logo

སྤྱི་བའི་འགྲིམ་འགྲུལ་གྱི་ཁོར་ཡུག་ནས་འབྲེལ་འདྲིས་དམ་ཟབ་ཅན་ཇི་ལྟར་ཐག་གཅོད་དགོས།

རྩོམ་པ་པོ།: ཡོང་ཁུངས།:ཨ་མདོ་བརྙན་འཕྲིན། དུས་ཚོད།:2022-09-11 ཀློག་གྲངས།:
གནམ་གྲུ།
        སྤྱིར་བཏང་གི་གནས་ཚུལ་འོག ནད་པ་དང་འདུག་སྟེགས་གྲལ་བཤར་གཅིག་ནས་མཉམ་དུ་སྡོད་མཁན་དང་སྔ་གཞུག་གི་གྲལ་བཤར་གསུམ་གྱི་འདུག་སྟེགས་ལ་སྡོད་མཁན་གྱི་འགྲུལ་བཞུད་པ་ཚང་མ་འབྲེལ་འདྲིས་དམ་ཟབ་ཅན་དུ་གཏན་ཁེལ་དང་ཐག་གཅོད་བྱེད་པ་ཡིན། དེ་མིན་གོང་དུ་བཀོད་པའི་ཁྱབ་ཁོངས་དེའི་ནང་གི་འགྲུལ་བཞུད་པ་རྣམས་ལ་ཞབས་ཞུ་སྒྲུབ་མཁན་གྱི་མགྲོན་ཞབས་པ་དང་། ནད་པ་ལ་འབྲེལ་འདྲིས་དམ་ཟབ་ཡོད་མཁན་གྱི་མི་སྣ་གཞན་དག་འབྲེལ་འདྲིས་དམ་ཟབ་ཅན་དུ་ཐག་གཅོད་པ་ཡིན།
རླངས་འཁོར།
        སྒེའུ་ཁུང་འབྱེད་རྒྱུ་མེད་པའི་དྲོད་སྙོམ་འཕྲུལ་ཆས་ཅན་གྱི་མགྲོན་སྐྱེལ་རླངས་འཁོར་ཡིན་ན། ནད་པ་དང་རླངས་འཁོར་གཅིག་གི་ནང་ལ་སྡོད་མཁན་གྱི་མི་ཚང་མ་འབྲེལ་འདྲིས་དམ་ཟབ་ཅན་དུ་ཐག་གཅོད་པ་ཡིན། སྒེའུ་ཁུང་འབྱེད་རྒྱུ་ཡོད་པའི་སྤྱིར་བཏང་གི་མགྲོན་སྐྱེལ་རླངས་འཁོར་ཡིན་ན། ནད་པ་དང་འདུག་སྟེགས་གྲལ་བཤར་གཅིག་ནས་མཉམ་དུ་སྡོད་མཁན་དང་སྔ་གཞུག་གི་གྲལ་བཤར་གསུམ་གྱི་འདུག་སྟེགས་ལ་སྡོད་མཁན་གྱི་འགྲུལ་བཞུད་པ་ཡོངས་དང་། ཁ་ལོ་པ་དང་མགྲོན་ཞབས་པ་འབྲེལ་འདྲིས་དམ་ཟབ་ཅན་དུ་གཏན་ཁེལ་དང་ཐག་གཅོད་བྱེད་པ་ཡིན།

མེ་འཁོར།
        སྒེའུ་ཁུང་འབྱེད་རྒྱུ་མེད་པའི་དྲོད་སྙོམ་འཕྲུལ་ཆས་ཅན་གྱི་མེ་འཁོར་ཡིན་ན། ནད་པ་ཡོད་སའི་འདུག་སྟེགས་ཅན་གྱི་འཁོར་སྒམ་དང་མལ་ཁྲི་ཅན་གྱི་འཁོར་སྒམ་ནང་གི་མི་ཚང་མ་དང་། མལ་ཁྲི་འབོལ་བོ་ཅན་གྱི་ཁང་མིག་གཅིག་ལ་སྡོད་མཁན་གྱི་མི་ཚང་མ་འབྲེལ་འདྲིས་དམ་ཟབ་ཅན་དུ་ཐག་གཅོད་པ་ཡིན་ཅིང་། སྒེའུ་ཁུང་འབྱེད་རྒྱུ་ཡོད་པའི་སྤྱིར་བཏང་གི་མེ་འཁོར་ཡིན་ན། ནད་པ་དང་མལ་ཁྲི་འབོལ་བོ་ཅན་གྱི་ཁང་མིག་གཅིག་ལ་སྡོད་མཁན་གྱི་མི་ཚང་མ་དང་། འདུག་སྟེགས་ཅན་གྱི་འཁོར་སྒམ་ལས་ནད་པ་ཡོད་སའི་གྲལ་བཤར་དང་དེའི་ཁ་གཏད་ཀྱི་གྲལ་བཤར་ལ་སྡོད་མཁན་གྱི་མི་ཚང་མ་དང་། ཁ་གཏད་དུ་ཡོད་པའི་གྲལ་བཤར་གཉིས་ཀྱི་རྒྱབ་ལོགས་ན་ཁ་གཏད་དུ་ཡོད་པའི་གྲལ་བཤར་སྟེང་སྡོད་མཁན་གྱི་མི་ཚང་མ་འབྲེལ་འདྲིས་དམ་ཟབ་ཅན་དུ་ཐག་གཅོད་པ་ཡིན། མལ་ཁྲི་ཅན་གྱི་འཁོར་སྒམ་ལས་ནད་པ་དང་བར་བཅད་གཅིག་གི་ནང་དུ་མཉམ་དུ་འདུག་མཁན་དང་། ནད་པ་ཡོད་སའི་བར་བཅད་དེའི་སྔ་གཞུག་གཉིས་ཀྱི་བར་བཅད་ནང་སྡོད་མཁན་གྱི་མི་ཚང་མ། དེ་མིན་འཁོར་སྒམ་ནང་གི་འགྲུལ་བཞུད་པ་རྣམས་ལ་ཞབས་ཞུ་སྒྲུབ་མཁན་གྱི་མགྲོན་ཞབས་པ་ཚང་མ་བཅས་འབྲེལ་འདྲིས་དམ་ཟབ་ཅན་དུ་ཐག་གཅོད་པ་ཡིན།
གྲུ་གཟིངས།
        ནད་པ་དང་གཟིངས་ཁང་གཅིག་གི་ནང་ལ་འདུག་མཁན་གྱི་མི་ཚང་མ་དང་དེ་དག་ལ་ཞབས་ཞུ་སྒྲུབ་མཁན་གྱི་མགྲོན་ཞབས་ཚང་མ་འབྲེལ་འདྲིས་དམ་ཟབ་ཅན་དུ་ཐག་གཅོད་པ་ཡིན།
འབྲེལ་ཡོད་འོས་སྦྱོར།