logo

སྦྲུམ་མས་དུག་སེལ་རྫས་ཡང་ཡང་བཀོལ་མི་རུང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2021-11-19 ཀློག་གྲངས།:
        རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། སྦྲུམ་མ་རྣམས་ཀྱིས་ལྷག་ཏུ་རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱས་ཏེ། ཁྱིམ་དུ་སྡོད་སྐབས་སུའང84དུག་སེལ་གཤེར་ཁུ་དང་ཆང་བཅུད་སོགས་སྤྱད་དེ་དུག་སེལ་ཅི་ཐུབ་བྱེད་ཀྱིན་འདུག པེ་ཅིན་སློབ་ཆེན་སྨན་ཁང་གསུམ་པའི་བཙའ་སྐྱེ་ཚན་ཁག་གི་ཀྲུའུ་རེན་ཀྲའོ་དབྱང་ཡུས་ཀྱིས་བསྟན་དོན། རྒྱུན་ལྡན་གྱི་འཚོ་སྡོད་ཁོར་ཡུག་ཁྲོད། གལ་ཏེ་སྒེའུ་ཁུང་ཕྱེ་སྟེེ་ནང་དུ་རླུང་རྒྱུ་རུ་འཇུག་པ་དང་། མཁའ་དབུགས་གཙང་ཞིང་གཙང་སྦྲ་ལེགས་པོ་བྱས་ཡོད་པ་ཁག་ཐེག་བྱེད་ཐུབ་ན། དུག་སེལ་གཤེར་ཁུ་མང་པོ་མ་སྤྱད་ན་བཟང་།
        ཀྲའོ་དབྱང་ཡུས་ཀྱིས་བསྟན་དོན། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། 84དུག་སེལ་གཤེར་ཁུ་སྤྱད་དེ་རས་ཕྱགས་སོགས་ལ་གཙང་སྦྲ་བྱེད་པ་ནི་གོམས་སྲོལ་བཟང་པོ་ཞིག་ཡིན་མོད། འོན་ཀྱང་ཁྱིམ་དུ་སྦྲུམ་མ་ཡོད་པའི་སྐབས་སུ། དུག་སེལ་གཤེར་ཁུའི་ནང་དུ་འདུས་པའི་ཁིལ་མཁའ་དབུགས་ཀྱི་ནང་དུ་ཁྱབ་ཀྱི་ཡོད་པ་དང་། སྦྲུམ་མས་དེ་འབྱིན་རྔུབ་བྱས་ན་དབུགས་ལམ་ལ་གནོད་འཚེ་ཐེབས་པར་མ་ཟད། ཚབས་ཆེ་བའི་སྐབས་སུ་དུག་ཕོག་པའི་ཉེན་ཁའང་ཡོད།
        དུག་སེལ་གཤེར་ཁུ་བཀོལ་སྤྱོད་བྱེད་པའི་སྐབས་སུ། གསལ་བཤད་ཡི་གེར་ཞིབ་ཏུ་བལྟས་ཏེ། གར་ཚད་སྡེབ་སྟངས་ལ་གཟབ་ནན་བྱེད་དགོས་པ་ལས། གར་ཚད་ཇི་ལྟར་མཐོ་ན་དེ་ལྟར་བཟང་བ་ཞིག་གཏན་ནས་མིན། དེར་མ་ཟད84དུག་སེལ་གཤེར་ཁུ་སྤྱད་དེ་ནང་ལ་གཙང་སྦྲ་བྱེད་པའི་སྐབས་སུ། རླུང་རྒྱུ་རུ་བཅུག་སྟེ་དྲི་མ་འདག་པར་བྱེད་པ་ལས། ཐད་ཀར་དེ་ལ་རེག་ཐུག་བྱེད་མི་རུང་།
        “མཉམ་འཇོག་བྱེད་དགོས་པ་ཞིག་ནི། 84དུག་སེལ་གཤེར་ཁུ་དང་དུག་སེལ་རྫས་གཞན་པ་མཉམ་དུ་བསྲེས་ནས་བཀོལ་སྤྱོད་བྱེད་མི་རུང་། དུག་སེལ་རྫས་མི་འདྲ་བ་མཉམ་དུ་བསྲེས་ན་རྫས་འགྱུར་གྱི་འགྱུར་འབྱུང་མི་ལེགས་པ་འབྱུང་ངེས་རེད”ཀྲའོ་དབྱང་ཡུས་ཀྱིས་དེ་ལྟར་བཤད།
        ཀྲའོ་དབྱང་ཡུས་ཀྱིས་ད་རུང་བཤད་རྒྱུར། ཆང་བཅུད་ཀྱང་ཚང་མས་རྒྱུན་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་ནད་དུག་སེལ་བྱེད་ཡིན། གལ་ཏེ་སྦྲུམ་མ་དེ་ཉེན་ཁ་ཆེ་བའི་ཁོར་ཡུག་གི་ནང་དུ་མེད་ན། རྒྱུན་དུ་ལག་པ་བཀྲུས་ཏེ་ལག་པའི་གཙང་སྦྲར་དོ་སྣང་བྱས་ན་ཆང་བཅུད་སྤྱད་དེ་ལག་པར་དུག་སེལ་བྱེད་དགོས་པའི་ངེས་པ་མེད། །
        གལ་ཏེ་སྦྲུམ་མ་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་འགྲོ་བའམ་ཡང་ན་དམིགས་བསལ་གྱི་ཁོར་ཡུག་ཁྲོད་དུ་འགྲོ་དགོས་པ་བྱུང་ན། ཆང་བཅུད་ཉུང་ཙམ་སྤྱད་དེ་ལག་པར་དུག་སེལ་བྱེད་ཆོག
        “ཆང་བཅུད་ཀྱིས་དངོས་པོའི་ངོ་གདོང་ཙམ་ལས་དུག་སེལ་བྱེད་མི་ཐུབ་པས། ཆང་བཅུད་མཁའ་དབུགས་ནང་གཏོར་ཏེ་དུག་སེལ་བྱེད་མི་རུང་སྟེ། ཆང་བཅུད་ཀྱི་གར་ཚད་མཐོ་དྲགས་ན་མེ་སྐྱོན་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ”ཀྲའོ་དབྱང་ཡུས་ཀྱིས་དེ་ལྟར་བཤད། །
འབྲེལ་ཡོད་འོས་སྦྱོར།