༄༅།།ཐུམ་འབུའི་ནད་སྔོན་འགོག་བྱེད་པའི་ཐབས་ཤེས་གལ་ཆེན་བདུན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2020-11-30
ཀློག་གྲངས།:
དང་པོ། ལག་པ་གཙང་མར་བཀྲུ་བ།
ལག་པ་གཙང་མར་བཀྲུ་བ་ནི་ལག་ལེན་དུ་བསྟར་བདེ་ལ་ཕན་ནུས་ཆེན་པོ་ལྡན་པའི་ནད་འགོག་ཐབས་ལམ་གོ་ཆོད་ཅིག་ཡིན། ལག་པས་རྒྱུན་པར་དངོས་པོ་གང་མང་ཞིག་ལ་ཐུག་རེག་བྱེད་བཞིན་ཡོད་སྟབས། ལག་པར་མི་གཙང་བ་འགོས་ཡོད་མེད་ནི་མིག་གིས་མཐོང་བ་དང་མི་མཐོང་བ་གཉིས་ཀ་ཡོད། དེ་བས། ལག་པ་གཙང་མར་བཀྲུ་རྒྱུ་ནི་ཧ་ཅང་གལ་ཆེ། ལྷག་པར་དུ་བཟའ་བཏུང་སྤྱོད་པའི་སྔོན་དང་། ཁྱི་དང་མཉམ་དུ་རོལ་རྩེད་བྱས་པའི་རྗེས་སུ། ལག་པ་ངེས་པར་དུ་གཙང་མར་བཀྲུ་དགོས།
ལག་པ་གཙང་མར་བཀྲུ་བ་ལ། གཅིག་ནས་བཞུར་ཆུ་ཡིས་བཀྲུས་ན་ཧ་ཅང་བཟང་། གཉིས་ནས་ལག་པར་བཀྲུ་བར་འདག་རྫས་སམ་ཁྲུས་རྫས་སྤྱོད་དགོས། གསུམ་ནས་རྒྱུན་པར་ལག་པའི་སེན་མོ་བཏོག་དགོས།
གཉིས་པ། སྒོ་ཁྱི་དང་མཉམ་དུ་མི་རྩེ་བ། གལ་ཏེ་ཁྱིམ་ཚང་དུ་ཁྱི་ཡོད་ན། ཁྱིམ་བདག་གིས་ཕྲུ་གུ་དང་ཁྱི་གཉིས་མཉམ་དུ་རྩེ་རུ་འཇུག་མི་རུང་ལ། ཕྲུ་གུ་ཡིས་ཁྱི་ལ་འོ་སོགས་བྱེད་མི་རུང་བའི་སློབ་གསོ་གཏོང་དགོས། སྒོ་ཁྱི་བཏགས་ནས་གང་སར་རྒྱུ་རུ་མ་བཅུག་ན། དེ་བས་ཀྱང་བདེ་འཇགས་ཡིན།
གསུམ་པ། ཁོར་ཡུག་ལ་གཙང་སྦྲ་ལེགས་པོ་བྱེད་པ། ཁོར་ཡུག་ལ་འབག་བཙོག་མི་བཟོ་བ་དང་ཐུམ་འབུའི་ནད་ལ་སྔོན་འགོག་བྱེད་ཆེད། རྒྱུན་པར་རང་ཉིད་སྡོད་སའི་ཁང་བ་དང་སྦྲ་གུར་གྱི་ཕྱི་ནང་བར་གསུམ་ལ་གཙང་སྦྲ་ལེགས་པོ་བྱེད་དགོས།
བཞི་བ། མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་པ།
རྟ་ནོར་ལུག་གསུམ་དང་སྒོ་ཁྱི་སོགས་ལ་ཐུག་རེག་བྱེད་སྐབས། མི་སྒེར་གྱི་འགོག་སྲུང་བྱ་བ་ནན་མོར་བསྒྲུབ་དགོས། གཞན་བརྟེན་སྲིན་འབུའི་འབུ་སྒོང་ཧ་ཅང་ཆུང་ཞིང་ཡང་བས། རླུང་ལ་བརྟེན་ནས་མིའི་དབུགས་ལམ་དང་མིད་པ་བརྒྱུད་དེ་ཁོག་པའི་ནང་ལ་འཛུལ་རྗེས། ཐུམ་འབུའི་ནད་སློང་བར་བྱེད་པ་ཡིན། དེ་མིན་ད་དུང་ནམ་རྒྱུན་གྱི་ཀོ་ལྤགས་མཉེད་པ་དང་བལ་རྩིད་འབྲེག་པ་སོགས་ཀྱི་སྐབས་སུའང་། ངེས་པར་དུ་ཁ་ཐུམ་རྒྱག་པ་དང་ལག་འབོལ་གོན་དགོས་ལ། ལས་ཀ་རྫོགས་རྗེས་ལག་པ་གཙང་མར་བཀྲུ་དགོས།
ལྔ་བ། བཟའ་བཏུང་སྐོར་ལ་མཉམ་འཇོག་བྱེད་པ། བཟང་བཏུང་སྤྱོད་པའི་སྐབས། ཆུ་འཁྱགས་པ་དང་འོ་མ་རློན་པ་འཐུང་མི་རུང་ལ། སིལ་ཏོག་དང་སྔོ་ཚལ་སོགས་གཙང་མར་བཀྲུ་དགོས།
དྲུག་པ། ཆུ་མགོ་ལ་སྲུང་སྐྱོབ་བྱེད་པ།
འབྲོག་པའི་སྡོད་གནས་ནི་རྩྭ་ཆུ་གཉིས་འཛོམས་ཀྱི་ས་ཆ་ཡིན། སྒོ་ཁྱིའམ་ནོར་ལུག་སོགས་ཀྱིས་རང་འདོད་ལྟར་ཆུ་འཐུང་བ་ཡིན་པས། ཐུམ་འབུའི་ནད་ཀྱང་འགོ་སླ་བ་ཡིན། དེར་བརྟེན། སྒོ་ཁྱི་བཏགས་ནས་ཆུ་མགོ་ལ་འབག་བཙོག་གཏོང་བར་སྔོན་འགོག་བྱེད་དགོས།
བདུན་པ། སྒོ་ཁྱི་ལ་བརྟག་དཔྱད་དང་འབུ་འདེད་བྱེད་པ། ཁྱི་ཡི་རྒྱུ་ལམ་གྱི་འབུ་ཕྲུག་ལ་བརྟག་དཔྱད་དང་འབུ་འདེད་བྱས་ཆོག ཆེད་ལས་མི་སྣས་ཁྲག་དྭངས་རིག་པ་དང་རིམས་འགོག་རིག་པ། ཆིང་ཞིའུ་སྐྱུར་གོ་ཡུ་བུལ་(氢溴酸槟榔碱)འབུ་འདེད་བྱེད་ཐབས་སོགས་སྤྱད་ནས་སྒོ་ཁྱི་ལ་ཐུམ་འབུའི་ནད་ཀྱི་འབུ་ཕྲུག་འགོས་ཡོད་མེད་བརྟག་དཔྱད་ཐུབ་ལ། གལ་ཏེ་འབུ་ཕྲུག་ཡོད་ཚེ། པིས་ཁེ་ཐོང་(吡喹酮)སྤྱད་ནས་འབུ་འདེད་བྱས་ཆོག ལྷག་པར་དུ། “སྒོ་ཁྱི་རེ་ལ་སྨན་ལྡུད་པ་དང་། ཟླ་བ་རེ་ལ་འབུ་འདེད་ཐེངས་རེ་བྱེད་དགོས”ཞེས་པ་ལག་ལེན་དུ་བསྟར་ན་ཕན་འབྲས་ཧ་ཅང་བཟང་།
སྒོ་ཁྱི་བཏགས་ནས་འཇོག་པ་དང་ནང་ཁྲོལ་རློན་པའི་རིགས་མི་སྟེར་བ་ལས་གཞན། ད་དུང་། དུས་བཅད་ལྟར་སྒོ་ཁྱི་ལ་འབུ་འདེད་བྱེད་པ་དང་། ཁྱི་རྟུག་ཚང་མ་དུས་ཐོག་ཏུ་གཙང་སྦྲ་བྱས་ཏེ་མེ་ལ་བསྲེགས་པའམ་ཡང་ན་ས་འོག་ཏུ་འཇུག་དགོས།

འབྲེལ་ཡོད་འོས་སྦྱོར།