ཁྲག་ཤེད་མཐོ་བའི་ནད་པས་གཤམ་གྱི་དོན་ཚན་འདི་དག་ལ་མཉམ་འཇོག་དགོས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-01-05
ཀློག་གྲངས།:
གློ་བུར་སྨན་འཐུང་མཚམས་འཇོག་པ།
དུས་རྒྱུན་ཁྲག་ཤེད་གཅོག་པའི་སྨན་འཐུང་བཞིན་པའི་ནད་པས་གློ་བུར་དུ་སྨན་ཇེ་ཉུང་དུ་གཏོང་བ་དང་ཡང་ན་འཐུང་མཚམས་བཞག་ན། ཁྲག་ཤེད་བསྐྱར་ལྡོག་བྱས་པ་ལས་གནད་དོན་རབས་དང་རིམ་པ་འབྱུང་ཞིང་། དེ་ལ་ཁྲག་ཤེད་གཅོག་སྨན་འཐུང་མཚམས་བཞག་པ་ལས་བྱུང་བའི་ཕྱོགས་བསྡུས་ནད་རྟགས་ཞེས་འབོད། ནད་རྟགས་གཙོ་བོ་ནི་ཁྲག་ཤེད་གློ་བུར་ཇེ་མཐོར་སོང་སྟེ། མགོ་ཡོམ་འཁོར་བ་དང་མགོ་བོ་ན་བ། ལུས་ལ་ཤུགས་མེད་པ། རྔུལ་ཆུ་བཞུར་བ་སོགས་འབྱུང་ཞིང་། ཁ་ཤས་ལ་ཁྲག་ཤེད་གློ་བུར་ཇེ་མཐོར་སོང་བའི་དབང་གིས་སྙིང་གི་ཁྲག་རྩ་རེངས་འཁུམ་དང་སྙིང་རྩ་འགག་པ། ཀླད་པའི་ཁྲག་རྩ་འགག་པ་སོགས་ཀྱི་དབང་གིས་ཚེ་སྲོག་ལ་ཉེན་ཁ་འབྱུང་། དེ་ནི་དུས་ཡུན་རིང་པོར་སྨན་འཐུང་བའི་དབང་གིས་ལུས་པོ་སྨན་ལ་ལོབས་པར་གྱུར་པས། གློ་བུར་འཐུང་མཚམས་བཞག་ནས་བསྐྱར་ལྡོག་བྱུང་བ་ལས་བསླངས་པ་རེད།
ཁྲག་ཤེད་མྱུར་དུ་གཅོག་པ།
ཁྲག་ཤེད་གཅོག་ཚད་ཧ་ཅང་མགྱོགས་ན་ཀླད་པ་དང་སྙིང་། མཁལ་མ་སོགས་ཀྱིས་ཁྲག་འདོན་ཚད་ཇེ་ཉུང་དུ་འགྲོ་བས། སྙིང་གཅུས་གཟེར་དང་མཁལ་མའི་བྱེད་ནུས་ཉམས་པ། ཁྲག་ཆད་རང་བཞིན་གྱི་གྲིབ་ནད་སོགས་འབྱུང་སྲིད་པས། སྨན་འཐུང་བའི་སྐབས་སུ་ངེས་པར་དུ་སྨན་པའི་ངག་ལ་ཉན་དགོས་པ་ལས། རང་འདོད་དུ་སྨན་འཐུང་ཚད་ཇེ་མང་དུ་གཏོང་མི་རུང་།
དུས་མ་རན་པར་སྨན་འཐུང་བ།
ཁྲག་ཤེད་མཐོ་བའི་ནད་པར་ཉིན་རེའི་ཞོགས་པའི་དུས་ཚོད7ནས9བར་དང་། ཕྱི་དྲོའི་དུས་ཚོད3ནས6བར་གྱི་ཁྲག་ཤེད་ནི་ཆེས་མཐོ་བའི་དུས་ཡིན། ཞིབ་འཇུག་བྱས་ཏེ་སྲོལ་རྒྱུན་གྱི་ཉེན་རེར་འཐུང་ཐེངས་གསུམ་གྱི་སྨན་འཐུང་སྟངས་དེ་ཁྲག་ཤེད་རང་བཞིན་གྱི་གཡོ་འགུལ་འབྱུང་ཚད་ཆེས་མཐོ་བའི་སྔོན་གྱི་དུས་ཚོད་ཕྱེད་ཀའི་ནང་འཐུང་བར་བསྒྱུར་བས། ཁྲག་ཤེད་ཚོད་འཛིན་བྱེད་པའི་ཕན་ནུས་སྔར་ལས་ཇེ་མཐོར་བཏང་ཡོད། ཁྲག་ཤེད་མཐོ་བའི་ནད་པ་ཡང་མོ་ཅན་གྱིས་ཉལ་ཁར་ཁྲག་ཤེད་གཅོག་པའི་སྨན་མི་འཐུང་བ་དང་། ལྗིད་མོ་དང་འབྲིང་བ་ཅན་གྱིས་ཉལ་ཁར་ཉིན་མོའི་འཐུང་ཚད་ཀྱི་སུམ་ཆའི་གཅིག་ལས་འཐུང་མི་རུང་བ་དང་། དེ་ཡང་མ་ཉལ་བའི་སྔོན་གྱི་དུས་ཚོད3ནས4ཡི་སྔོན་ལ་འཐུང་དགོས།
དུས་ངེས་མེད་དུ་ལུས་བཤེར་བྱེད་པ།
དུས་བཅད་ལྟར་ཁྲག་ཞག་གི་གར་ཚད་ལ་བརྟག་པ་དེ་ནི་སྨན་འཐུང་ཚད་ལུགས་མཐུན་ཡིན་མིན་ལ་བརྟག་པའི་ཐབས་ཤེས་གལ་ཆེན་ཞིག་རེད། གལ་ཏེ་ནད་བཅོས་བྱས་པའི་གཟའ་འཁོར་དྲུག་གི་ནང་ཁྲག་ཞག་ཇེ་མཐོར་མ་སོང་ན། འཐུང་བཞིན་པའི་ཁྲག་ཤེད་གཅོག་སྨན་དེ་བདེ་འཇགས་དང་ལུགས་མཐུན། ནུས་ལྡན་བཅས་ཡིན་པ་མཚོན་པས་མུ་མཐུད་དུ་འཐུང་ཆོག་པ་དང་། དེ་མིན་ངེས་པར་དུ་སྨན་གཞན་པར་བརྗེ་དགོས།
སྨན་གང་འདོད་དུ་སྤྱོད་པ།
ཁྲག་ཤེད་གཅོག་པའི་སྨན་ལ་སྣ་ཁ་མང་པོ་ཡོད་པས། བྱེད་ནུས་ཐོན་ཡུལ་དང་ཕན་ནུས་སོགས་མི་འདྲ་བ་སོ་སོ་ཡིན་པར་མ་ཟད། ནད་ཐོག་ཏུ་འཁེལ་མིན་དང་ཞོར་སྐྱོན་ཡོད་མེད། འཛེམ་བྱའི་ནད་སོགས་ལ་ལེགས་པོར་བརྟག་དགོས། དེ་བས་སྨན་འཐུང་བའི་སྐབས་སུ་སྨན་པའི་ངག་ལྟར་འཐུང་བ་ལས། རང་གིས་སྨན་བདམས་ཏེ་གང་འདོད་དུ་འཐུང་མི་རུང་ངོ་། །

འབྲེལ་ཡོད་འོས་སྦྱོར།