“སྔོ་ཚོད་ཁུག་མ”ཉོ་དུས་མཉམ་འཇོག་བྱ་དགོས་ས་འགའ།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2022-11-12
ཀློག་གྲངས།:
རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱིས“སྔོ་ཚོད་ཁུག་མ”ཉོས་རྗེས་ངེས་པར་དུ་དུག་སེལ་བྱ་དགོས་པ་མ་ཟད་གཤམ་གྱི་དོན་ཚན་དག་ལ་མཉམ་འཇོག་བྱ་དགོས།
གཅིག “སྔོ་ཚོད་ཁུག་མ”ལེན་དུས་ཐུག་རེག་མི་བྱེད་པའི་བྱེད་ཐབས་སྤྱོད་དགོས་ཤིང་། ཁ་ཐུམ་དང་ལག་ཤུབས་ལེགས་པར་གྱོན་ནས་འགོག་སྲུང་དམ་པོ་བྱ་དགོས།
གཉིས། “སྔོ་ཚོད་ཁུག་མ”བླངས་རྗེས་མྱུར་དུ་ཁ་མི་ཕྱེ་པར་ཕྱི་ཐུམ་ལ་དུག་སེལ་སྨན་ཆུ་གཏོར་ནས་ཕྱོགས་ཡོངས་ཀྱི་དུག་སེལ་ཐེངས་ཤིག་བྱ་དགོས་ལ། གལ་ཏེ་ཆུ་ཤོག་རིམ་པ་མང་པོས་བཏུམས་ཡོད་ཚེ་རིམ་པ་རེ་རེ་བྱས་ཏེ་དུག་སེལ་བྱ་དགོས་པ་མ་ཟད་ཕྱི་ཐུམ་འདྲ་བྱེད་ཀྱི་འཚེམ་གྲུ་སོགས་ལའང་དུག་སེལ་བྱ་དགོས།
གསུམ། ཕྱི་ཐུམ་ཁ་ཕྱེ་དུས་ཁ་ཐུམ་བརྒྱག་དགོས་པ་མ་ཟད་ལག་ཤུབས་ཡོད་ན་དེ་ལས་བཟང་། གལ་ཏེ་ལག་ཤུབས་མེད་ན་ཁ་ཕྱེ་རྗེས་ངེས་པར་དུ་ལག་པར་དུག་སེལ་ལེགས་པོ་བྱ་དགོས།
བཞི། དུག་སེལ་བྱས་ཟིན་པའི་ཕྱི་ཐུམ་དག་སྤྱིར་བཏང་གད་སྙིགས་སུ་བརྩིས་ནས་ཐག་གཅོད་བྱས་ཆོག་ཀྱང་། གལ་ཏེ་ཏོག་གསར་གློ་ཚད་ནད་དུག་འགོས་ཡོད་པ་གཏན་ཁེལ་ཡིན་པའི་ཕྱི་ཐུམ་ཡིན་ཚེ་སྨན་རྫས་གད་སྙིགས་ཀྱི་ཚད་ཐིག་ལྟར་ཐག་གཅོད་བྱ་དགོས།
ལྔ། དུག་སེལ་དང་གཙང་འཁྲུད་བྱས་པའི་ཤིང་ཏོག་དང་སྔོ་ཚོད་དུས་ཡུན་དུས་ཚོད་གཉིས་ནས་གསུམ་ལ་བཞག་རྗེས་སྤྱད་ན་འཚམ།
དྲུག ཏོག་གསར་གློ་ཚད་ཀྱི་ནད་དུག་ཚ་དྲོད་ཀྱིས་སེལ་ཐུབ་པས་ན་དྲོད་ཚད་ཏུའུ56ནང་སྐར་མ30ཡན་དང་ཡང་ན་སྐར་མ5ཡན་ལ་གདུ་རུ་བཅུག་ན་ནད་དུག་སེལ་ཐུབ། དེ་བས་ཟས་རིགས་ཐམས་ཅད་བཙོས་ནས་ཟོས་ན་ཤིན་ཏུ་བཟང་།
བདུན། གྲང་ཚལ་དང་ཤིང་ཏོག་གི་རིགས་དུས་ཚོད8ཡན་ལ་བཞག་རྗེས་སྤྱད་ན་འགྲིག

འབྲེལ་ཡོད་འོས་སྦྱོར།