སོ་ལྷུང་བ་ལ་སྣང་ཆུང་བྱེད་མི་རུང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-10-06
ཀློག་གྲངས།:
ང་ཚོའི་ལུས་སྟེང་དུ་སྟོན་གྲངས་རིགས་ཤིག་ཡོད་ལ། གང་དེའི་གྲངས་ཐང་ཇི་ཙམ་ཆེ་ན་སྔོན་དཔག་གི་ཚེ་ཐག་དེ་ཙམ་རིང་ཞིང་། དེ་ལས་ལྡོག་ན་འཆི་བའི་ཉེན་ཁ་དེ་ཙམ་གྱིས་མཐོ་བ་མཚོན་གྱིན་ཡོད་པ་རེད། ལོ70ཡན་གྱི་མི་ཚོགས་ལ་མཚོན་ནས་བཤད་ན། སྟོན་གྲངས་དེ20ལས་མཐོ་ཚེ་ལོ7གྱི་ནང་དུ་ཚེ་ལས་འཆི་བའི་ཉེན་ཁའི་ཚད22%ཡིན་པ་དང་། 10ནས19བར་ཡིན་ཚེ་ལོ7གྱི་ནང་དུ་འཆི་བའི་ཉེན་ཁའི་ཚད35%ཡིན་པ་རེད། 1ནས9བར་ཡིན་ཚེ་ལོ7གྱི་ནང་དུ་འཆི་བའི་ཉེན་ཁའི་ཚད50%ཡིན་ལ། 0དུ་སླེབས་ཚེ་ལོ7གྱི་ནང་དུ་འཆི་བའི་ཉེན་ཁའི་ཚད70%ཡིན་པར་བརྗོད།
1. སོ་གཅིག་མེད་ན་སོ་ཚང་མར་ཤུགས་རྐྱེན་ཐེབས་སྲིད། མི་དར་མ་དང་རྒན་རྒོན་མང་པོ་ཞིག་ལ་སོ་ཆ་ཚང་བ་ཞིག་མེད་པའི་གནས་ཚུལ་ཡོད་དེ། ཚང་མས་ཡོངས་ཁྱབ་ཏུ་སོ་གཅིག་མ་ཚང་བ་ཙམ་པོར་གནད་དོན་ཆེན་པོ་མི་འདུག་སྙམ་བཞིན། འོན་ཀྱང་སོ་གཅིག་ལྷུང་རྗེས། འགྲམ་སོ་ལ་འདང་ངེས་ཀྱི་རྟེན་ས་མེད་པར་གྱུར་ཏེ། ཡུན་རིང་འགོར་ན་ཟས་ལྡད་པ་དང་བསྟུན་ནས་སོ་དེ་གནས་སྤོར་བྱེད་པ་དང་། དེ་ནས་རིམ་གྱིས་འགྲམ་སོ་དང་དེའི་ཁ་གཏད་ཀྱི་སོ་ལའང་ཤུགས་རྐྱེན་བཟོས་ཏེ། སོ་ཚང་མར་གནོད་འཚེ་ཐེབས་ངེས་ཡིན། གལ་ཏེ་མ་མགལ་ན་བ་སོགས་བྱུང་ན། དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་དགོས།
2. ཟས་རིགས་སྲ་མོ།
3. འབྱར་གཤིས་ཆེ་བའི་ཟས་རིགས།
4. མདོག་ཆེ་བའི་ཟས་རིགས།
སྟོན་གྲངས་དེ་ནི་ང་ཚོའི་སོ་ཡི་གྲངས་ཀ་སྟེ། སོ་རྩ་ལྷོད་མེད་པ་དང་ཡ་སོ་མ་སོ་གཉིས་ཀ་ཆ་འགྲིག་པའི་སོ་ནི་བྱེད་ནུས་སོ་ཡི་ཁ་གྲངས་ཡིན། དེས་ན་ཁྱོད་ཀྱིས་ཀྱང་རང་གི་སོ་ལ་ཚང་རྩིས་ཤིག་ལོངས་དང་།
སོ་ལེགས་པོ་ཞིག་མེད་ན་ལུས་པོ་ཡོངས་སུ་ནད་རིགས་སྣ་མང་བསྐྱེད་སྲིད།1. སོ་གཅིག་མེད་ན་སོ་ཚང་མར་ཤུགས་རྐྱེན་ཐེབས་སྲིད། མི་དར་མ་དང་རྒན་རྒོན་མང་པོ་ཞིག་ལ་སོ་ཆ་ཚང་བ་ཞིག་མེད་པའི་གནས་ཚུལ་ཡོད་དེ། ཚང་མས་ཡོངས་ཁྱབ་ཏུ་སོ་གཅིག་མ་ཚང་བ་ཙམ་པོར་གནད་དོན་ཆེན་པོ་མི་འདུག་སྙམ་བཞིན། འོན་ཀྱང་སོ་གཅིག་ལྷུང་རྗེས། འགྲམ་སོ་ལ་འདང་ངེས་ཀྱི་རྟེན་ས་མེད་པར་གྱུར་ཏེ། ཡུན་རིང་འགོར་ན་ཟས་ལྡད་པ་དང་བསྟུན་ནས་སོ་དེ་གནས་སྤོར་བྱེད་པ་དང་། དེ་ནས་རིམ་གྱིས་འགྲམ་སོ་དང་དེའི་ཁ་གཏད་ཀྱི་སོ་ལའང་ཤུགས་རྐྱེན་བཟོས་ཏེ། སོ་ཚང་མར་གནོད་འཚེ་ཐེབས་ངེས་ཡིན། གལ་ཏེ་མ་མགལ་ན་བ་སོགས་བྱུང་ན། དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་གསོ་བཅོས་བྱེད་དགོས།
2. སོ་ལྷུང་བ་ལས་ནད་རིགས་སྣ་ཚོགས་སློང་སྲིད་པ་དང་འཆི་བའི་ཉེན་ཁ་ཡང་འབྱུང་བ་རེད། གལ་ཏེ་སོ་ལྷུང་བ་མང་དྲགས་ན་ཟས་ལྡད་པའི་ནུས་པ་ཇེ་ཞན་དུ་སོང་ནས་ལུས་ཡོངས་ཀྱི་འཚོ་བཅུད་ཀྱི་གནས་ཚུལ་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ནད་རིགས་སྣ་ཚོགས་སློང་སྲིད་ཅིང་འཆི་བའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་ངེས་ཡིན། བྱེད་ལས་སོ་ཡི་མང་ཉུང་དེ་ལོ་ཚོད་དེའི་ཆ་སྙོམས་གྲངས་ཚད་ལས་དམའ་བའི་སྐབས་སུ། འཇུ་ལམ་སྐྲན་ནད་ཀྱིས་ཚེ་ལས་འདས་ཚད་དང་། སྙིང་ནད་ཀྱིས་ཚེ་ལས་འདས་ཚད། གྲིབ་ནད་ཀྱིས་ཚེ་ལས་འདས་ཚད་སོགས་ཇེ་མཐོར་འགྲོ་བ་དང་། གཞན་ཡང་སོ་ཡི་ཟས་ལྡད་པའི་བྱེད་ནུས་ཀྱིས་དབང་རྩའི་མ་ལག་ལ་ངར་སྐུལ་བཟང་པོ་བྱེད་ཀྱིན་ཡོད་པས། གལ་ཏེ་སོ་སྔ་ས་ནས་ལྷུང་ཚེ། ཨལ་ཛ་མིར་ནད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་ལ། བྱེད་ནུས་སོ་ཡི་གྲངས་ཚད1ཇེ་ཉུང་དུ་སོང་ན། ཨལ་ཛ་མིར་ནད་བྱུང་བའི་སྲིད་ཕྱོད1.1%འཕར་སྲིད་པ་རེད།
ཟས་རིགས་འདི་དག་ནི་ཀ་ར་ལས་ཀྱང་སོ་ལ་གནོད།
1. ཐཱན་སྐྱུར་བཏུང་སྐྱེམས་དང་སིལ་ཁུ།2. ཟས་རིགས་སྲ་མོ།
3. འབྱར་གཤིས་ཆེ་བའི་ཟས་རིགས།
4. མདོག་ཆེ་བའི་ཟས་རིགས།
འབྲེལ་ཡོད་འོས་སྦྱོར།