ནད་རྟགས་མེད་པའི་ནད་པ་ཇེ་མང་དུ་འགྲོ་བའི་རྒྱུ་རྐྱེན་གསུམ།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2022-11-18
ཀློག་གྲངས།:
ཐེངས་འདིའི་རིམས་ནད་ཁྲོད་ཀྱི་པྲོག་གསར་གློ་ཚད་ནད་པ་ཕལ་ཆེ་བ་ནི་ནད་རྟགས་མེད་པའི་ནད་པ་ཡིན་པ་རེད། འོ་ན། ཅི་ཞིག་ལ་ནད་རྟགས་མེད་པའི་ནད་པ་ཟེར་བ་དང་། ནད་རྟགས་མེད་པའི་ནད་པ་ལས་ནད་དུག་འགོས་མཆེད་འགྲོ་སྲིད་དམ་ཟེར་ན། ང་ཚོས་མཉམ་དུ་ཆེད་མཁས་པའི་འགྲེལ་བཤད་ལ་མཉན་པར་བྱའོ། །
གཅིག ཅི་ཞིག་ལ་ནད་རྟགས་མེད་པའི་ནད་པ་ཟེར།
ནད་རྟགས་མེད་པའི་ནད་པ་ཞེས་པ་ནི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་སུ་མངོན་ན་ཡང་། ཚ་རྒྱག་པ་དང་སྐམ་ལུ་བྱེད་པ། ཤེད་ཉམས་པ། མིད་པ་ན་བ། དྲི་དང་རོ་འཛིན་པའི་ནུས་པ་ཉམས་པ། ཁོག་པ་བཤལ་བ་སོགས་རང་གིས་ཚོར་བའམ་ཡང་ན་ནད་ཐོག་ངོས་འཛིན་ཐུབ་པའི་ནད་རྟགས་དང་མངོན་རྟགས་ཅི་ཡང་མེད་པ་མ་ཟད། CTབརྙན་པར་རིག་པའི་བརྟག་དཔྱད་ལ་ཡང་པྲོག་གསར་གློ་ཚད་ཀྱི་བརྙན་པར་རིག་པའི་ཁྱད་རྟགས་མེད་པས། མིག་སྔའི་གནས་ཚུལ་ལ་གཞིགས་ན། ད་དུང་གཏན་ཁེལ་ནད་པར་ངོས་འཛིན་མི་ཐུབ་པ་དེའི་རིགས་ལ་ནད་རྟགས་མེད་པའི་ནད་པ་ཟེར། འོན་ཀྱང་། ནད་རྟགས་མེད་པའི་ནད་པ་ཁ་ཤས་ཤིག་མིག་སྔའི་བར་དུ་ནད་རྟགས་མི་མངོན་པའི་དུས་སུ་གནས་ཡོད་པ་མ་གཏོགས། རིམ་གྱིས་ནད་རྟགས་ཡོད་པའི་གཏན་ཁེལ་ནད་པར་འགྱུར་སྲིད་པ་ཡང་ཡོད། ནད་རྟགས་མེད་པའི་ནད་པ་སྐོར་ཞིག་རང་ངོས་ཀྱི་འགོག་ནུས་དང་ཡང་ན་དུས་ཐོག་ཏུ་ཤེས་རྟོགས་བྱུང་ནས་ནད་དུག་འགོག་པའི་སྨན་བཅོས་བྱས་པའི་སྟབས་ཀྱིས་ནད་རྟགས་མ་བྱུང་བའི་ངང་ནས་ནད་དུག་གཙང་སེལ་བྱེད་པའི་ནུས་པ་ཡང་ཡོད། དེ་མིན་ནད་པ་ཉུང་ཤོས་ཤིག་ནི་སླར་གསོ་འབྱུང་སྐབས་ཀྱི་ནད་རྟགས་མེད་པའི་ནད་པ་ཡིན། དེ་ལ་ནད་ཐོག་ནད་རྟགས་ཡོངས་སུ་མེད་པ་མ་ཟད་བརྟག་དཔྱད་གཞན་དག་ཀྱང་རྒྱུན་ལྡན་ཡིན། འོན་ཀྱང་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་དུས་ཡུན་ངེས་ཅན་ཞིག་ལ་གདགས་གཤིས་སུ་མངོན་པ་ཡིན།
གཉིས། ནད་རྟགས་མེད་པའི་ནད་པ་ཇེ་མང་དུ་འགྲོ་བར་རྒྱུ་རྐྱེན་གསུམ་ཡོད།
༡ དེ་ནི་ཨོ་སྨིས་ཁུ་རོན་རྒྱུ་འགྱུར་དུག་རྐང་གི་རང་ངོས་ཁྱད་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན། ནད་དུག་གི་རྒྱུ་འགྱུར་དང་བསྟུན་ནས། ཨོ་སྨིས་ཁུ་རོན་རྒྱུ་འགྱུར་དུག་རྐང་གི་འགོས་མཆེད་ནུས་པ་ཇེ་ཆེར་འགྲོ་བ་ཡིན། ཡིན་ན་ཡང་ནད་རྟགས་མངོན་ཚུལ་ལྟོས་བཅས་ཀྱིས་ཅུང་ཡང་བས་ནད་པ་མང་ཤོས་ལ་ནད་དུག་འགོས་རྗེས་ནད་རྟགས་མ་མངོན་པ་ཡིན།
༢ གཞི་ཁྱོན་ཆེ་བའི་མི་ཚོགས་ཀྱིས་འགོག་ཁབ་བརྒྱབ་པར་འབྲེལ་བ་ཡོད། ད་ལྟ་འགོག་ཁབ་བརྒྱབ་པའི་ཁྱབ་ཚད་ཆེ་བ་དང་། འགོག་ཁབ་བརྒྱབ་རྗེས་ལུས་ཕུང་གི་རིམས་འགོག་ནུས་ཤུགས་ཇེ་དྲག་ཏུ་སོང་ཡོད་པས་ནད་དུག་འགོས་ནའང་། ནད་རྟགས་འགའ་ཤས་ཕྱིར་མངོན་ཐུབ་ཀྱི་ཡོད་པ་མ་རེད། དེ་བས་འགོག་ཁབ་བརྒྱག་པ་ནི་ཧ་ཅང་ཕན་འབྲས་ལྡན་པ་ཞིག་ཡིན།
༣ སྔོན་ལ་ཤེས་པའམ་ཚོད་འཛིན་དོ་དམ་བྱས་པར་འབྲེལ་བ་ཡོད། རིམས་འགོག་དཔུང་སྡེ་ཡིས་མགྱོགས་མྱུར་སྒོས་ལེབ་བཤེར་དང་མགྱོགས་མྱུར་སྒོས་ངོས་འཛིན་བྱས་སྟབས། ནད་དུག་འགོས་ཡོད་པའི་ནད་པ་སྐོར་ཞིག་ནད་རྟགས་མ་མངོན་པའི་སྐབས་ནས་མགྱོགས་མྱུར་སྒོས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། རིམས་ནད་རྟོག་ཞིབ་བྱ་བ་ཇི་ལྟར་ཞིབ་ན། དུས་དང་པོ་ནས་ནད་དུག་འགོས་ཡོད་མཁན་ངོས་འཛིན་ཐུབ་ཚད་དེ་ལྟར་ཇེ་མཐོར་འགྲོ་སྲིད་ལ། རིམས་ནད་ཀྱི་འགོས་ཁྱབ་ཀྱང་དུས་ཐོག་ཏུ་ཚོད་འཛིན་བྱ་ཐུབ།
གསུམ། ནད་རྟགས་མེད་པའི་ནད་པར་འགོས་ཁྱབ་ནུས་ཤུགས་ལྡན།
ནད་རྟགས་མེད་པའི་ནད་པས་མི་གཞན་ལ་ནད་དུག་འགོ་རུ་འཇུག་སྲིད་དམ། ཆེད་མཁས་པས་བཤད་རྒྱུར། ནད་རྟགས་མེད་པའི་ནད་པར་ནད་རྟགས་མེད་པ་ཙམ་ལས། འགོས་མཆེད་འགྲོ་བའི་ཉེན་ཁ་ཡོད། ནད་རྟགས་མེད་པའི་ནད་པའི་འགོས་མཆེད་བརྒྱུད་ལམ་ནི་གཏན་ཁེལ་ནད་པ་དང་གཅིག་མཚུངས་ཡིན། བྱེ་བྲག་ཏུ་མཁའ་དབུགས་ཀྱི་རྡུལ་ཕྲན་ལས་འགོས་མཆེད་འགྲོ་བ་དང་། འབྲེལ་བ་དམ་ཟབ་ལས་འགོས་མཆེད་འགྲོ་བ། དབུགས་རླུང་ཆུ་རྡུལ་ལས་འགོས་མཆེད་འགྲོ་བ་ཡིན།
དེའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར། ནད་རྟགས་མེད་པའི་ནད་པའི་ཉེ་བཅར་མཁན་ལེབ་བཤེར་བྱེད་པ་དང་ཉེན་ཁ་ཆེ་བའི་མི་ཚོགས་འཚག་བཤེར་བྱ་དགོས་པར་མ་ཟད། འབྲེལ་ཡོད་ས་གནས་ལ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱ་དགོས། ནད་རྟགས་མེད་པའི་ནད་པའི་འབྲེལ་བ་དམ་ཟབ་ཅན་ལ། གཏན་ཁེལ་ནད་པའི་འབྲེལ་བ་དམ་ཟབ་ཅན་དང་གཅིག་མཚུངས་ཀྱི་དོ་དམ་ཚོད་འཛིན་དང་ལེབ་བཤེར་བྱེད་པ་ཡིན།

འབྲེལ་ཡོད་འོས་སྦྱོར།