ལོ་ན་ཕྲ་བའི་བྱིས་པ་ལ་ཚ་རྒྱག་པའི་ནད་རྟགས་ཡོད་ན་ཇི་ལྟར་བྱ།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2022-12-16
ཀློག་གྲངས།:
༡ བྱིས་པ་ལ་ཚ་རྒྱག་ན་སྨན་ཁང་དུ་འགྲོ་ཨེ་དགོས།
བྱིས་པའི་གནས་ཚུལ་ལ་བལྟ་དགོས་ཏེ། བྱིས་པ་ལ་ཚ་རྒྱག་པའི་ནད་རྟགས་ཡོད་ན་ཡང་ཚ་རྒྱག་མཚམས་བཞག་རྗེས་ཟ་མ་ཟ་བ་དང་རྩེད་མོ་རྩེ་བ་སོགས་བྱིས་པའི་རྣམ་རིག་དང་ལུས་ཁམས་སོགས་རྒྱུན་ལྡན་ཡིན་ན། མྱུར་དུ་སྨན་ཁང་ལ་འགྲོ་བའི་དགོས་པ་མེད་ཅིང་། མུ་མཐུད་ནས་ཁྱིམ་ལ་བསྡད་དེ་ལྟ་ཞིབ་དང་ནད་རྟགས་ལྟར་སྨན་འཐུང་ནས་གསོ་བཅོས་བྱ་དགོས།
༢ ཁྱིམ་ཚང་ན་ལོ་ན་ཕྲ་བའི་བྱིས་པ་ཡོད་ན་སྔ་མོ་ནས་སྨན་གྲ་སྒྲིག་བྱ་དགོས།
ཁྱིམ་ཚང་ན་ལོ་ན་ཕྲ་བའི་བྱིས་པ་ཡོད་མཁན་གྱིས་བྱིས་པའི་རྒྱུན་མཁོའི་སྨན་རིགས་སྐོར་ཞིག་གྲ་སྒྲིག་བྱ་དགོས། ཡིན་ན་ཡང་སྨན་མང་པོ་གྲ་སྒྲིག་བྱ་དགོས་དོན་མེད། ཚ་སྨན་གྱི་སྐོར་ནས་ཟླ6ཡན་གྱི་བྱིས་པ་ལ་ནུབ་སྨན་པུའུ་ལོ་ཧྥུན(布洛芬)དང་ཏོས་ཡུས་ཞན་ཨན་ཅིས་ཧྥུན(对乙酰氨基酚)གཉིས་བླུད་ཆོག་ནའང་། སྨན་དེ་གཉིས་ཀྱི་ནང་ནས་སྨན་གཅིག་བླུད་པས་ཆོག ཟླ2དང་ཟླ6བར་གྱི་བྱིས་པ་ལ་པུའུ་ལོ་ཧྥུན(布洛芬)ལྡུད་མི་ཉན་པས་ཏོས་ཡུས་ཞན་ཨན་ཅིས་ཧྥུན(对乙酰氨基酚)ལྡུད་དགོས། ཟླ2ནང་གི་བྱིས་པ་ལ་ཚ་སྨན་བླུད་ན་འོས་འཚམ་མིན་པས་དངོས་ལུགས་ཀྱིས་ཚ་གཅོག་པའི་བྱེད་ཐབས་སྤྱོད་དགོས།
༣ གཤམ་གྱི་སྣང་ཚུལ་འདི་དག་ཡོད་ན་མྱུར་དུ་སྨན་ཁང་ལ་འགྲོ་དགོས།
• བསྟུད་མར་ཉིན3ལ་ཚ་བརྒྱབ་ནས་ཚ་རྒྱག་མཚམས་མི་འཇོག་པའི་སྣང་ཚུལ་ཡོད་པ།
• ཚ་རྒྱག་མཚམས་བཞག་ཟིན་ན་ཡང་ལུས་ཁམས་སྔར་བཞིན་མི་བདེ་བ་དང་། གློ་ལུ་བྱེད་ཚད་ཇེ་ཐུ་རུ་སོང་ནས་ཉིན་རྒྱུན་གྱི་འཚོ་བ་དང་གཉིད་སོགས་ལ་ཤུགས་རྐྱེན་ཐེབས་པ།
• དབུགས་འཚང་བ་དང་། དབུགས་རྔུབ་ལེན་མགྱོགས་ལ་དབུགས་ལེན་དཀའ་བའི་སྣང་ཚུལ་ཡོད་པར་མ་ཟད། སྐད་འགགས་པ་མངོན་གསལ་ཡིན་པ།
• ཤེས་པ་མི་གསལ་བ་དང་དངངས་བརྒྱལ་བྱེད་པ་སོགས་ཀྱི་སྣང་ཚུལ་ཡོད་པ།
• ལྷག་པར་མཉམ་འཇོག་དགོས་པ་ཞིག་ནི། ཟླ3ལོན་མེད་པའི་བྱིས་པ་ནི་དམིགས་བསལ་ཅན་གྱི་གྲས་ཡིན་པས་ཚ་རྒྱག་པའི་ནད་རྟགས་བྱུང་མ་ཐག་མྱུར་དུ་སྨན་ཁང་ལ་འགྲོ་དགོས།

འབྲེལ་ཡོད་འོས་སྦྱོར།