སྤྱི་དམངས་རིམས་འགོག་གི་གཞི་རྩའི་སྤྱོད་ལམ་ཚད་གཞི།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-07-12
ཀློག་གྲངས།:
ལག་པ་བཀྲུ་བ།
ལག་པ་བཙོག་པོར་གྱུར་རྗེས་ལག་པ་བཀྲུ་དགོས། ཟ་མ་ལས་པའི་སྔོན་དང་ཁ་ཟས་ཟ་བའི་སྔོན། སྤྱོད་ཁང་དུ་སྡོད་པའི་སྔོན། རྒན་པ་དང་བྱིས་པ། ནད་པ་ལ་བདག་སྐྱོང་བྱེད་པའི་སྔོན། ཁ་སྣ་དང་མིག་ལ་རེག་པའི་སྔོན་བཅས་སུ་ལག་པ་བཀྲུ་བའམ་ལག་པར་དུག་སེལ་བྱེད་དགོས། སྒོར་སོང་ནས་ཕྱིར་ཁྱིམ་དུ་ལོག་རྗེས་དང་ནད་པར་བདག་སྐྱོང་བྱས་པའི་རྗེས། གློ་ལུ་བ་དང་སྣ་སྦྲིད་བརྒྱབ་པའི་རྗེས། གཙང་སྦྲ་བྱས་པའི་རྗེས། གད་སྙིགས་ལ་རེག་པའི་རྗེས། སྤྱོད་ཁང་ལ་བསྡད་པའི་རྗེས། མགྱོགས་སྐྱེལ་དངོས་པོ་བླངས་པའི་རྗེས། གློག་སྐས་ཀྱི་མཐེབ་གནོན་དང་སྒོའི་ཡུ་བ་སོགས་སྤྱི་སྤྱོད་སྒྲིག་ཆས་ལ་རེག་པའི་རྗེས་བཅས་སུ། ལག་པ་བཀྲུ་བའམ་ལག་པར་དུག་སེལ་བྱེད་དགོས།
ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ།
གློག་སྐས་ལ་སྡོད་པའི་སྐབས་དང་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་པའི་སྐབས། མི་ཚོགས་འདུ་བའི་སྤྱི་པའི་གནས་ཡུལ་ལ་འགྲོ་བའི་སྐབས་བཅས་སུ་ཁ་ཐུམ་རྒྱག་དགོས། ཚ་བ་རྒྱས་པ་དང་གློ་ལུ་བ། ལུས་ཤུགས་ཉམས་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་བྱུང་ན། སྨན་པར་བསྟེན་དགོས་པ་དང་། སྨན་སྤྱོད་ཕྱི་ནད་ཁ་ཐུམ་དང་རིམ་པ་དེའི་ཡན་གྱི་ཁ་ཐུམ་རྒྱག་དགོས། ཁ་ཐུམ་དུས་ལྟར་དུ་བརྗེ་དགོས་ལ། ཁ་ཐུམ་རེ་རེ་བརྒྱབ་པའི་དུས་ཡུན་དུས་ཚོད8ཡན་བརྒལ་མི་རུང་།
གློ་ལུ་བའི་གུས་ལུགས་ལ་མཉམ་འཇོག་དགོས།
གློ་ལུ་བ་དང་སྣ་སྦྲིད་རྒྱག་དུས་གཙང་ཤོག་གིས་ཁ་སྣ་བཏུམ་དགོས་ལ། གཙང་ཤོག་མེད་དུས་དཔུང་བས་བཏུམ་དགོས། གཙང་ཤོག་གང་འདོད་དུ་གཡུགས་མི་རུང་།
འདུ་འཛོམས་ཉུང་དགོས།
རིམས་ནད་སྐབས་སུ། འདུ་འཛོམས་དང་འདུ་ཚོགས་ཉུང་དགོས་ལ། ཤ་ཉེ་དང་གྲོགས་པོ་ལ་ཐུག་འཕྲད་ཉུང་དགོས། སྟོན་མོ་དང་འདས་མཆོད་ལ་ཞུགས་ཚད་ཉུང་དགོས། དགོས་ངེས་མེད་ན་མི་ཚོགས་འདུ་བའི་གནས་ཡུལ་དུ་མི་འགྲོ་བ་བྱེད་དགོས།
དཔལ་ཡོན་ལྡན་པའི་སྒོ་ནས་ཁ་ཟས་སྤྱོད་པ།
བཟའ་ཆས་མི་བསྲེ་བ་དང་སྤྱི་སྤྱོད་ཐུར་མ་བཀོལ་བ། ནུས་ཚོད་ཀྱིས་ཟ་མ་བགོས་ནས་ཟ་བ། ཟ་ཁང་ནས་ཟ་མ་ཟ་བའི་སྐབས་སུ་རང་ཉིད་ཀྱི་བཟའ་ཆས་གྲ་སྒྲིག་བྱེད་དགོས།
སྨི1གི་བར་ཐག་བརྩི་སྲུང་བྱེད་པ།
གྲལ་སྒྲིག་པ་དང་རིན་སྤྲོད་པ། གླེང་མོལ། ལུས་རྩལ། ལྟ་སྐོར་སོགས་ཀྱི་སྐབས་སུ། སྨི1ཡན་གྱི་འབྲེལ་འདྲིས་བར་ཐག་འཇོག་དགོས།
རྒྱུན་པར་རླུང་རྒྱུ་བ།
རྒྱུན་པར་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་རུ་འཇུག་དགོས་ལ། ཉིན་རེར་ཐེངས2ནས3ལ་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་བ་དང་། ཐེངས་རེར་སྐར་མ20ནས30ཡིན་དགོས། དྲོད་གྲང་འོས་འཚམ་ཡིན་དུས་སྒེའུ་ཁུང་རྒྱུན་དུ་ཕྱེ་ཆོག
གཙང་སྦྲ་དང་དུག་སེལ་ལེགས་པོ་བྱེད་པ།
ནམ་རྒྱུན་ཁང་པའི་ནང་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ། ནང་འདྲེན་འཁྱགས་བསྡམས་ཟས་རིགས་བཟོ་བའི་ཐབ་ཆས་དང་སྟེགས་བུ། ནད་པ་དང་མགྲོན་པོའི་བེད་སྤྱོད་བྱས་པའི་དངོས་པོ་དང་བཟའ་ཆས་བཅས་ལ་དུས་ལྟར་དུ་གཙང་དག་དང་དུག་སེལ་བྱེད་དགོས། མྱུར་སྐྱེལ་དངོས་པོ་བླངས་རྗེས། 75%ཡི་ཆང་རག་དང་ལུའུ་འདུས་པའི་དུག་སེལ་ཆུ་ཡིས་མགྱོགས་སྐྱེལ་དངོས་པོའི་ཕྱི་ངོས་ཕྱི་བའམ་ཕྱི་ངོས་སུ་གཏོར་བ་དང་། ཁ་ཕྱེ་རྗེས་ཕྱི་ཐུམ་དུས་ལྟར་གཡུགས་པ་དང་ལག་པར་གཙང་སྦྲ་ལེགས་པོ་བྱེད་དགོས། མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་བཀོལ་སྤྱོད་མ་བྱས་གོང་། མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་ཀྱི་འཚག་བྱེད་དྲ་བ་དང་རླངས་པ་བཟོ་ཆས་ཀྱི་ཕྱི་ངོས། རླུང་གི་འཛུལ་སྒོ་དང་འབུད་སྒོ་སོགས་གཙང་བཀྲུ་དང་དུག་སེལ་བྱེད་དགོས།
སྤྱོད་ཁང་གི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ།
ཆབ་གཞོང་དུ་ཆུ་བཤལ་རྒྱག་སྐབས་ཁ་ལེབ་རྒྱག་དགོས། ནམ་རྒྱུན་སྒེའུ་ཁུང་འབྱེད་པ་དང་རླུང་ཕུད་ཆས་ཀྱི་སྒོ་འབྱེད་པ། ཆུ་གསོག་གུག་ནང་གི་ཆུ་རྒྱུན་འཁྱོངས་བྱེད་པ། དུས་ཚོད་ངེས་ཅན་ལྟར་སྤྱོད་ཁང་ནང་གི་གཙང་སྦྲ་ཡོ་ཆས་དང་ས་ངོས་ལ་གཙང་དག་དང་དུག་སེལ་བྱེད་པ། ཕྱི་ངོས་སུ་སྦགས་བཙོག་དང་རླམ་པ་ཡོད་དུས་དུས་ལྟར་དུ་གཙང་དག་དང་དུག་སེལ་བྱེད་དགོས།
བདེ་ཐང་གི་འཚོ་བ་རོལ་སྟངས་གོམས་དགོས།
ལུས་ཕུང་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་། ངལ་གསོའི་ཆོས་ཉིད་རྒྱུན་འཁྱོངས་བྱེད་པ། གཉིད་པའི་དུས་ཚོད་འདང་བར་ཁག་ཐེག་བྱེད་པ། སེམས་ཁམས་བདེ་ཐང་རྒྱུན་འཁྱོངས་བྱེད་པ། བཟའ་བཏུང་བདེ་ཐང་ཡོང་བར་བྱེད་པ་དང་། དུ་ཆང་ལ་ཚད་བཀག་བྱེད་པ། ཉིན་རེར་བདེ་ཐང་ལྟ་རྟོག་བྱས་ནས། ཚ་བ་རྒྱས་པ་དང་གློ་ལུ་བ། ལུས་ཤུགས་ཉམས་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་བྱུང་ན་དུས་ལྟར་དུ་སྨན་པར་བསྟེན་དགོས།
ཉིང་སྐྱུར་བཤེར་འཇལ།
བླང་བྱ་ལྟར་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་རང་ས་གནས་ཀྱི་རིམས་ནད་ཐག་གཅོད་ཁྲོད་ཀྱི་ཉིང་སྐྱུར་བཤེར་འཇལ་ལེགས་པོར་བྱེད་པ། “བརྟག་འོས་པ་ཡོངས་ལ་བརྟག་པ”ལ་ཁག་ཐེག་བྱས་ནས་རང་ཉིད་དང་ཁྱིམ་མིའི་བདེ་ཐང་ལ་འགན་འཁུར་དགོས།
འགོག་ཁབ་རྒྱག་པ།
རྒྱལ་ཁབ་ཀྱི་པྲོག་གསར་ནད་དུག་འགོག་ཁབ་རྒྱག་པའི་སྲིད་ཇུས་ལྟར་དུ། ལོ3ཡན་གྱི་ན་ཚོད་འཚམ་ཞིང་འགོག་ཁབ་འཛེམ་བྱ་མེད་པའི་མི་སྣས་འགོག་ཁབ་རྒྱག་དགོས་པ་དང་། “རྒྱག་འོས་པ་ཡོངས་ལ་བརྒྱབ”སྟེ་མི་སྒེར་གྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས།།

འབྲེལ་ཡོད་འོས་སྦྱོར།