སླད་ཕྱིན་གྱི་ཟླ་བ་གཉིས་དང་གསུམ་ནི་རིམས་ནད་འགོ་ཚད་མང་ཤོས་ཀྱི་དུས་ཡིན།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2022-12-14
ཀློག་གྲངས།:
ཀྲུང་ཧྭ་སྔོན་འགོག་གསོ་རིག་མཐུན་ཚོགས་ཀྱི་འགོས་ནད་རང་བཞིན་གྱི་ནད་ཡམས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ཨུ་དང་དྲུང་ཆེ་གཅིག་ལྕོགས། ཀྲུང་ཧྲན་སློབ་ཆེན་ཞོར་གཏོགས་སྨན་ཁང་གསུམ་པའི་འགོས་ནད་ཚན་ཁག་གི་ཀྲུའུ་རེན་ལིན་པིང་ལེའང་གིས་སྤྱི་ཟླ12པའི་ཚེས9ཉིན་བཅར་འདྲི་དང་ལེན་བྱེད་སྐབས། སླད་ཕྱིན་གྱི་ཟླ་བ་གཉིས་དང་གསུམ་ནི་མི་ཚོགས་ལ་འགོས་ནད་ཕོག་མང་ཤོས་ཀྱི་དུས་སྐབས་ཆགས་སྲིད་པས། གནས་ཚུལ་དེ་འདྲའི་འོག་ནད་པ་ཁག་བགོས་ཡག་པོ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། སྨན་བཅོས་ཐོན་ཁུངས་ཚང་མ་ནད་གཞི་ལྕི་བ་དང་ཉེན་ཁ་ཆེ་བའི་ནད་པ་དང་དེ་བཞིན་ཉེན་ཁ་ཆེ་བའི་མི་ཚོགས་ལ་སྤྱོད་དགོས་ཞེས་བཤད་པ་རེད།
ནད་རྟགས་མེད་པ་དང་ཡང་རིགས་ཀྱི90%ཙམ་གྱིས་ཁྱིམ་སྡོད་སྨན་བཅོས་བྱས་ཆོག
པེ་ཅིན་པ་ཏུང་ཙི(རྫུས་མིང)ཡིས་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པར། ང་ལ་ཁ་སང་ཚ་བ་བརྒྱབ་ནས་ལུས་དྲོད39℃ལ་སླེབས། ཁྱིམ་དུ་ཚ་སྨན་དང་གདོད་འགོག་བརྟག་རྫས་མེད་པས། སྨན་ཁང་དུ་ཕྱིན་ན་ལེགས་སྙམ་ནས་ཁྲའོ་དབྱང་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སོང་བ་ཡིན། དེར་སྤྱི་ལེ་ཁ་ཤས་ཡོད་པའི་གྲལ་རིང་པོ་ཞིག་བསྒྲིགས་འདུག་པས་ང་ཕྱིར་རང་ཁྱིམ་དུ་ལོག་པ་ཡིན། དེ་ནས་གྲོགས་པོས་གདོད་འགོག་བརྟག་རྫས་སྤྲད་བྱུང་བས་བརྟག་དཔྱད་བྱས་ཚེ་སྲིབས་གཤིས་རེད་འདུག་པས་བློ་བདེ་སོང་ཞེས་བརྗོད་འདུག
སྤྱི་ཟླ12ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་ཕྱོགས་བསྡུས་ཚོགས་ཆུང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀ་དོན་འཁྱོལ་བྱེད་ཐབས་ལེགས་བཅོས་བྱེད་པའི་“དོན་ཚན་གསར་པ་བཅུ་”སྤེལ་ནས། ནད་དུག་ཕོག་མཁན་ལ་ཚན་རིག་དང་མཐུན་པའི་ངང་རིགས་དབྱེ་སྟེ་སྨན་བཅོས་བྱེད་པའི་སྒྲིག་སྲོལ་སྔར་བས་ཁ་གསལ་བཟོས་པ་སྟེ། རང་ཁྱིམ་དུ་ལོགས་སྡོད་བྱེད་པའི་ཆ་རྐྱེན་འཛོམས་མཁན་ནད་རྟགས་མེད་པའི་ནད་པ་དང་ནད་གཞི་ཡང་གྲས་སྤྱིར་ན་རང་ཁྱིམ་དུ་ལོགས་སྡོད་བྱེད་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་“མཐིལ་སྲུང་”དང་ཁྱིམ་ཚང་གི་སྨན་པའི་བདེ་ཐང་གི་“སྒོ་སྲུང་བ་”ཡི་ནུས་པ་འདོན་སྤེལ་བྱས་ནས། རིམ་པ་དང་རིགས་བགོས་ནས་དོ་དམ་བྱེད་ཐབས་གོང་སྤེལ་གཏོང་དགོས།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་ཕྱོགས་བསྡུས་ཚོགས་ཆུང་གིས«སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་གཞི་རྟེན་དུ་བྱས་ཏེ་ཏོག་གསར་གློ་ཚད་རིམ་དབྱེའི་སྨན་བཅོས་བྱེད་པའི་ལས་དོན་ཇུས་གཞི»སྤེལ་ཏེ། ཏོག་གསར་གློ་ཚད་དང་འབྲེལ་ཡོད་ནད་རྟགས་ཅན་རིམ་དབྱེའི་སྨན་བཅོས་བྱེད་པའི་ཞབས་ཞུའི་དྲ་བ་བཙུགས་ནས་རིམ་དབྱེའི་སྨན་བཅོས་བརྒྱུད་རིམ་ཁ་གསལ་བཟོ་དགོས་པ་དང་། ཆབས་གཅིག་ཏུ་ཏོག་གསར་ནད་དུག་ཕོག་མཁན་རིགས་དང་རིམ་པ་ཕྱེ་ནས་སྨན་བཅོས་བྱེད་པར་ཤུགས་སྣོན་རྒྱག་དགོས་ཞེས་གསལ་བཏོན་བྱས་ཡོད།
ལིན་པིང་ལེའང་གིས་ངོ་སྤྲོད་བྱས་དོན། ཨའོ་སྨི་ཁེ་རུང་ནད་དུག་ཕོག་མཁན90%ཙམ་ནི་ནད་གཞི་ཡང་བའམ་ཡང་ན་ནད་རྟགས་མེད་པའི་ནད་པ་ཡིན་པ་དང་། ནད་གཞི་ཡང་རིགས་ལ་གཙོ་བོ་ཚ་རྒྱག་པ་དང་། གློ་ལུ་པ། མིད་པ་ན་བ། ཤ་གནད་ན་བ་སོགས་ཀྱི་ནད་རྟགས་ཡོད། ནད་པ་དེ་དག་ལ་ནད་གཞི་ལྕི་རིགས་སུ་འགྱུར་བའི་ཉེན་ཁ་མེད་ཚེ་རང་ཁྱིམ་དུ་ལོགས་སྡོད་བྱས་ནས་དེ་འབྲེལ་གྱི་སྨན་བསྟེན་པས་འཐུས་པས་དངངས་སྐྲག་ལངས་མི་དགོས། ཨའོ་སྨི་ཁེ་རུང་ནད་དུག་ཕོག་མཁན་མང་ཆེ་བ་ཉིན་བདུན་ཙམ་ནང་དྲག་སྐྱེད་ཡོང་གི་ཡོད་པས། ནད་པ་འདི་རིགས་ཀྱིས་སྨན་བཅོས་ཀྱི་ཐོན་ཁུངས་བེད་སྤྱོད་གཏོང་དགོས་དོན་མེད། འོན་ཀྱང་ཉིན་དུ་མར་ཚ་འཇོམས་སྨན་བསྟེན་ཡང་ཕན་སྐྱེད་མེད་པར་ནད་གཞིར་འགྱུར་ལྡོག་བྱུང་རིགས་དང་དུས་ལྟར་སྨན་ཁང་དུ་ཕྱིན་ནས་སྨན་པར་སྟོན་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

འབྲེལ་ཡོད་འོས་སྦྱོར།