༄༅།།འཛམ་གླིང་མཁལ་ནད་ཉིན་མོ།
རྩོམ་པ་པོ།:གངས་སྨྱུག་འཛིན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-03-02
ཀློག་གྲངས།:
འཛམ་གླིང་གི་མཁལ་ནད་ཉིན་མོ་དེ་རྒྱལ་སྤྱིའི་མཁལ་ནད་སློབ་ཚོགས་དང་རྒྱལ་སྤྱིའི་མཁལ་མའི་ཐེབས་རྩ་མནའ་འབྲེལ་གྱིས་མཉམ་དུ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་༢༠༠༦ལོ་ནས་བཟུང་ཏེ་ལོ་ལྟར་གྱི་ཟླ་༣པའི་གཟའ་ཕུར་བུ་གཉིས་པར་འཛམ་གླིང་མཁལ་ནད་ཉིན་མོ་གཏན་འཁེལ་བྱས་ཡོད། དེའི་དམིགས་ཡུལ་ནི་མི་རྣམས་ཀྱིས་དལ་བའི་རང་བཞིན་གྱི་མཁལ་མའི་ནད་དང་དེ་དང་འབྲེལ་བ་ཡོད་པའི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་འབྱུང་ཚད་མཐོ་བ་དང་ཤི་ཚད་མཐོ་བའི་མིའི་ངོས་འཛིན་ཇེ་མཐོར་གཏོང་རྒྱུ་དེ་ཡིན། མི་རྣམས་ལ་སྔ་དུས་ཞིབ་དཔྱད་ཚད་ལེན་དང་དལ་གཤིས་མཁལ་ནད་སྔོན་འགོག་བྱ་རྒྱུ་ནི་མིག་སྔར་གོ་ལ་ཧྲིལ་པོར་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་ཤེས་སུ་འཇུག་དགོས།
མིའི་ལུས་ཕུང་ལ་མཁལ་མ་གཉིས་ཡོད་དེ། སྒལ་གཞུང་གི་ལོགས་གཉིས་སུ་གནས་པ་དང་། མཁལ་མའི་ལྗིད་ཚད་མི་ཆེ་མོད། འོན་ཀྱང་དེའི་བྱེད་ནུས་ཧ་ཅང་ཆེ་བས་མིའི་ལུས་ཁམས་ཀྱི་རྙིང་ཚབ་གསར་བརྗེ་ལས་བྱུང་བའི་དུག་རྒྱུ་གཙང་སེལ་བྱེད་ཐུབ་པ་མ་ཟད། ད་དུང་མིའི་ལུས་ཀྱི་ཆུ་དང་།གློག་འབྱེད་རྫས་电解质དང་སྐྱུར་བུལ་酸碱དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱེད་པའི་ཐད་ལ་སྙོམ་སྒྲིག་གི་ནུས་པ་འདོན་ཐུབ། དེ་ཡང་མིའི་ལུས་སྟེང་གི་ཁོར་ཡུག་གཏན་འཇགས་རྒྱུན་འཁྱོངས་བྱེད་པའི་ཐད་དུ་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། དེས་ད་དུང་སྐུལ་རྩི་激素ཟགས་ཐོན་བྱེད་པ་དང་། མིའི་ཁྲག་ཤེད་སྙོམས་སྒྲིག་བྱེད་པ། རུས་རྐང་ནང་གི་ཕྲ་ཕུང་དམར་པོ་སྨིན་པ། མི་ལུས་ཀྱི་ཁྲག་ཞན་པ་རྒྱུན་འཁྱོངས་བྱེད་པ་སོགས་ཡིན།
མཁལ་ནད་འབྱུང་ཚད་མཐོ་ལ། (རྒྱུན་ལྡན་གྱི་མི་ཚོགས་ཕལ་ཆེར་6.1-10%)མ་ཟད། སྔ་དུས་སུ་ནད་རྟགས་ཅི་ཡང་མེད། རང་རྒྱལ་དུ་ཕལ་ཆེར་ནད་པ་དུང་ཕྱུར་༡ཙམ་ཡོད་པ་དང་། རང་ཉིད་ལ་ནད་ཕོག་པ་དང་གསོ་བཅོས་བྱེད་མཁན་ཧ་ཅང་ཉུང་བས། ནད་པ་མང་པོ་ཞིག་གིས་མཁལ་ནད་ཡོད་པ་མ་རྟོགས་པར་ནད་ཚབས་ཇེ་ཆེར་འགྲོ་སྐབས་ད་གཟོད་ཤེས་ཀྱི་ཡོད། སྐབས་འདིར་གསོ་བཅོས་བྱེད་པར་ཧ་ཅང་དཀའ་བ་དང་ཐ་ན་གསོ་བཅོས་བྱེད་པའི་ནུས་པ་མེད། རྒྱུ་མཚན་ནི་མཁལ་ནད་ཀྱིས་རྐྱེན་པས་མཁལ་མའི་ནུས་པ་ཉམས་པ་དང་། ལྷག་པར་དུ་ང་ཚོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་ཆེ་བར་མཁལ་མ་ཉམས་ཟད་肾衰竭ལ་ཕན་ནུས་ལྡན་པའི་གསོ་བཅོས་བྱེད་ཐུབ་ཀྱི་མེད་པ་རེད། སྤྱིར་བཏང་གི་མཁལ་མ་ཉམས་ཟད་ཀྱི་ནད་པ(གཅིན་དུག་ནད་ཀྱང་ཟེར་)ལོ་གཅིག་ལ་སྨན་བཅོས་འགྲོ་གྲོན་མི་དམངས་ཤོག་སྒོར་ཁྲི་༡༠ཙམ་འགྲོ་ཡི་ཡོད། རྒྱལ་ཡོངས་སུ་ལོ་རེར་གཅིན་དུག་ཕོག་པའི་ནད་པ་1/10ཙམ་ལ་མཁལ་མ་སྤོ་འཛུགས་ཀྱི་གཤགས་བཅོས་བྱེད་ཀྱི་ཡོད་ཅིང་།ནད་པ་མང་ཆེ་བར་སྡུག་བསྔལ་གྱི་ནད་ལས་མནར་གྱི་ཡོད།
གཅིན་དུག་ཕོག་པ་དང་CKD(དལ་གཤིས་མཁལ་ནད་)ཀྱི་སྙིང་ཁམས་ཁྲག་རྩའི་ནད་འབྱུང་ཚད་མཐོ་བའི(ཕལ་ཆེར་རྒྱུན་ལྡན་མི་ཚོགས་ཀྱི་ལྡབ་༣༥ཡིན་)གཅིན་དུག་ནད་དང་CKD(དལ་གཤིས་མཁལ་ནད་)མང་ཆེ་བ་ནི་ཀླད་སྙིང་ཁྲག་རྩའི་ནད་ཀྱིས་ཤི་བ་ཡིན་པས། དལ་གཤིས་མཁལ་མའི་ནད་ཀྱི་འགོག་བཅོས་ཁྲོད་ཐོག་མར་སྙིང་ཁམས་ཁྲག་རྩའི་ནད་ཀྱི་འགོག་བཅོས་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་། ཚད་ལྡན་ཅན་གྱི་གསོ་བཅོས་བྱེད་དགོས་ལ་ནད་པའི་ཁྲག་ཤེད་དང་ཁྲག་ཚིལ། ཁྲག་མངར་བཅས་ཚོད་འཛིན་བྱེད་པ་དང་ལྷན་དུ་བཟའ་བཏུང་ལུགས་མཐུན་གྱིས་འཚོ་བཅུད་ལ་དོ་སྣང་བྱེད་པ་དང་། གོམས་གཤིས་ངན་པ་བསྒྱུར་བ་བཅས་བྱེད་དགོས།
འཛམ་གླིང་མཁལ་ནད་ཉིན་མོའི་བརྗོད་བྱ་གཙོ་བོ།
འཛམ་གླིང་མཁལ་མའི་ཉིན་མོ། (World Kidney Day)༢༠༠༦ལོར་རྒྱལ་སྤྱིའི་མཁལ་ནད་སློབ་ཚོགས་དང་རྒྱལ་སྤྱིའི་མཁལ་མའི་ཐེབས་རྩ་མཉམ་འབྲེལ་གྱིས་འཛུགས་རྒྱུའི་གྲོས་འགོ་བཏོན་པ་ནས་བཟུང་ལོ་རེའི་ཟླ་༣པའི་གཟའ་ཕུར་བུ་གཉིས་པར་གཏན་འཁེལ་བྱས་ཡོད།
སྐབས་དང་པོ། ༢༠༠༦ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༩ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་“དལ་བའི་མཁལ་ནད་ཀྱི་ཐོག་མའི་ཞིབ་དཔྱད་ཚད་ལེན་དང་སྔོན་འགོག་བྱེད་”ཅེས་པ་དེ་རེད།
སྐབས་གཉིས་པ། ༢༠༠༧ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས༨ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་“ཁྱེད་ཀྱི་མཁལ་མའི་གནས་ཚུལ་ཤེས་རྟོགས་བྱེད་”ཅེས་པ་དེ་ཡིན།
སྐབས་གསུམ་པ། ༢༠༠༨ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༡༣ཉིན་ཡིན་པ་དང་།བརྗོད་དོན་གཙོ་བོ་ནི་“ངོ་མཚར་ཆེ་བའི་མཁལ་མ”ཞེས་པ་དེ་རེད།
སྐབས་བཞི་པ། ༢༠༠༩ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༡༢ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་“ཁྲག་ཤེད་བརྟན་དུ་བཏང་ནས་མཁལ་མའི་བདེ་ཐང་རྒྱུན་འཁྱོངས་བྱེད་དགོས་”ཞེས་པ་དེ་རེད།
སྐབས་ལྔ་པ། ༢༠༡༠ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༡༡ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་“ཁྱེད་ཀྱི་མཁལ་མར་སྲུང་སྐྱོང་བྱས་ནས་གཅིན་སྙི་ཟ་ཁུའི་ནད་ཚོད་འཛིན་བྱེད་དགོས་”ཞེས་པ་དེ་རེད།
སྐབས་དྲུག་པ། ༢༠༡༡ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༡༠ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་“མཁལ་མར་སྲུང་སྐྱོང་དང་སྙིང་ནད་བཅོས་པ་”ཞེས་པ་དེ་ཡིན།
སྐབས་བདུན་པ། ༢༠༡༢ལོའི་འཛམ་གླིང་མཁལ་ནད་ཉིན་མོར་ཟླ་༣ཚེས་༨ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་“མཁལ་མ་ཞལ་འདེབས་ཕུལ་ནས་ཚེ་སྲོག་རྒྱུན་མཐུད་བྱེད་”ཅེས་པ་དེ་རེད།
སྐབས་བརྒྱད་པ། ༢༠༡༣ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༡༤ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ“གློ་བུར་དུ་བྱུང་བའི་མཁལ་མའི་གནོད་འཚེ་འགོག་བཅོས་བྱེད་དགོས་”ཞེས་པ་དེ་ཡིན་པ་རེད།
སྐབས་དགུ་པ། ༢༠༡༤ལོའི་འཛམ་གླིང་མཁལ་ནད་ཉིན་མོར་ཟླ་༣ཚེས་༡༢ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་“རྒན་རྒོན་གྱི་མཁལ་ནད་འགོག་བཅོས་བྱེད་དགོས་”ཞེས་པ་དེ་རེད།
སྐབས་བཅུ་པ། ༢༠༡༥ལོའི་འཛམ་གླིང་མཁལ་ནད་ཀྱི་ཉིན་མོ་ནི་ཟླ་༣ཚེས་༡༢ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་“མི་ཚང་མའི་མཁལ་མའི་བདེ་ཐང་”ཞེས་པ་དེ་ཡིན།
སྐབས་བཅུ་གཅིག་པ། ༢༠༡༦ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༡༠ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི་“མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་གང་མགྱོགས་སྔོན་འགོག་བྱེད་དགོས་”ཞེས་པ་དེ་རེད།
སྐབས་བཅུ་གཉིས་པ།༢༠༡༧ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༩ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“རྒྱགས་པ་དང་མཁལ་ནད་རྒྱང་དུ་བསྐྱེད་པ་”ཞེས་པ་དེ་རེད།
སྐབས་བཅུ་གསུམ་པ། ༢༠༡༨ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༨ཉིན་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“མཁལ་མ་དང་བུད་མེད་ཀྱི་བདེ་ཐང་”མཁལ་ནད་ལ་དོ་ཁུར་དང་བུད་མེད་ཀྱི་བདེ་ཐང་ལ་གཅེས་སྐྱོང་བྱ་ཞེས་པ་དེ་རེད།
སྐབས་བཅུ་བཞི་པ། ༢༠༡༩ལོའི་འཛམ་གླིང་མཁལ་ནད་ཉིན་མོ་ནི་ཟླ་༣ཚེས་༡༤ཉིན་ཡིན་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་མཁལ་མའི་བདེ་ཐང་”ཞེས་པ་དེ་རེད།
རྒྱལ་སྤྱིའི་གསོ་རིག་གྲོས་ཚོགས་ཞེས་པའི་དྲ་ཚུགས་ལས་གནས་ཚུལ་སྤེལ་གསལ་ད་ལོ་༢༠༢༠ལོའི་ཟླ་བ་༣ཚེས་༢༦~༢༩བར་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ཀྱི་མཁལ་ནད་གསོ་རིག་སློབ་ཚོགས་(EMAN)དང་མཉམ་དུ་གཙོ་གཉེར་བྱས་པའི་ཆེད་དོན་གྲོས་བསྡུར་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པ་རེད། ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བ་དང་གསོ་སྦྱོང་གི་སློབ་ཁྲིད་གནང་བ་མ་ཟད། མཁལ་ནད་རིག་པའི་ཁྱབ་ཁོངས་ཀྱི་ཚན་རིག་གསར་ཤོས་དང་སློབ་གསོ་གསར་ཤོས་མཁོ་འདོན་བྱས་ཏེ་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་རིགས་གཅིག་མཁས་ཅན་དག་ཕན་ཚུན་བསམ་ཚུལ་མཉམ་སྤྱོད་དང་ཕན་ཚུན་སློབ་སྦྱོང་བྱས་ནས་མཁལ་ནད་ལ་སྔར་བའི་རྒྱུད་མངའ་གཏིང་ཟབ་གཏོང་འཆར་ཡོད་པ་རེད།
གཞན་ཡང་ISNགྱིས་འཛམ་གླིང་གི་ས་ཁུལ་མི་འདྲ་བར་ཁག་ཏུ་རྒྱལ་སྤྱིའི་མཁལ་ནད་རིག་པའི་ལས་རིགས་ཀྱི་སྔོན་ཐོན་སློབ་གསོའི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།
འོ་ན་ནམ་རྒྱུན་འཚོ་བའི་ཁྲོད་དུ་ང་ཚོས་མཁལ་མ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ་ཞེ་ན།
༡.བཟའ་བཏུང་དོ་མཉམ་བྱེད་པ། མཁལ་མའི་ནད་རིགས་མང་པོ་ནི་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་ལས་བྱུང་བ་ཡིན་པས། བདེ་ཐང་གི་བཟའ་བཏུང་གིས་མཁལ་ནད་སློང་བའི་རྒྱུན་མཐོང་གི་རྒྱུ་རྐྱེན་སྔོན་འགོག་བྱེད་ཐུབ།
༢.དུས་བཀག་ལྟར་སྦྱོང་བརྡར་བྱེད་པ། ཉིན་རེར་སྐར་མ་༣༠ལ་སྦྱོང་བརྡར་བྱས་ན་ཁྲག་ཤེད་མཐོ་བའི་ནད་དང་ཚོ་ཆེ་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ། དེ་གཉིས་ཀ་མཁལ་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཡིན།
༣.ཆུ་འོས་འཚམ་འཐུང་བ། ཆུ་མང་པོ་འཐུང་ན་མཁལ་མའི་ལུས་ཀྱི་ནཱ་(钠)དང་གཅིན་རྒྱུ། དུག་རྒྱུ་བཅས་གཙང་སེལ་བྱེད་པར་ཕན་ཞིང་། དལ་གཤིས་མཁལ་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ཉིན་རེར་ཆུ་ཕོར་པ་༦-༨འཐུང་དགོས། (འོན་ཀྱང་ལོ་ན་བཞི་བཅུ་ཡན་དང་ལྷག་དོན་ལྒང་པ་གཉན་ཁ་ཡོད་པ། ལྒང་པའི་རྨེན་བུའམ། ཆུ་རྨེན་ནད་ཡོད་པའི་ནད་པས་ཕྱི་དྲོ་ནས་བཟུང་སྟེ་ཆུ་མང་པོ་བཏུང་མི་ཉན།)
༤.ཚྭ་ཚོད་འཛིན་བྱེད་པ། ནཱ་钠ཚྭ་ཟ་ཚད་ཇེ་ཉུང་དུ་བཏང་སྟེ། ནཱ་钠འདུས་ཚད་mg<d2300རྒྱུན་འཁྱོངས་བྱེད་དགོས།
༥.ཆང་ཚོད་འཛིན། ཉིན་རེར་ཆང་ཕོར་གང་འཐུང་ན་མཁལ་མ་ལ་གནོད་པ་དང་། རྒྱུན་ལྡན་གྱི་ནུས་པར་གནོད་པ་ཡོད།
༦.ཐ་མག་གཅོད་པ། ཐ་མག་འཐེན་ན་ཁྲག་རྩ་འཁུམ་པ་དང་། མཁལ་མའི་ཁྲག་རྒྱུག་ཚད་ཇེ་ཉུང་དུ་སོང་ནས་རྒྱུན་ལྡན་གྱི་ནུས་པར་ཤུགས་རྐྱེན་ཐེབས་སྲིད། གཞན་ཡང་ཐ་མག་འཐེན་ན་མཁལ་མའི་འབྲས་སྐྲན་གྱི་ཉེན་ཁ་50%ཇེ་ཆེར་འགྲོ་ཡི་ཡོད།
༧.སྨན་གང་བྱུང་དུ་སྤྱོད་མི་རུང་བ། སྨན་ལ་སྨན་པའི་སྨན་ཐོ་མི་དགོས་པར་རང་དགར་ཉོ་ཆོག་མོད། འོན་ཀྱང་ལུས་པོར་གནོད་པ་མེད་པ་མཚོན་མི་ཐུབ། 布洛芬པུ་ལོ་ཧྥེན་དང་ནེན་ཕུའུ་ཧྲེང་萘普生སོགས་སྨན་གང་བྱུང་དུ་སྤྱད་ན་མཁལ་མ་ལ་གནོད་སྐྱོན་བཟོ་གི་ཡོད།
༨.དུས་བཅད་ལྟར་ཞིབ་བཤེར་བྱེད་པ། མཁལ་མར་མཚོན་ནས་བཤད་ན། གཅིན་པའི་རྒྱུན་སྲོལ་ལ་བརྟག་དཔྱད་བྱས་ན་རིན་ཐང་ལྡན་ལ་འགྲོ་གྲོན་ཡང་ཆུང་བས་དུས་བཅད་ལྟར་གཅིན་པའི་རྒྱུན་སྲོལ་དང་བརྟག་དཔྱད་གཞན་དག་བྱས་ཏེ་སྔ་མོ་ནས་རྒྱུན་ལྡན་མིན་པའི་ནད་གཞི་ཡོད་མིན་བརྟག་དགོས།
མཁལ་མའི་རོ་བཀྲ།

འབྲེལ་ཡོད་འོས་སྦྱོར།