མཚོ་ལྷོ་ཁུལ་གྱི“ནད་གཉིས”སྨན་བཅོས་འགན་ལེན་བྱ་བ་འཁོར་བསྐྱོད་དུས་མཚམས་སུ་སླེབས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-02-25
ཀློག་གྲངས།:
ཟླ༢པོའི་ཚེས༢༡ཉིན། མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་ཀྱི“ནད་གཉིས”ཀྱི་སྨན་བཅོས་འགན་ལེན་དང་བཀག་སྡོམ་རང་བཞིན་གྱི་དོ་དམ་མི་སྣའི་གསོ་སྦྱོང་བྱ་བ་རྩ་འཛུགས་བྱས་ནས་གསོ་སྦྱོང་སྤེལ་བ་དང་མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་གུང་ཧོ་རྫོང་འཕྲོད་བསྟེན་དང་བདེ་ཐང་ཅུའུ། ཁུལ་དང་རྫོང་། ཤང་དང་སྡེ་བའི་རིམ་པ་བཞིའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཁུར་བ་དང་ལས་སྒོའི་རྐང་འཛིན་པ་བཅས་བསྡོམས་པས་མི༡༤༠ལྷག་གསོ་སྦྱོང་ཁྲོད་ཞུགས་ཡོད་པ་རེད། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་ཟི་ལིང་ཧའེ་ཧུའུ་གཅིན་པ་མངར་འགྱུར་ནད་ཀྱི་སྨན་ཁང་གི་ཆེདམམཁས་པ༤གདན་ཞུ་བྱས་ནས། རྫོང་སོ་སོར་སོང་ནས་སྒོ་བཀག་སྡོམ་དོ་དམ་བྱ་བའི་གཙོ་གནད་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་བེད་སྤྱོད་ལ་འགྲེལ་བཤད་དང་སྒྲིག་ཆས་བེད་སྤྱོད་བཀོལ་སྤྱོད་སོགས་ཀྱི་ནང་དོན་ལ་གསོ་སྦྱོང་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས“ནད་གཉིས”སྨན་བཅོས་འགན་ལེན་དང་བཀག་སྡོམ་དོ་དམ་བྱ་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
“ནད་གཉིས”ཀྱི་སྨན་བཅོས་འགན་ལེན་དང་བཀག་སྡོམ་དོ་དམ་བྱ་བ་ནི་མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕྲོད་བསྟེན་བདེ་ཐང་གི་ཕུགས་འདུན་འཆར་འགོད་ལ་དམིགས་པ་དང་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་དོན་དངོས་ལ་གཞི་ཚུགས་ཏེ་"་བདེ་ཐང་མཚོ་སྔོན་དང་བདེ་སྐྱིད་མཚོ་ལྷོ་"་བྱ་འགུལ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཀྱི་གྲས་ཤིག་རེད།
༢༠༢༢ལོར“མཚོ་སྔོན་ཞིང་ཆེན་གཅིན་པ་མངར་འགྱུར་གྱི་ནད་འགོག་བཅོས་ལྟེ་གནས”(མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང)ཀྱི་ལག་རྩལ་མཛུབ་ཁྲིད་ལ་བརྟེན་ནས་རིག་ནུས་ཁྲག་མངར་དོ་དམ་མ་ལག་ནང་འདྲེན་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་པའི་བྱ་བའི་ཁྲོད་ཁུལ་ཡོངས་ཀྱི་ལོ༣༥ཡན་གྱི་རྒྱུན་སྡོད་གྲོང་མིར་བརྟག་དཔྱད་བྱེད་རིང་གཏན་འཁེལ་བྱས་པའི“ནད་གཉིས”ཕོག་མཁན་ཚང་མ་ཚད་ལྡན་དོ་དམ་ཁྱབ་ཁོངས་ནང་བཅུག་པ་དངNB(དོག་ཐག་དངོས་པོ་དྲ་སྦྲེལ་ཁྲག་མངར་རྩིས་ཆས་དང་ཁྲག་གནོན་རྩིས་ཆས)སྒྲིག་ཆས་བེད་སྤྱོད་བྱས་ནས། མི་སྒེར་གྱི་བདེ་ཐང་ལ་ཐེ་གཏོགས་དང་གཞི་རྩའི་སྨན་རྫས་སྤྲོད་པ། སྒེར་གྱི་སྨན་སྤྱོད་མཛུབ་སྟོན་བཅས་ཁྱོན་ཡོངས་ནས་ཁྱབ་པར་བྱས་ཏེ། བཀག་སྡོམ་རང་བཞིན་གྱི་དོ་དམ་སྒྲིག་གཞི་ཁྱོན་ཡོངས་ནས་འཛུགས་དགོས།
གནད་འཁུལ་ཤུགས་འདོན་བྱ་ཆེད། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བར་ཐག་གནད་འཁེལ་དང་དངོས་སྒྲུབ་ལག་བསྟར་བྱས་ཏེ“ནད་གཉིས”ཀྱི་སྨན་བཅོས་འགན་ལེན་དང་བཀག་སྡོམ་རང་བཞིན་གྱི་དོ་དམ་བྱ་བ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། གཅིག་ནས་སྣེ་ཁྲིད་དེ«མཚོ་ལྷོ་ཁུལ་གྱི“ནད་གཉིས”སྨན་བཅོས་འགན་ལེན་དང་བཀག་སྡོམ་དོ་དམ་བྱ་བའི་ལག་བསྟར་ཇུས་གཞི» «ཆ་འཕྲིན་ཅན་འཛུགས་སྐྱོང་ཇུས་གཞི»བཟོས་ནས་སྔ་རྗེས་སུ་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། ཆེད་དོན་ཚོགས་འདུ་ཐེངས༥འཚོགས་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་དང་། བྱ་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་བྱ་བའི་འགན་འཁྲི་ཁ་གསལ་བཟོས་ནས། སྲིད་ཇུས་ཀྱི་མཛུབ་ཁྲིད་རང་བཞིན་དང་ལག་ལེན་གྱི་བཀོལ་སྤྱོད་རང་བཞིན་ཆེ་རུ་བཏང་། ཟླ༢པའི་ཚེས༧ཉིན། «མཚོ་ལྷོ་ཁུལ་གྱི“ནད་གཉིས”སྨན་བཅོས་འགན་ལེན་དང་དེ་བཞིན་བཀག་སྡོམ་དོ་དམ་བྱ་བའི་ལག་བསྟར་ཇུས་གཞིར»ཁུལ་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་པར་འགྲེམས་དང་ལག་བསྟར་བྱས་པ་རེད།
གཉིས་ནས་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་ཕོག་མཁན་གྱི་གཞི་གྲངས་ཁྱོན་ཡོངས་ནས་མཐིལ་རྟོགས་བྱེད་པ་དང་ཆབས་ཅིག་ཁུལ་མི་དམངས་སྨན་ཁང་དང་སྒྲིག་ཆས་མཁོ་འདོན་ཚོང་པ་རྩ་འཛུགས་བྱས་ནས། སྤུས་ལེགས་གོང་བདེ་དང་མ་དངུལ་གྲོན་ཆུང་གི་རྩ་དོན་གཞིར་བཟུང་ནས། “ནད་གཉིས”ཀྱི་བཀག་སྡོམ་དོ་དམ་ལ་མཁོ་བའི་སྒྲིག་ཆས་གོང་སྒྲིག་རིན་གོང་གཏན་འཁེལ་བྱས་ཏེ་དགོས་མཁོ་དངོས་ཀྱི་གྲངས་འབོར་ལ་གཞིགས་ནས་རྫོང་སོ་སོས་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས། སྔོན་དཔག་བྱས་པ་བརྒྱུད་ཁུལ་ཡོངས་ཀྱིས་ཁྲག་གནོན་འཇལ་ཆས༦༤༠དང་ནུས་མང་ཁྲག་མངར་དཔྱད་ཆས༥༧༡དང་། ཁྲག་མངར་ཚོད་ལྟའི་ཤོག་བུ་སྒམ༥༢༠༠ཉོ་སྒྲུབ་བྱེད་དགོས་ཤིང་། མིག་སྔར་སྒྲིག་ཆས་ཉོ་སྒྲུབ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
གསུམ་ནས“ནད་གཉིས”ཀྱི་དྲ་ཐོག་སྟེགས་བུའི་མ་ལག་གི་མཐུད་སྣེ་ཚད་གཞི་བཟོ་རྒྱུ་ལེགས་གྲུབ་བྱུང་བ་དང་། ཁུལ་ཡོངས་ཀྱི་གཞུང་བཙུགས་སྨན་ཁང༡༡གིས་མཐུད་སྣེ་ཚད་གཞིར་གཞིགས་ནས་ཆ་འཕྲིན་མཐུད་སྣེ་སྒྲིག་བཀོད་སོགས་དུས་འགོའི་བྱ་བ་མགོ་རྩོམ་བཞིན་ཡོད་པ་དང་། སྨན་བཅོས་དང་ལེན་དང་དྲ་ཐོག་མ་ལག་དང་། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་མ་ལག་བཅས་གནད་ལ་འཁེལ་བའི་སྒོ་ནས“ནད་གཉིས”ཀྱི་བཀག་སྡོམ་དོ་དམ་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་དང་ཤར་གཏོང་ཐུབ་པའི་ཆ་འཕྲིན་གྱི་ཐབས་ལམ་མངོན་འགྱུར་ཡོང་བཏ་བྱས་ནས“ནད་གཉིས”བཀག་སྡོམ་དོ་དམ་གྱི་འགག་རྩའི་གོ་རིམ་གཏོང་དགོས།རྗེས་ཕྱོགས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས“ནད་གཉིས”ཀྱི་སྨན་བཅོས་འགན་ལེན་དང་བཀག་སྡོམ་དོ་དམ་བྱ་བ་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་ནུས་འདོན་སྤེལ་ནུས་ལྡན་བྱས་ཏེ། སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་དང་དུས་ཚོད་དམ་འཛིན་གྱིས་སྒྲུབ་བྱས་ཏེ་སེམས་རྣལ་དུ་ཕབ་པ་དང་བརྩེ་སེམས་ལ་བརྟེན་ནས་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་ཕོག་མཁན་གྱི་འགོག་བཅོས་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བདེ་ཐང་དང་བདེ་སྐྱིད་བསྐྲུན་དགོས།
འབྲེལ་ཡོད་འོས་སྦྱོར།