱི་ཡི་ལུས་ན་མི་དང་ཕྱུགས་ཟོག་ལ་འགོ་བའི་ནད་རིགས53ཙམ་ཡོད།
ཐུམ་འབུའི་ནད་ཀྱི་སྲིན་འབུ་ཡོད་པའི་ཁྱི་ཡིས་ཕྱིར་བཏང་བའི་འབུ་སྒོང་རྩྭ་ཐང་དང་ཆུ་ཁུངས་སོགས་སུ་ལུས་པ་ལས། ནོར་ལུག་གིས་རྩྭ་ཟ་བ་དང་ཆུ་འཐུང་བའི་སྐབས། ཐུམ་འབུའི་ནད་ཀྱི་འབུ་སྒོང་ཁོག་ལ་སོང་སྟེ་ནོར་ལུག་གི་མཆིན་པ་དང་གློ་བའི་ཐོག་ཏུ་ཁྱབ་སྟེ་ཐུམ་འབུའི་ནད་བྱུང་བ་ཡིན། དྲུག འབུ་སྐྲན་ཡོད་པའི་ཕྱུགས་ཟོག་གི་ནང་ཁྲོལ་ཇི་ལྟར་མེད་པར་བཟོ་འམ།
འབུ་སྐྲན་ཡོད་པའི་ཕྱུགས་ཟོག་གི་ནང་ཁྲོལ་ནི་ཁྱི་ལ་ཐུམ་འབུའི་ནད་ཀྱི་འབུ་སྲིན་འགོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ཐུམ་འབུའི་འབུ་སྲིན་ཡོད་པའི་ནང་ཁྲོལ་འདིའི་རིགས་ཁྱི་ཡིས་ཟོས་རྗེས། ཁྱི་ལའང་ཐུམ་འབུའི་ནད་འདི་འགོས་པ་དང་། དེ་ནས་ཁྱི་རྟུག་ལས་འབུ་སྒོང་མང་པོ་གང་སར་ཁྱབ་ཏུ་འཇུག་པ་རེད། དེར་བརྟེན། ཕྱུགས་ཟོག་བཤའ་བ་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འབུ་སྐྲན་ཡོད་པའི་ཕྱུགས་ཟོག་གི་ནང་ཁྲོལ་གང་བྱུང་དུ་འཕེན་པ་བཀག་ཏེ་ཕྱུགས་ཟོག་དང་ཁྱི་ཡི་བར་ལ་མཆེད་པར་གཏན་འགོག་བྱེད་དགོས།
ཁ ཁྱིམ་ཚང་ངམ་མི་སྒེར་གྱིས་ཕྱུགས་ཟོག་བཤས་པ་ཡིན་ན། དེའི་ནང་ཁྲོལ་ས་འོག་ཏུ་འཇུག་པ་དང་མེར་བསྲེག་པ། ཡང་ན་བཙོས་ནས་ཚོས་རྗེས་ཁྱི་ལ་སྟེར་བ་ལས་རློན་པར་སྟེར་མི་རུང་།
ག རང་བཞིན་གྱིས་ཤི་བའི་ཕྱུགས་ཟོག་གི་རོ་འཕྲལ་མར་ས་འོག་ཏུ་བཅུག་སྟེ་ཁྱི་ལྡོམ་དང་སྒོ་ཁྱི་ཡིས་བཟའ་མི་ཐུབ་པར་བྱེད་དགོས།
མི་ལ་ཐུམ་འབུའི་ནད་ཇི་ལྟར་འགོ་བ་དང་དེ་ལ་ནད་རྟགས་ཅི་ཡོད་དམ། ཚ་བས་ཐུམ་འབུའི་སྒོ་ང་གསོད་ཐུབ་བམ།
བདུན། མི་ལ་ཐུམ་འབུའི་ནད་ཇི་ལྟར་འགོ་བ་ཡིན་ནམ།
བརྒྱད། ཐུམ་འབུའི་ནད་འགོས་ཚེ་རྒྱུན་ལྡན་མིན་པའི་སྣང་ཚུལ་གང་དག་ཡོད་དམ། ཐུམ་འབུའི་ནད་ནི་མི་ལུས་ཀྱི་ཆ་ཤས་གང་རུང་ལ་བརྟེན་ནས་གསོན་ཐུབ་པ་དང་། དུས་མཚུངས་སུ་དབང་བོ་མང་ཤོས་ལ་འགོ་བ་ཡིན།
མཆིན་པར་འགོས་ན་མཆིན་པ་སྐྲངས་ནས་གཟེར་བ་དང་། གློ་བར་འགོས་ན་དབུགས་འཚང་ནས་བྲང་ཁ་གཟེར་བ་སོགས་ཟུག་གཟེར་ཆེ་བའི་ནད་རྟགས་ཡོད། ཀླད་པར་འགོས་ན་ཀླད་རྒྱུངས་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བ་སོགས་ཀྱི་ནད་རྟགས་སྣ་ཚོགས་འབྱུང་། རུས་སྒྲོམ་དུ་འགོས་ན་རུས་རྒྱུ་ལ་གཏོར་བརླག་ཐེབས་ནས་རུས་པ་ཆག་སླ་བ་ཡིན།
དགུ། དྲོད་ཚད་མཐོན་པོས་སྲིན་འབུའི་སྒོ་ང་གསོད་ཐུབ།
ཐུམ་འབུའི་ནད་ཅེས་པ་ནི་རྒྱུ་སྲིན་ལེབ་མོའི་འབུ་ཕྲུག་མི་དང་ནོར་ལུག་སོགས་ཀྱི་ཁོག་པ་ནས་འཚར་ལོངས་བྱུང་བ་ལས་མི་ཕྱུགས་གཉིས་ཀྱི་བདེ་ཐང་ལ་གནོད་འཚེ་ཐེབས་པའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་ལ། ཁ་སྐད་དུ“རྒྱུ་སྲིན་འབུ་ཕྲུག་གི་ནད”ཅེས་ཟེར། མདོ་དབུས་མཐོ་སྒང་དུ། ཁྱི་ནི་ཐུམ་འབུའི་ནད་ཀྱི་འགོ་ཁུངས་གཙོ་བོ་དང་། མཐའ་མཇུག་གི་གནས་སའང་ཡིན། ཁྱི་ཡི་རྒྱུ་ལམ་དུ་རས་སྐུད་ཀྱི་སྣེ་མོའི་ཆེ་ཆུང་ཙམ་གྱི་འབུ་ཕྲུག་དཀར་པོ་མང་པོ་ཡོད་ཅིང་། འབུ་ཕྲུག་རེ་ལའང་ཚིགས་ཆུང་ཁ་ཤས་འདུག་པ་དང་། དེའི་ནང་གི་ཚིགས་ཆུང་མཐའ་མ་ནི་མངལ་གནས་ཡིན་པས། ནང་ན་འབུ་སྒོང་བརྒྱ་ཕྲག་ལྷག་ཡོད།
རང་རྒྱལ་གྱི་ཐུམ་འབུའི་ནད་ཁྱབ་ཡུལ་གྱི་དཔེ་རིས།
རང་རྒྱལ་དུ། གཙོ་བོ་ཕྲ་རིལ་རྒྱུ་སྲིན་ལེབ་མོའི་ནད(ཐུམ་གཟུགས་ཐུམ་འབུའི་ནད)དང་མང་འདུས་རྒྱུ་སྲིན་ལེབ་མོའི་ནད(ལྦུ་གཟུགས་ཐུམ་འབུའི་ནད)གཉིས་ཀྱི་གནོད་འཚེ་ཆེ་བ་ཡིན། མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་མེད་སྟབས། རྒྱུ་སྲིན་ལེབ་མོའི་འབུ་སྒོང་ཟོས་པའམ་ཁོག་ཏུ་བརྔུབས་པ་ལས་ལུས་ལ་ཐུམ་འབུའི་ནད་བྱུང་བ་ཡིན།
ཕྲ་རིལ་རྒྱུ་སྲིན་ལེབ་མོའི་ནད(གཡས)དང་མང་འདུས་རྒྱུ་སྲིན་ལེབ་མོའི་ནད(གཡོན)ཀྱི་མཆེད་རིས།
ཐུམ་འབུའི་ནད་འདི་ནི་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་རྒྱུན་མཐོང་གི་ནད་ཅིག་དང་འབྱུང་རྒྱུ་མང་བའི་ནད་ཅིག་ཡིན་པར་མ་ཟད། ད་དུང་ཤི་ཚད་ཆེས་མཐོ་བའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཀྱང་ཡིན།གཉིས། ཐུམ་འབུའི་ནད་ཀྱི་གནོད་འཚེ་ཅི་འདྲ་ཡིན་ནམ།
ཐུམ་འབུའི་ནད་ཀྱི་བག་ཉལ་དུས་ཡུན་ཅུང་རིང་བ་དང་ནད་པར་ནད་རྟགས་འབྱུང་དུས་ཤ་སྐྲན་ཡང་ཆེན་པོར་གྱུར་ཡོད་སྟབས། གཤགས་བཅོས་བྱེད་པ་ལ་ཉེན་ཁ་ཆེན་པོ་ཡོད། གལ་ཏེ། ཐུམ་འབུའི་ཤ་སྐྲན་གས་པ་ཡིན་ན། ལུས་ལ་ཚོར་སྐྱེན་ཚབས་ཆེན་པོ་འབྱུང་བ་དང་། ཐ་ན་ཚེ་སྲོག་གི་རྒྱུ་བ་འགགས་ཀྱང་སྲིད། ཤ་སྐྲན་ནང་གི་གཤེར་ཁུ་ཁོག་པའི་ནང་ལ་མཆེད་པ་ཡིན་ན། ཐུམ་འབུའི་ནད་ཀྱི་ས་བོན་ཡང་ལུས་ཀྱི་གནས་གང་སར་བཏབ་པ་དང་མཚུངས་པ་ཡིན།
ཐུམ་འབུའི་ནད་ཕོག་པའི་ནད་པ།
ཐུམ་འབུའི་ཤ་སྐྲན་འདི་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། དེ་ཉིད་ཡོད་སའི་དོན་སྣོད་ཚང་མ་ཉམས་འགྲོ། ཤ་སྐྲན་དེ་ཡང་སྐྲན་ནག་ཅིག་དང་འདྲ་བར། ལུས་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་ཡིན། དེར་བརྟེན། ལྦུ་གཟུགས་ཐུམ་འབུའི་ནད་ལ“གཞན་བརྟེན་སྲིན་འབུའི་སྐྲན་ནད”དང“འབྲས་སྐྲན་གཉིས་པ”ཞེས་ཀྱང་ཟེར།གསུམ། ཐུམ་འབུའི་ནད་ཇི་ལྟར་མཆེད་པ་ཡིན་ནམ།
མི་དང་སྒོ་ཕྱུགས་ལ་ཐུམ་འབུའི་ནད་འགོ་བའི་ཁུངས་གཙོ་བོ་ནི་ཁྱི་དང་ཝ་མོ་སོགས་ཀྱི་སྲོག་ཆགས་ཡིན་ལ། རྒྱུ་སྲིན་ལེབ་མོའི་འབུ་སྒོང་དེ་ཁྱི་དང་ཝ་མོ་སོགས་ཀྱི་རྟུག་པ་བརྒྱུད་ནས་ས་གཤིན་དང་ཆུའི་ནང་ནས་འདུག་པར་མ་ཟད། ད་དུང་ལུག་བལ་དང་ཡོ་བྱད་ཐོག་ཏུའང་འབྱར་ནས་འདུག་པ་དང་། དེ་ནས་ཁྱིའི་སྤུ་དང་ལུག་བལ། རྩྭ། ཆུ་སོགས་མི་དང་ཐུག་རེག་བྱུང་བ་ལས། མི་ལའང་ཐུམ་འབུའི་ནད་འདི་འགོ་བ་ཡིན།
ཐུམ་འབུའི་ནད་ཀྱི་མཆེད་ཚུལ་རི་མོ།
རྒྱུ་སྲིན་ལེབ་མོའི་འབུ་སྒོང་ནི་ཧ་ཅང་ཆུང་བས། མིག་གིས་མཐོང་མི་ཐུབ། ནོར་ལུག་སོགས་ཀྱིས་འབུ་སྒོང་གིས་འབག་བཙོག་ཐེབས་པའི་རྩྭ་དང་གཟན་ཆས། ཡང་ན་ཆུའི་རིགས་འཐུང་བ་སོགས་ལས། ཐུམ་འབུའི་ནད་འདི་འགོ་བ་ཡིན།
ཐུམ་འབུའི་ནད་ཀྱི་མཆེད་ཚུལ་རི་མོ།
ཐུམ་འབུའི་ནད་ཀྱི་འགོ་ཁུངས་གཙོ་བོ་ཁྱི་ཡིན་ཞིང་། འདི་ནོར་ལུག་ལ་ཇི་ལྟར་འགོ་བ་དང་། འབུ་སྐྲན་ཡོད་པའི་ཕྱུགས་ཟོག་གི་ནང་ཁྲོལ་ཇི་ལྟར་མེད་པར་བཟོའམ།བཞི། ཁྱི་ནི་ཐུམ་འབུའི་ནད་ཀྱི་འགོ་ཁུངས་གཙོ་བོ་ཡིན།
ཁྱི་ནི་འབྲོག་པ་མང་ཚོགས་ཀྱི་ལག་རོགས་བཟང་པོ་ཞིག་ཡིན། དུས་ཡུན་རིང་བོ་ཞིག་ལ། མཉམ་དུ་འཚོ་བ་རོལ་བའི་དབང་གིས། འབྲོག་པ་མང་ཚོགས་ཀྱིས་ཁྱི་ཡི་ལུས་ན་མི་ལ་འགོ་བའི་ནད་ཡོད་པར་དོ་སྣང་མི་བྱེད་པ་རེད། ཡིན་ནའང་། ཁྱི་ཡི་ལུས་ན་མི་དང་ཕྱུགས་ཟོག་ལ་འགོ་བའི་ནད་རིགས53ཙམ་ཡོད།
ཐུམ་འབུའི་འབུ་ཕྲུག་ནི་ཁྱིའི་རྒྱུ་ལམ་དུ་གནས་ཡོད་ལ། ཁྱིའི་རྒྱུ་ལོང་ནང་དུ་འབུ་སྲིན་དུ་གྱུར་པའི་གྲངས་ཀ་ཁྲི3ལས་བརྒལ་ཡོད་ཅིང་། ཉིན་རེ་ལ་འབུ་སྒོང་མང་པོ་ཕྱིར་གཏོང་ཐུབ། འབུ་སྒོང་ཁྱི་ཡི་རྟུག་པའི་མཉམ་དུ་གང་སར་ཁྱབ་ནས་ཆུ་ཁུངས་དང་རྩྭ་ཐང་། ས་གཤིན་སོགས་ལ་འབག་བཙོག་བཟོ་བར་མ་ཟད། ད་དུང་ཁྱིའི་སྤུ་ལྷུང་ཡུལ་དང་དེ་འབྲེལ་གྱི་དངོས་པོ་ལ་རེག་ཐུག་བྱས་པ་ལས། ཐུམ་འབུའི་ནད་འདི་ཡང་འགོ་བར་འགྱུར།
ལྔ། ནོར་ལུག་ལ་ཐུམ་འབུའི་ནད་ཇི་ལྟར་འགོ་བ་ཡིན་ནམ།ཐུམ་འབུའི་ནད་ཀྱི་སྲིན་འབུ་ཡོད་པའི་ཁྱི་ཡིས་ཕྱིར་བཏང་བའི་འབུ་སྒོང་རྩྭ་ཐང་དང་ཆུ་ཁུངས་སོགས་སུ་ལུས་པ་ལས། ནོར་ལུག་གིས་རྩྭ་ཟ་བ་དང་ཆུ་འཐུང་བའི་སྐབས། ཐུམ་འབུའི་ནད་ཀྱི་འབུ་སྒོང་ཁོག་ལ་སོང་སྟེ་ནོར་ལུག་གི་མཆིན་པ་དང་གློ་བའི་ཐོག་ཏུ་ཁྱབ་སྟེ་ཐུམ་འབུའི་ནད་བྱུང་བ་ཡིན། དྲུག འབུ་སྐྲན་ཡོད་པའི་ཕྱུགས་ཟོག་གི་ནང་ཁྲོལ་ཇི་ལྟར་མེད་པར་བཟོ་འམ།
འབུ་སྐྲན་ཡོད་པའི་ཕྱུགས་ཟོག་གི་ནང་ཁྲོལ་ནི་ཁྱི་ལ་ཐུམ་འབུའི་ནད་ཀྱི་འབུ་སྲིན་འགོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ཐུམ་འབུའི་འབུ་སྲིན་ཡོད་པའི་ནང་ཁྲོལ་འདིའི་རིགས་ཁྱི་ཡིས་ཟོས་རྗེས། ཁྱི་ལའང་ཐུམ་འབུའི་ནད་འདི་འགོས་པ་དང་། དེ་ནས་ཁྱི་རྟུག་ལས་འབུ་སྒོང་མང་པོ་གང་སར་ཁྱབ་ཏུ་འཇུག་པ་རེད། དེར་བརྟེན། ཕྱུགས་ཟོག་བཤའ་བ་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འབུ་སྐྲན་ཡོད་པའི་ཕྱུགས་ཟོག་གི་ནང་ཁྲོལ་གང་བྱུང་དུ་འཕེན་པ་བཀག་ཏེ་ཕྱུགས་ཟོག་དང་ཁྱི་ཡི་བར་ལ་མཆེད་པར་གཏན་འགོག་བྱེད་དགོས།
ཀ བཤས་ར་ཡིས་རང་འགུལ་ངང་འབྲེལ་ཡོད་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱས་ཏེ་ནད་ཡོད་ནང་ཁྲོལ་ཚང་མ་གཅིག་བསྡུས་ཀྱིས་ས་འོག་ཏུ་འཇུག་པའམ་མེར་བསྲེག་དགོས།
ག རང་བཞིན་གྱིས་ཤི་བའི་ཕྱུགས་ཟོག་གི་རོ་འཕྲལ་མར་ས་འོག་ཏུ་བཅུག་སྟེ་ཁྱི་ལྡོམ་དང་སྒོ་ཁྱི་ཡིས་བཟའ་མི་ཐུབ་པར་བྱེད་དགོས།
མི་ལ་ཐུམ་འབུའི་ནད་ཇི་ལྟར་འགོ་བ་དང་དེ་ལ་ནད་རྟགས་ཅི་ཡོད་དམ། ཚ་བས་ཐུམ་འབུའི་སྒོ་ང་གསོད་ཐུབ་བམ།
བདུན། མི་ལ་ཐུམ་འབུའི་ནད་ཇི་ལྟར་འགོ་བ་ཡིན་ནམ།
མི་ལ་ཐུམ་འབུའི་ནད་འགོས་པ་ནི་ཐུམ་འབུའི་སྒོ་ང་ཟ་ཉེས་བྱས་ནས་བྱུང་བ་ཡིན་པ་ལས་ཐུམ་སྐྲན་ཅན་གྱི་ནོར་ལུག་གི་ཤ་ཟོས་ནས་འགོས་པ་མིན། ཁྱི་དང་མཉམ་དུ་འདུག་སྐབས་དང་། ཁྱི་དང་ཝ་ཡི་རྟུག་པས་སྦགས་པའི་ཆུ་དང་ཟས་རིགས་ཟོས་རྗེས། ཐུམ་འབུའི་སྒོ་ང་རྒྱུ་མ་དང་ཕོ་བའི་ནང་དུ་འཛུལ་བ་དང་། དེ་ནས་རིམ་པར་རྒྱུ་མའི་རྩ་ཕྲན་དང་རྨེན་བུའི་བུ་ག་བརྒྱུད་ནས་ཁྲག་གི་འཁོར་རྒྱུག་དང་འགྲོགས་ཏེ་མིའི་དོན་ལྔ་སྣོད་དྲུག་ཚང་མར་ཁྱབ་པར་མ་ཟད། ད་དུང་དོན་སྣོད་ཀྱི་གནས་གང་ལ་ཁྱབ་ས་དེ་ནས་འཚར་ལོངས་འབྱུང་ཐུབ་པ་ཡིན།
ཐུམ་སྐྲན་མང་ཆེ་བ་ནི་མིའི་གློ་བ་དང་མཆིན་པར་གནས་ཡོད།བརྒྱད། ཐུམ་འབུའི་ནད་འགོས་ཚེ་རྒྱུན་ལྡན་མིན་པའི་སྣང་ཚུལ་གང་དག་ཡོད་དམ། ཐུམ་འབུའི་ནད་ནི་མི་ལུས་ཀྱི་ཆ་ཤས་གང་རུང་ལ་བརྟེན་ནས་གསོན་ཐུབ་པ་དང་། དུས་མཚུངས་སུ་དབང་བོ་མང་ཤོས་ལ་འགོ་བ་ཡིན།
མཆིན་པར་འགོས་ན་མཆིན་པ་སྐྲངས་ནས་གཟེར་བ་དང་། གློ་བར་འགོས་ན་དབུགས་འཚང་ནས་བྲང་ཁ་གཟེར་བ་སོགས་ཟུག་གཟེར་ཆེ་བའི་ནད་རྟགས་ཡོད། ཀླད་པར་འགོས་ན་ཀླད་རྒྱུངས་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བ་སོགས་ཀྱི་ནད་རྟགས་སྣ་ཚོགས་འབྱུང་། རུས་སྒྲོམ་དུ་འགོས་ན་རུས་རྒྱུ་ལ་གཏོར་བརླག་ཐེབས་ནས་རུས་པ་ཆག་སླ་བ་ཡིན།
དགུ། དྲོད་ཚད་མཐོན་པོས་སྲིན་འབུའི་སྒོ་ང་གསོད་ཐུབ།
ཐུམ་འབུའི་སྒོ་ང་ནི་ཧ་ཅང་ཆུང་ལ། སྐྲའི་ཉག་མ་ཞིག་གི་ཚངས་ཕྱེད་ཙམ་ལས་མེད་པས། མིག་གིས་མཐོང་དཀའ་བ་ཡིན། འབུ་སྒོང་ལ་དྲོད་ཚད་དམའ་བ་དང་སྐམ་ཤས་ཆེ་བ། རྫས་འགྱུར་སྨན་རྫས་བཅས་འགོག་པའི་ནུས་པ་ཧ་ཅང་ཆེན་པོ་ཡོད། རང་བྱུང་ཁོར་ཡུག་ཁྲོད་དུ་ལོ་གཅིག་ནས་གཉིས་ཙམ་ལ་གནས་ཐུབ་པར་མ་ཟད། 75%ཅན་གྱི་ཆང་བཅུད་ཀྱིས་འབུ་སྒོང་གསོད་ཀྱང་མི་ཐུབ། ཡིན་ནའང་། འབུ་སྒོང་འདི་དྲོད་ཚད་མཐོན་པོའི་ནང་དུ་གནས་མི་ཐུབ་ཅིང་། དྲོད་ཚད་ཏུའུ60ནས80ཡི་ཆུ་ཁོལ་མའི་ནང་དུ་སྐར་མ་བཅུ་ཙམ་དང་ཏུའུ100ཡི་ཆུ་ཁོལ་མའི་ནང་དུ་སྐར་མ་གཅིག་ཙམ་ལ་གདུས་ན། དེ་མ་ཐག་ཏུ་འཆི་བ་ཡིན། དུག་སེལ་བྱེད་སྐབས། 3.75%ཡི་སྐྱུར་རྫསNaOCIའདི་སྤྱད་ན། ད་གཟོད་ཐུམ་འབུའི་སྒོ་ང་མེད་པར་གཏོང་ཐུབ།
འབྲེལ་ཡོད་འོས་སྦྱོར།