རང་རྒྱལ་གྱི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་ཀྱི་ལོ་ཚད་ལོན་པའི་བྱིས་པར་རྒྱལ་ཁབ་ཀྱི་ནད་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ཚད་བརྒྱ་ཆའི་དགུ་ཅུའི་ཡན་རྒྱུན་འཁྱོངས་བྱས་ཡོད།
རྩོམ་པ་པོ།:འབྲུག་མོ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2021-08-27
ཀློག་གྲངས།:
རང་རྒྱལ་གྱི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་ཀྱི་ལོ་ཚད་ལོན་པའི་བྱིས་པར་རྒྱལ་ཁབ་ཀྱི་ནད་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ཚད་བརྒྱ་ཆའི་དགུ་ཅུའི་ཡན་རྒྱུན་འཁྱོངས་བྱས་ཡོད།
ཟླ་བརྒྱད་པའི་ཚེས་ཉེར་བཞིའི་ཉིན། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས། རང་རྒྱལ་གྱི་ལོ་ཚད་ལོན་པའི་བྱིས་པར་རྒྱལ་ཁབ་ཀྱི་ནད་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ཚད་བརྒྱ་ཆའི་དགུ་བཅུའི་ཡན་རྒྱུན་འཁྱོངས་བྱས་ཡོད་པ་དང་། ས་གནས་རང་བཞིན་གྱི་ནད་རིགས་ཚབས་ཆེ་བའི་རྫོང(གྲོང་ཁྱེར་དང་ཆུས)གི་ཚོད་འཛིན་དང་གཙང་སེལ་བྱས་ཚད་བརྒྱ་ཆའི་བརྒྱ་ཟིན་ལ། ནད་ཀྱི་དབང་གིས་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་གྲུབ་འབྲས་བཟང་པོ་བླངས་ཡོད། འདི་ནི་ཚེས་ཉེར་བཞིའི་ཉིན་གསར་འགོད་པས་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་མཉམ་འབྲེལ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་མཉམ་དུ་སྒྲུབ་པའི་སྐབས་ལྔ་པའི་དབང་བོ་སྐྱོན་ཅན་སྔོན་འགོག་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པའི་གནས་ཚུལ་རེད།དེ་ལས་གཞན། ཡོངས་བསྒྲགས་ཚོགས་འདུའི་སྟེང་ངོ་སྤྲོད་བྱས་པ་ལྟར་ན། ལྷན་སྐྱེས་རང་བཞིན་གྱི་དབང་བོ་སྐྱོན་ཅན་དང་འཆར་སྐྱེས་ལ་འགལ་རྐྱེན་ཐེབས་པའི་དབང་བོ་སྐྱོན་ཅན་ཚོད་འཛིན་བྱེད་པའི་ཐད་ལ། མངལ་མ་ཆགས་པའི་སྔོན་ལ་ལུས་པོར་བརྟག་དཔྱད་བྱེད་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་བཞི་ཟིན་པ་དང་། བྱིས་པ་མ་སྐྱེས་སྔོན་ལ་བརྟག་དཔྱད་བྱེད་ཚད་བརྒྱ་ཆའི་གྱ་གཅིག་དང་གྲངས་ཆུང་གཅིག་ཟིན་ཡོད། རྨས་སྐྱོན་གྱིས་དབང་བོ་སྐྱོན་ཅན་དུ་འགྱུར་བར་ཇེ་ཉུང་དུ་གཏོང་བའི་ཐད་ལ། ཉིས་སྟོང་བཅུ་དྲུག་ལོ་དང་བསྡུར་ན། ཉིས་སྟོང་ཉི་ཤུ་ལོར་རང་རྒྱལ་གྱི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་བྱུང་བའི་ཚད་བརྒྱ་ཆའི་སོ་དགུ་དང་གྲངས་ཆུང་བརྒྱད་མར་ཆག་པ་དང་། འཆི་ཚད་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་གསུམ་མར་ཆག་ལ། འགྲིམ་འགྲུལ་དོན་རྐྱེན་གྱིས་རྐྱེན་ལམ་དུ་ཤོར་ཚད་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་བཞི་མར་ཆག་པ་བཅས་རེད། ཁམས་གསོའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་ཐད་ལ། དབང་བོ་སྐྱོན་ཅན་གྱི་གཞི་རྩའི་ཁམས་གསོའི་ཞབས་ཞུ་ཁྱབ་ཚད་དང་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་རམ་འདེགས་ཡོ་ཆས་བཀོད་སྒྲིག་བྱས་ཚད་བརྒྱ་ཆའི་བརྒྱད་ཅུའི་ཡན་ཟིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།