logo

ཁྱིམ་གྱི་གཙང་སྦྲ་དང་དུག་སེལ་བྱེད་སྟངས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-05-17 ཀློག་གྲངས།:
དང་པོ། དུས་རྒྱུན་ཁྱིམ་ཚང་དུ་དུག་སེལ་བྱེད་སྟངས།
དུག་སེལ་བྱེད་པའི་རྩ་དོན།
        གཙང་སྦྲ་གཙོར་འཛིན་པ། དུག་སེལ་ཞོར་ནས་བྱེད་པ།
        ཉི་མར་ལྡེ་བ་དང་དྲོད་ཤུགས་སོགས་དངོས་ལུགས་ཀྱི་དུག་སེལ་བྱེད་ཐབས་སྔོན་དུ་གདམ་པ། དུག་སེལ་བྱེད་དུས་རང་ཉིད་ལ་འགོག་སྲུང་ལེགས་པོ་བྱེད་དགོས།
བྱེ་བྲག་གི་བྱེད་སྟངས།
        སྒེའུ་ཁུང་ཕྱེས་ཏེ་རླུང་རྒྱུ་རུ་འཇུག་པ།ཉིན་རེར་མ་མཐའ་ཡང་ཐེངས་གཉིས་དང་། ཐེངས་རེར་དུས་ཚོད་ཕྱེད་ཀའི་ཡན་ལ་སྒེའུ་ཁུང་འབྱེད་དགོས།
        སྒོ་ལུང་དང་ཆུ་སྒོ། མནོན་སྒོ་བཅས་སུ་དུག་སེལ་ཆུ་དང་དུག་སེལ་རློན་ཤོག་གིས་དབྱི་དགོས།
        ས་ངོས་དང་སྒྲོག་ཙེའི་ངོས་སུ་དུག་སེལ་ཆུ་གཏོར་རྗེས་ཕྱིས་ཆོག
        གོན་པ་དང་ཉལ་ཐུལ་དུས་རྒྱུན་དུ་བཀྲུས་ཏེ་སྐམ་དགོས།
        སྣོད་ཆས་ཆུ་ཁོལ་དུ་བཙོ་བའམ་དུག་སེལ་སྒམ་གྱིས་དུག་སེལ་བྱེད་དགོས།

གཉིས་པ། དུག་སེལ་བྱེད་ཐབས་ཡང་དག་གདམ་པ།
བཙོ་བའི་བྱེད་ཐབས།
        དུས་རྒྱུན་སྣོད་ཆས་ལ་དུག་སེལ་བྱེད་ཐབས། སྐར་མ15ནས30ལ་བཙོས་པས་ཆོག
        བཙོས་ནས་དུག་སེལ་བྱེད་དགོས་པའི་དུས་ཡུན་ནི་ཆུ་གདུས་པ་ནས་བརྩིས་པ་ཡིན།
ཕྱི་སྟངས།
        དངོས་རྫས་སྲ་མོའི་རིགས་དང་ཁོར་ཡུག་གི་དངོས་གཟུགས་ངོས་ལ་དུག་སེལ་བྱེད་པ། (དཔེར་ན། སྒྲོག་ཙེའི་ངོས་དང་། སྒོ་ལུང་དང་ས་ངོས་བཅས།)
        གཏན་འཁེལ་བྱས་པའི་བསྡུར་ཚད་ལྟར་དུག་སེལ་ཆུ་བསྡེབས་པ་དང་། ལག་ཕྱིས་ཧྲིལ་བོ་སྦངས་ཏེ་རློན་པ་བྱས་རྗེས་དུག་སེལ་བྱེད་དགོས་པའི་ངོས་ལ་དུག་སེལ་བྱེད་དགོས།

སྦངས་ནས་དུག་སེལ་བྱེད་ཐབས།
        དེ་ནི་རློན་པ་བྱས་ཆོག་པའི་སྣོད་ཆས་དང་རྩེད་ཆས། བསླས་མ་བཅས་ལ་དུག་སེལ་བྱེད་དུས་སྤྱོད་པར་འཚམ།
        གཏན་འཁེལ་བྱས་པའི་བསྡུར་ཚད་ལྟར་དུག་སེལ་ཆུ་བསྡེབས་ཏེ། དུག་སེལ་བྱེད་དགོས་པའི་དངོས་པོ་དུས་ཚོད་ཕྱེད་ཀར་སྦངས་རྗེས་ཆུ་གཙང་མས་བཀྲུ་དགོས།

གསུམ་པ། ཕྱི་ལ་འགྲོ་བ་དང་། ཉིང་སྐྱུར་བརྟག་དཔྱད་བྱས་ནས་ཕྱིར་ལོག་དུས་དུག་སེལ་བྱེད་ཐབས།
        ཐོག་ལྭ་ཕུད་དེ་རླུང་རྒྱུ་སར་འཇོག་པ།
        ཁ་ཐུམ་གྲོལ་བ། གལ་ཏེ་ཡང་བསྐྱར་བཀོལ་དགོས་ཚེ་སྐམ་ཤས་ཆེ་ལ་རླུང་རྒྱུ་སར་འགེལ་དགོས།
        དེ་མ་ཉིད་དུ་འདག་རྫས་ཀྱིས་ལག་པ་གཙང་མར་བཀྲུ་དགོས།
        ལྷམ་ངོས་དུག་སེལ་རློན་ཤོག་གིས་ཕྱིས་ཆོག
        ལག་ཁྱེར་ཁ་པར་དང་ལྡེ་མིག་བཅས་རྒྱུན་ཁྱེར་དངོས་པོ་ཆང་བཅུད75%ཅན་གྱི་མ་མོག་རིལ་བུ་དང་དུག་སེལ་རློན་ཤོག་གིས་དུག་སེལ་བྱས་ཆོག

བཞི་པ། མྱུར་སྐྱེལ་དངོས་པོར་དུག་སེལ་བྱེད་ཐབས།
        ཐད་ཀར་འབྲེལ་འདྲིས་མེད་པའི་དངོས་པོ་ལེན་སྟངས་སྤྱོད་དགོས། དངོས་པོ་ལེན་དུས་ཁ་ཐུམ་རྒྱག་དགོས། ལག་ཤུབས་གྱོན་དགོས།
        ཕྱི་ཐུམ་ལ་དུག་སེལ་ཆུ་གཏོར་བའམ་ཡང་ན་དུག་སེལ་རློན་ཤོག་གིས་ཕྱིས་ཏེ་སྐར་མ10ནས30ལ་འཇོག་དགོས།
        རབ་ཡིན་ན་ཕྱི་ཐུམ་ཡོད་ཚད་ཕྱིའི་གད་སྙིགས་ཀྱི་སྒམ་དུ་འདོར་དགོས།
        ཉ་རིགས་ཡིན་ན་བཞུར་ཆུས་བཀྲུ་བའམ་ཡང་ན་སྦངས་ནས་བཀྲུས་རྗེས་ལག་ཕྱིས་ཀྱིས་དབྱི་དགོས།
        དེ་དག་ཚང་མར་དུག་སེལ་བྱས་རྗེས་དུས་དེ་ཉིད་དུ་འདག་རྫས་སྤྱད་དེ“ལག་པ་བཀྲུ་ཐབས་བདུན”ལྟར་ལག་པ་གཙང་མར་བཀྲུ་དགོས།

ལྔ་པ། དུག་སེལ་རྫས་སྤྱོད་སྐབས་མཉམ་འཇོག་བྱེད་དགོས་པའི་དོན་ཚན།
        ཆང་བཅུད་འདུས་པའི་དུག་སེལ་ཆུ་བཀོལ་བའི་རྒྱ་ཁྱོན་ཆེ་མི་རུང་། བསིལ་གྲིབ་དང་རླུང་རྒྱུ་སར་འཇོག་དགོས།
        84དུག་སེལ་རྫས་ནི་རྫས་གཞན་དག་དང་བསྲེས་ནས་སྤྱོད་མི་རུང་།
        ཐད་ཀར་མི་ལ་གཏད་དེ་དུག་སེལ་ཆུ་གཏོར་མི་རུང་།
        ལྭ་བའི་སྟེང་དུག་སེལ་ཆུ་གཏོར་ན་ཕལ་ཆེར་ནུས་པ་གཅིག་ཀྱང་མེད་ཁར། ད་དུང་བདེ་འཇགས་དོན་རྐྱེན་སློང་སླ།
        སྙིགས་ཆུའི་སྦུག་ལམ་ལ་དུག་སེལ་ཆུ་མང་པོ་དང་དུག་སེལ་རིལ་བུ་མང་པོ་ལྡུག་མི་རུང་།
འབྲེལ་ཡོད་འོས་སྦྱོར།