༄༅།།ས་མུན་འཐིབ་སྐབས་བདེ་ཐང་སྲུང་ཐབས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2021-03-17
ཀློག་གྲངས།:
ས་མུན་གནམ་གཤིས་འབྱུང་སྐབས། སྦགས་བཙོག་འདྲེས་པའི་ཐལ་རྡུལ་སོགས་ཁ་མིག་རྣ་སྣ་སྐྱི་པགས་སོགས་བརྒྱུད་ནས་མིའི་ལུས་གསེང་དུ་སིམ་སྟེ་ཚད་མི་འདྲ་བའི་ཟུག་གཟེར་སློང་བའི་ནད་རྟགས་སམ་མ་འཕྲོད་པའི་སྣང་ཚུལ་འབྱུང་སྲིད་ལ། ས་མུན་རྡུལ་ཕྲན་ད་དུང་མུད་པ་བརྒྱུད་ནས་དེ་འབྲེལ་དབང་པོའི་མ་ལག་ལ་ནད་རིགས་སྣ་ཚོགས་སློང་གི་ཡོད།
རྒན་པ་དང་། བྱིས་པ། སྦྲུམ་མ། དབུགས་ལམ་མ་ལག་གི་ནད་དང་། སྙིང་དང་ཁྲག་རྩའི་ནད་ཡོད་པ་ཚོའི་ཚོར་བ་སྐྱེན་པས། ས་མུན་འཁྲིགས་པའི་གནམ་གཤིས་འབྱུང་སྐབས་རྫི་ལྷག་པར་རྣོ་བ་ཚོ་ཕྱི་ལོགས་སུ་མ་བུད་ན་ཡག གལ་ཏེ་དལ་བའི་རང་བཞིན་གྱི་གློ་ལུ་དང་ལུད་པ་ཡོད་པ། དབུགས་ཐུང་བ། དབུགས་ཧད་པ། བྲང་ཁོང་ན་བ་སོགས་ཀྱི་སྣང་ཚུལ་བྱུང་བའི་སྐབས་སུ་གང་མགྱོགས་སྨན་ཁང་དུ་བསྐྱོད་ན་བཟང་། བྱ་བའི་དགོས་མཁོའི་དབང་གིས་ངེས་པར་དུ་ཕྱི་རོལ་ཏུ་བྱེད་སྒོ་སྤེལ་མཁན། དཔེར་ན་འགྲིམ་འགྲུལ་ཉེན་རྟོག་པ་དང་། ཁོར་ཡུག་འཕྲོད་བསྟེན་བཟོ་པ། ཨར་ལས་བཟོ་པ་སོགས་ཀྱིས་ངེས་པར་དུ་མ་སུན་འགོག་སྤྱད་ཡོ་ཆས་སྤྱོད་དགོས།
ས་མུན་གནམ་གཤིས་འབྱུང་སྐབས། རབ་ཡིན་ན་མི་རྣམས་ཁང་པའི་ནང་བསྡད་དེ་བབ་མཚུངས་ཀྱི་ཐབས་ཤེས་འདི་དག་སྤྱད་ཆོག གཅིག དུས་ཐོག་ཏུ་སྒོ་དང་སྒེའུ་ཁུང་གཏན་པ། དགོས་པ་བྱུང་ན་འགྱིག་ཤོག་གིས་སྒོ་སྲུབས་སྦྱར་ནས་ཁང་པའི་ནང་དུ་ས་མུན་རྒྱུ་མི་ཐུབ་པ་བཟོ་དགོས། གཉིས། རླན་བཟོ་ཡོ་བྱད་དང་ཆུ་སྟོར་བ་སོགས་ཀྱིས་ཁྱིམ་གྱི་མཁའ་དབུགས་བརླན་པ་བཟོ་བ། ས་མུན་གྱི་ནམ་ཟླ་འདི་འདྲར་གལ་ཏེ་ཕྱི་ལོགས་སུ་འགྲོ་དགོས་ན་སོ་སོས་དེ་འབྲེལ་བདེ་ཐང་ལ་གཟབ་དགོས་སོ།

འབྲེལ་ཡོད་འོས་སྦྱོར།