བྱིས་པར་རྒྱང་སྒྲིབ་མིག་ནད་འབྱུང་བར་སྔོན་འགོག་བྱེད་ཐབས།
རྩོམ་པ་པོ།:
ཡོང་ཁུངས།:གངས་ལྗོངས་མེ་ལོང་།
དུས་ཚོད།:2022-12-06
ཀློག་གྲངས།:
མི་རྣམས་ཀྱིས་ཕྱི་རོལ་ཡུལ་གྱི་འཕྲིན་གསར་སྣ་ཚོགས་བསྡུ་ལེན་བྱེད་པར་གཙོ་བོ་མིག་ལ་བརྟེན་དགོས་པ་རེད། གལ་ཏེ་བྱིས་པའི་མིག་ཤུགས་ཆུང་དུས་ནས་ཇེ་ཞན་དུ་གྱུར་ཚེ། ཐད་ཀར་དུ་ཀླད་པའི་ཚོར་སྣང་གི་ནུས་པར་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ཐ་ན་རིག་སྟོབས་ལའང་ཤུགས་རྐྱེན་ཐེབས་སྲིད། བྱིས་གཉོར་ཁང་ཞིག་གིས་ལོ་བཞི་ནས་དྲུག་བར་གྱི་བྱིས་པ་ཡོངས་ལ་བརྟག་དཔྱད་ཐེངས་ཤིག་བྱས་པ་ན། རྒྱུན་ལྡན་གྱི་མིག་ཤུགས་ལས་དམའ་བའི་བྱིས་པས་ཧ་ལམ་བརྒྱ་ཆའི་ཞེ་ལྔ་དང་གྲངས་ཆུང་གསུམ་ཟིན་ཡོད་པ་ཤེས། བྱིས་གཉོར་ཁང་དུ་འགྲོ་དུས་ནས་མིག་ཤུགས་རྒྱུན་ལྡན་མིན་ཚེ་བྱིས་པར་ཆུང་དུས་ནས་མིག་ཤེལ་བསྐོན་དགོས་པས། ཁྱིམ་བདག་མང་པོས་བྱིས་པའི་བདེ་ཐང་ལ་སེམས་ཁུར་བྱེད་དགོས་བྱུང་།
གློག་རྡུལ་སྒྲིག་ཆས་ནི་མིག་ཤུགས་ཉམས་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།
སྤྱིར་དབྱར་གནང་དང་དགུན་གནང་གི་སྐབས་ནི་བྱིས་པའི་མིག་ཤུགས་ཉམས་པ་ཆེས་མགྱོགས་པའི་དུས་སྐབས་རེད། བྱིས་པ་དེ་དག་ལ་གསོ་བཅོས་བྱེད་སྐབས། སྨན་པས་གློག་ཀླད་དང་ལག་འཁྱེར་ཁ་པར་སོགས་གློག་རྡུལ་ཐོན་རྫས་ཚོད་མེད་དུ་བཀོལ་སྤྱོད་བྱས་པ་དེས་བྱིས་པའི་མིག་ཤུགས་ལ་ཤུགས་རྐྱེན་ཐེབས་ཚད་ཆེས་ཆེ་བས། དེ་ནི་བྱིས་པའི་མིག་ཤུགས་ཉམས་པར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་ཤེས། གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱེད་ཡུན་རིང་ན། བྱིས་པའི་མིག་ཤུགས་མ་གཏོགས། མི་དར་མའི་མིག་ཤུགས་ལའང་ཤུགས་རྐྱེན་ཚབས་ཆེན་ཐེབས་ངེས། དེ་ནི་ང་ཚོའི་མིག་གིས་གློག་རྡུལ་བརྙན་ཤེལ་ལ་ཅེར་པའི་སྐབས་སུ། མིག་གི་རྒྱལ་མོར་འོད་ནུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འགྱུར་ལྡོག་འབྱུང་སྲིད་ཅིང་། དེའི་སྐབས་སུ་མིག་གི་རྒྱལ་མོ་སྙོམས་སྒྲིག་བྱེད་པའི་རྫི་མའི་དབྱིབས་ཀྱི་ཤ་གྲིམ་དེ་མཐའ་གཅིག་ཏུ་སྒྲིམ་པའི་རྣམ་པར་གནས་ཡོད་པ་རེད། དེའི་སྟེང་དུ་ད་དུང་གློག་རྡུལ་བརྙན་ཤེལ་ངོས་སུ་བར་མེད་དུ་འོད་འཁྱུག་བཞིན་ཡོད་པས། རྫི་མའི་དབྱིབས་ཀྱི་ཤ་གྲིམ་གྱི་འགུལ་སྐྱོད་བྱེད་ཚད་དེ་སྔར་ལས་མང་ཞིང་དུས་ཡུན་རིང་བོར་ཤ་སྒྲིམ་ནས་ལྷོད་པོར་གནས་མ་ཐུབ་པས། མིག་ལ་ངལ་དུབ་འབྱུང་བ་དང་མིག་ཤུགས་ལ་གནོད་སྐྱོན་ཐེབས་པ་རེད། མི་དར་མ་དང་བསྡུར་ན། ཤུགས་རྐྱེན་འདི་དག་གིས་བྱིས་པར་གནོད་སྐྱོན་ཐེབས་ཚད་ཆེས་མཐོ། བྱིས་པའི་མིག་འབྲས་དེ་ཡོངས་སུ་འཚར་ལོངས་བྱུང་མེད་ལ། རྫི་མའི་དབྱིབས་ཀྱི་ཤ་གྲིམ་གྱི་སྙོམ་སྒྲིག་གི་ནུས་པ་ཧ་ཅང་བཟང་བས། མིག་གི་ངལ་དུབ་ཐེག་ཚད་དེ་མི་དར་མ་ལས་ལྷག་པ་ཡིན། མི་དར་མས་ཧ་ལམ་དུས་ཡུན་སྐར་མ་བཅུའི་རིང་ལ་བལྟས་ཚེ་མིག་ལ་ངལ་དུབ་འབྱུང་བ་ཞིག་ཡིན་ན། བྱིས་པར་དུས་ཡུན་དེའི་ནང་ཚོར་སྣང་ཅི་ཡང་འབྱུང་མི་སྲིད། ཡིན་ནའང་བྱིས་པའི་མིག་ལ་ངལ་དུབ་འབྱུང་བའི་ཚོར་སྣང་ཡོད་པའི་སྐབས་སུ་རྫི་མའི་དབྱིབས་ཀྱི་ཤ་གྲིམ་དེ་སྔོན་ནས་ཧ་ཅང་ཐང་ཆད་པའི་རྣམ་པར་གནས་ཡོད། དེ་ལྟར་ཡུན་རིང་འགོར་ཚེ། རྫི་མའི་དབྱིབས་ཀྱི་ཤ་གྲིམ་དེའི་སྙོམ་སྒྲིག་གི་ནུས་པ་ཇེ་ཞན་དུ་འགྲོ་སྲིད་ཅིང་དེ་ནས་རྒྱང་སྒྲིབ་མིག་ནད་འབྱུང་བ་ཡིན།
ཉིན་རེར་སྒོའི་ཕྱི་རོལ་དུ་སོང་ནས་དུས་ཚོད་གཉིས་ཙམ་གྱི་རིང་ལ་མིག་ལ་ངལ་གསོ་བྱེད་དུ་འཇུག་དགོས།
རྒྱང་སྒྲིབ་མིག་ནད་འགོག་པའི་བྱེད་ཐབས་ནི། ལོ་ན་ཆུང་བའི་བྱིས་པར་གང་ནུས་ཀྱིས་གློག་རྡུལ་ཐོན་རྫས་རྩེད་དུ་མི་འཇུག་པ་དང་། དེ་ལས་ཅུང་ཆེ་བའི་བྱིས་པས་གློག་རྡུལ་ཐོན་རྫས་རྩེད་སྐབས་དུས་ཡུན་ལ་ཚོད་བཟུང་ནས་། རྩེད་ཐེངས་གཅིག་ལ་དུས་ཚོད་ཕྱེད་ཀ་ལས་བརྒལ་དུ་མི་འཇུག་པ་དང་ཉིན་གཅིག་ལ་དུས་ཚོད་གཅིག་ལས་བརྒལ་དུ་འཇུག་མི་རུང་། དུས་མཚུངས་སུ། བྱིས་པས་གློག་རྡུལ་རྩེད་ཆས་ལ་རོལ་སྐབས་ཀྱི་འདུག་སྟངས་ལའང་དོ་སྣང་བྱེད་དགོས། དཔེར་ན་གློག་རྡུལ་རྩེད་ཆས་དང་བར་ཐག་བཀྱེད་དགོས་ཤིང་། མགོ་བོ་སྒུར་ནས་འདུག་མི་རུང་། མགོ་བོ་སྒུར་ནས་ཡུན་རིང་འགོར་ཚེ། སྐེ་ཚིགས་ན་ནས་མགོ་བོར་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། མིག་གི་ཁྲག་རྒྱུན་འཁོར་སྐྱོད་ལའང་ཤུགས་རྐྱེན་ཐེབས་པ་དང་ལྷག་པར་དུ་མིག་ལ་ངལ་དུབ་འབྱུང་སྲིད། དུས་རྒྱུན་དུ་མིག་ཤུགས་བདེ་སྲུང་གི་སྦྱོང་བརྡར་བྱེད་དགོས་ཤིང་ལག་པས་མིག་ཕུར་བ་སོགས་ཀྱི་མི་ལེགས་པའི་གོམས་གཤིས་དོར་ནས་མིག་གི་གཙང་སྦྲར་དོ་སྣང་བྱེད་དགོས། དེ་དག་ལས་ཀྱང་ཆེས་ལེགས་པའི་བྱེད་ཐབས་ནི། བྱིས་པ་སྒོའི་ཕྱི་རོལ་དུ་ཁྲིད་པ་དང་སྒོའི་ཕྱི་རོལ་གྱི་བྱ་འགུལ་ཇེ་མང་དུ་བཏང་སྟེ་མིག་ལ་ངལ་གསོ་བྱེད་དུ་འཇུག་དགོས།
མིག་སྔར་རྒྱལ་ཁབ་ཕྱི་ནང་གི་མིག་ནད་ཆེད་མཁས་པ་རྣམས་ཀྱིས་བལྟས་ན། ཉིན་རེར་ཕྱི་རོལ་དུ་སོང་ནས་དུས་ཚོད་གཉིས་ཙམ་ལ་འགུལ་སྐྱོད་བྱེད་པ་དེ་རྒྱང་སྒྲིབ་མིག་ནད་འགོག་པའི་བྱེད་ཐབས་ཆེས་གཙོ་བོ་ཞིག་ཡིན་པར་འདོད། ལོ་དྲུག་ཡས་མས་ཀྱི་བྱིས་པར་རྒྱང་སྒྲིབ་མིག་ནད་བྱུང་བར་ཚོད་ལྟ་བྱས་པ་ལས་ཤེས་པ་ལྟར་ན། ཉིན་རེར་བསྡོམས་པས་དུས་ཚོད་གཉིས་ཙམ་ལ་སྒོའི་ཕྱི་རོལ་ནས་འགུལ་སྐྱོད་བྱེད་བཞིན་པའི་བྱིས་པར་རྒྱང་སྒྲིབ་མིག་ནད་འབྱུང་ཚད་ཧ་ལམ་བརྒྱ་ཆའི་ཐིག་དང་གྲངས་ཆུང་བརྒྱད་ཙམ་ཡིན་པ་དང་། ཉིན་རེར་བསྡོམས་པས་དུས་ཚོད་གཅིག་ཙམ་ལ་འགུལ་སྐྱོད་བྱེད་བཞིན་པའི་བྱིས་པར་རྒྱང་སྒྲིབ་མིག་ནད་འབྱུང་ཚད་ཧ་ལམ་བརྒྱ་ཆའི་གསུམ་ཙམ་རེད། དེ་བས་བྱིས་པ་རྒྱུན་པར་སྒོའི་ཕྱི་རོལ་དུ་ཁྲིད་ནས་ལུས་སྟེང་དུ་ཉི་འོད་ཕོག་ཏུ་འཇུག་པ་དང་མིག་རྒྱ་བསྐྱེད་དུ་བཅུག་ན། བྱིས་པའི་མིག་ཤུགས་ལ་ཕན་པར་མ་ཟད། ལུས་སེམས་བདེ་ཐང་ལའང་ཕན་པ་ཆེན་པོ་ལྡན།
རྒྱུན་པར་མིག་ཤུགས་བདེ་སྲུང་གི་སྦྱོང་བརྡར་བྱེད་དགོས།
སྒོའི་ཕྱི་རོལ་དུ་སོང་ནས་འགུལ་སྐྱོད་བྱེད་པ་ལས་གཞན་ད་དུང་ཉིན་རྒྱུན་མིག་འབྲས་གཡས་གཡོན་གཉིས་དང་སྟེང་འོག་གཉིས་བཅས་སུ་བསྐོར་ནས་འགུལ་སྐྱོད་བྱེད་པ་དང་། ཅུང་སྟབས་བདེ་བའི་མིག་ཤུགས་བདེ་སྲུང་གི་སྦྱོང་བརྡར་བྱས་ནས་མིག་ཤུགས་ལ་སྲུང་སྐྱོབ་བྱེད་དགོས།
1. འོས་འཚམ་སྒོས་མིག་བཀོལ་སྤྱོད་བྱེད་པ། ང་ཚོས་རྒྱུན་པར་མིག་བཀོལ་སྤྱོད་བྱེད་པའི་དུས་ཡུན་ལའང་ཚོད་འཛིན་དགོས། རང་རྟོགས་དང་རང་འགུལ་སྒོས་མིག་ལ་ངལ་དུབ་ཆེན་པོ་འབྱུང་དུ་འཇུག་མི་རུང་། བསྟུད་མུར་སྐར་མ་བཞི་བཅུའི་ཡས་མས་ཀྱི་མཚམས་སུ་མིག་གིས་རྒྱང་རིང་ལ་ཅེར་བའམ་ཡང་ན་མིག་གཉིས་བཙུམ་ནས་ངལ་གསོ་ཅུང་ཙམ་བྱེད་དགོས།
2. མིག་ཤུགས་ཇེ་ལེགས་སུ་གཏོང་བའི་སྦྱོང་བརྡར་བྱེད་པ། སློབ་སྦྱོང་གི་ཞོར་ནས་དུས་ཡུན་ངེས་གཏན་མེད་པར་མིག་ཤུགས་ཇེ་ལེགས་སུ་གཏོང་བའི་སྦྱོང་བརྡར་བྱེད་དགོས་ཏེ། དཔེར་ན། མིག་སྐོར་རྒྱག་པ་དང་ཟུར་མིག་གིས་བལྟ་བ། ཤེལ་གཟུགས་གི་སྦྱོང་བརྡར་བྱེད་ཐབས་བཅས་བྱེད་དགོས།
དེ་ལས་མིག་སྐོར་རྒྱག་པའི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་མིག་མཐའི་ཤ་གྲིམ་ལ་སྦྱོང་བརྡར་བྱེད་ཆེད་ཡིན། སེམས་རྣལ་དུ་ཕབ་སྟེ་མིག་འབྲས་གཡས་ཕྱོགས་སུ་བསྐོར་ནས་ཉེ་འཁོར་གྱི་བྱ་དངོས་ལ་ཅུང་ཙམ་བལྟས་རྗེས། ཡང་བསྐྱར་གཡོན་ཕྱོགས་སུ་བསྐོར་ནས་བལྟ་བའི་སྦྱོང་བརྡར་དེ་ཐེངས་འགར་བྱས་ན་མིག་གི་ངལ་དུབ་སེལ་ཐུབ་པ་ཡིན།
ཟུར་མིག་གིས་བལྟ་བའི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་མིག་མཐའི་ཤ་གྲིམ་ལ་སྦྱོང་བརྡར་བྱེད་པ་དང་། མཐོང་བྱེད་དྲ་སྐྱིར་ངར་སྐུལ་གཏོང་བ། ཉེ་འཁོར་ལ་བལྟ་བའི་མིག་ཤུགས་བཅས་ལ་སྦྱོང་བརྡར་བྱེད་པ་དེ་ཡིན། དེའི་བྱེད་ཐབས་ནི། མགོ་བོ་ཡར་དགྱེ་ཤིང་དཔུང་བ་ཕྱོགས་གཅིག་བསྲིངས་ནས་ལག་པའི་མཛུབ་མོ་འགུལ་སྐྱོད་བྱེད་དགོས་པ་དང་། མིག་གིས་ལག་པའི་མཛུབ་མོའི་འགུལ་སྐྱོད་ལ་གསལ་བོར་བལྟ་དགོས། དེ་ལྟར་གཡས་གཡོན་གཉིས་སུ་འགུལ་སྐྱོད་ཐེངས་འགར་བྱེད་དགོས།
ཤེལ་གཟུགས་ཀྱི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་མིག་ཤུགས་རྐྱོང་སྐུམ་གྱི་སྦྱོང་བརྡར་དང་། རྫི་མའི་དབྱིབས་ཀྱི་ཤ་གྲིམ་གྱི་ནུས་པར་སྦྱོང་བརྡར་བྱེད་ཆེད་ཡིན། དེའི་བྱེད་ཐབས་ནི། ལག་གཡས་པའི་གོང་མཛུབ་སྔོན་དུ་ཁྲུ་གང་བསྲིངས་ནས་མཛུབ་རིས་ལ་གསལ་བོར་བལྟས་རྗེས། ལག་པའི་མཛུབ་མོ་གཡས་ཕྱོགས་སུ་བསྲིངས་སྟེ་མིག་གིས་ཕྱོགས་དེར་བལྟ་དགོས། དེ་ལྟར་ཐེངས་འགར་སྦྱོང་བརྡར་བྱེད་དགོས།
3. སྟབས་བདེ་བའི་མིག་ཤུགས་སྦྱོང་བརྡར་བྱེད་པ། མིག་གིས་རྒྱང་རིང་ལ་ཅེར་ནས་ཅུང་ཙམ་འདུག་པ་དང་། དེ་ནས་རང་ཉིད་ཀྱི་སྣ་རྩེར་བལྟས་ནས་ཅུང་འདུག་པའི་སྦྱོང་བརྡར་དེ་ཐེངས་འགར་བྱེད་དགོས། དེ་ལྟར་ཉིན་རེར་ཐེངས་གསུམ་ནས་བཞི་ཙམ་ལ་སྦྱོང་བརྡར་བྱས་ན་མིག་གི་ངལ་དུབ་སེལ་ཐུབ།
མིག་ཤེལ་མ་གྱོན་ན་བཟང་བར་འདོད་པ་དེ་ནི་ནོར་འཁྲུལ་ཅིག་ཡིན།
དེང་སྐབས་ཁྱིམ་བདག་མང་པོ་ཞིག་གིས་བྱིས་པར་མིག་ཤེལ་གྱོན་དུ་བཅུག་ན་ཚེ་གང་བོར་གྱོན་དགོས་པས་མ་གྱོན་ན་བཟང་བར་འདོད་ཀྱིན་ཡོད། དོན་དངོས་སུ་དེ་ལྟར་འདོད་ནས་བྱིས་པར་མིག་ཤེལ་གྱོན་དུ་མ་བཅུག་ཚེ། བྱིས་པའི་མིག་ཤུགས་ལྷག་ཏུ་ཇེ་ཞན་དུ་འགྱུར་ཚད་མགྱོགས་པ་རེད། བྱིས་པར་རྒྱང་སྒྲིབ་མིག་ནད་བྱུང་ཚེ། གལ་ཏེ་དུས་ཐོག་ཏུ་མིག་ཤེལ་མ་གྱོན་ཚེ། མིག་ཤུགས་ཇེ་སྡུག་ཏུ་འགྱུར་བར་མ་ཟད། མིག་གི་དབང་བོ་ཇེ་ཞན་དུ་གྱུར་ནས་ཚེ་གང་བོར་མིག་རབ་རིབ་ཏུ་འགྱུར་སྲིད།
དེ་བས་བྱིས་པས་མིག་ཤུགས་ཇེ་སྡུག་ཏུ་འགྱུར་བཞིན་པ་ཤེས་ཚེ། མྱུར་དུ་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་འབྲེལ་ཡོད་ཀྱི་བརྟག་དཔྱད་བྱས་ནས། བྱིས་པར་རྒྱང་སྒྲིབ་མིག་ནད་བྱུང་ཡོད་མེད་ལ་བརྟག་དཔྱད་གསལ་བོ་བྱས་ཏེ་དུས་ཐོག་ཏུ་གསོ་བཅོས་བྱེད་དགོས། །
གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།

འབྲེལ་ཡོད་འོས་སྦྱོར།