སྲིབ་གཤིས་སུ་གྱུར་རྗེས་ངེས་པར་ཤེས་དགོས་པའི་གནད་དོན་བཅུ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཁྲིམས་ལུགས་ཚགས་པར།
དུས་ཚོད།:2022-12-27
ཀློག་གྲངས།:
༡ དབུགས་ལམ་འགོག་སྲུང་སྔར་བཞིན་ལེགས་པོར་བསྒྲུབ་དགོས།
ད་ལྟའི་དུས་ཚིགས་དགུན་ཁ་ཡིན་ཕྱིར་དབུགས་ལམ་གྱི་འགོས་ནད་ཅུང་མཐོ་བའི་དུས་སྐབས་ཤིག་ཀྱང་ཡིན་ལ། པྲོག་གསར་གློ་ཚད་ཕུད་པའི་གཞན་པའི་འགོས་ནད་ཀྱང་ཡོད། སྲིབ་གཤིས་སུ་གྱུར་རྗེས་དབུགས་ལམ་འགོག་སྲུང་སྔར་བཞིན་ལེགས་པོར་བསྒྲུབ་དགོས། མི་ཚོགས་འདུ་འཛོམས་ཆེ་སར་མུ་མཐུད་དུ་ཁ་ཐུམ་བརྒྱབ་ནས་ལག་པའི་གཙང་སྦྲར་དོ་སྣང་བྱ་དགོས།
༢ སྲིབ་གཤིས་སུ་གྱུར་རྗེས་འགོག་ཁབ་རྒྱག་མི་རུང་།
མིག་སྔའི་པྲོག་གསར་གློ་ཚད་འགོག་ཁབ་རྒྱག་པའི་ལག་རྩལ་ཕྱོགས་སྟོན་ཁྲོད་ཀྱི་གཏན་འཁེལ་ལྟར་ན། གལ་ཏེ་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་གཏན་འཁེལ་བྱས་ཟིན་ན། ནད་དུག་འགོས་པ་ནས་པྲོག་གསར་གློ་ཚད་འགོག་ཁབ་རྒྱག་པའི་བར་དུ་དུས་ཡུན་ཟླ་དྲུག་གི་ཡན་འཇོག་དགོས།
༣ ནད་སངས་དྲག་ཏུ་འགྲོ་དགོས།
● ལུས་དྲོད་རྒྱུན་ལྡན་དུ་གྱུར་ནས་ཉིན་གསུམ་ཡན་ལོན་དགོས་པ།
● ནད་རྟགས་རྩ་བ་ནས་མེད་པའམ་ལེགས་འགྱུར་བྱུང་བ་མངོན་གསལ་ཡིན་དགོས་པ།
● གལ་ཏེ་གློ་ཚད་ཡོད་ནCTབསྐྱར་བརྟག་བྱེད་དུས་གློ་ཚད་མངོན་གསལ་གྱིས་ཇེ་བཟང་དུ་འགྲོ་དགོས་པ།
● ཉིང་སྐྱུར་བརྟག་འབྲས་བསྟུད་མར་ཉིན་གཉིས་ལ་སྲིབ་གཤིས་ཡིན་དགོས་ལ། གདོད་འགོག་བརྟག་དཔྱད་ཐེངས་གསུམ་གྱི་མཇུག་འབྲས་སྲིབ་གཤིས་ཡིན་ཚེ། ཐེངས་གཉིས་ཀྱི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་མཇུག་འབྲས་དང་གཅིག་མཚུངས་ཡིན།
༤ སྲིབ་གཤིས་སུ་གྱུར་རྗེས་གློ་ལུ་བྱེད་པ་ནི་ནད་གཙང་དག་བྱེད་པའི་གོ་རིམ་ཡིན།
གློ་ལུ་བྱེད་པ་ནི་ལུས་ཕུང་བདེ་ཐང་དུ་འགྱུར་བའི་གོ་རིམ་ཡིན་ལ་དབུགས་ལམ་སླར་གསོ་བྱེད་པའི་གོ་རིམ་ཡང་ཡིན། གློ་ལུ་བྱེད་པའམ་ཁ་ལུད་ཡོང་བར་སེམས་ཁུར་ཆེན་པོ་བྱེད་མི་དགོས་ལ། ཆུ་མང་ཙམ་འཐུང་བ་དང་མཁའ་དབུགས་ལ་བརླན་འཛིན་དུ་འཇུག་པའི་གོ་རིམ་དེས་བསྐྱར་གསོ་བྱེད་པར་སྔར་ལས་ལྷག་པའི་ཕན་པ་ཡོད།
༥ ལྕེ་ཚོར་དང་སྣོམ་ཚོར་ཉམས་པ་ནི་དུས་ཡུན་ཐུང་བའི་ནད་རྟགས་ཡིན།
ལྕེ་ཚོར་དང་སྣོམ་ཚོར་ཉམས་པ་ནི་པྲོག་གསར་ནད་དུག་འགོས་པ་ཡིན་ལ། ལྷག་པར་དུ་ཨོ་མེ་ཁུ་རུང་ནད་དུག་འགོས་པའི་དུས་ཡུན་ཐུང་བའི་ནད་རྟགས་ཤིག་ཡིན། སྤྱིར་བཏང་གི་ན་བའི་བྱུང་རིམ་སྟེང་ནས་བཤད་ན། གཟའ་འཁོར་གཉིས་ནས་ཟླ་གཅིག་གི་བར་དུ་རང་འགུལ་གྱིས་དྲག་འགྲོ་བས་སེམས་ཁུར་ཆེན་པོ་བྱེད་མི་དགོས། ཟླ་གཅིག་འགོར་ཡང་ད་དུང་དྲག་མེད་ན་སྨན་ཁང་དུ་སོང་ནས་སྨན་པར་བསྟེན་དགོས།
༦ ཤུགས་ཟད་པའི་ནད་རྟགས་སྤྱིར་བཏང་གཟའ་འཁོར་གཉིས་ཀྱི་ནང་ནད་ཤུགས་ཆུང་དུ་འགྲོ་ངེས།
མི་མང་པོར་ནད་དུག་འགོ་སྐབས་ཚ་རྒྱག་པ་དང་ལུས་ཡོངས་ཀྱི་ཤུགས་ཟད་པ། ཚ་སྐྱེས་པ། མགོ་ན་བ་སོགས་ཀྱི་ནད་རྟགས་འབྱུང་ངེས། འདི་ཐེངས་གཅིག་བྱུང་རྗེས་ད་དུང་མི་སྐོར་ཞིག་ལ་མུ་མཐུད་ནས་ལུས་ཤུགས་ཟད་པ་སོགས་ཀྱི་ནད་རྟགས་ཡོད་མོད། འོན་ཀྱང་གཟའ་འཁོར་གཉིས་ནང་དུ་ནད་ཤུགས་ཆུང་དུ་འགྲོ་ངེས་ཡིན།
༧ སྔ་མོ་ནས་ནད་དྲག་ན་འགུལ་སྐྱོད་དྲག་པོ་བྱེད་མི་རུང་།
ནད་དྲག་རྗེས་མི་མང་པོའི་ལུས་པོའི་གནས་ཚུལ་སླར་གསོ་བྱེད་པར་གཟའ་འཁོར་གཅིག་ནས་གཉིས་དགོས་པས། འགུལ་སྐྱོད་དྲག་པོ་བྱེད་མི་འོས། འོས་འཚམས་དང་ལྟོས་བཅས་ཀྱིས་འགུལ་སྐྱོད་འཇམ་པོ་བྱེད་དགོས། ངེས་པར་གོ་རིམ་ལྟར་འགྲོ་དགོས་ལ། གོ་རིམ་ལྟར་སྔོན་ཆད་ཀྱི་འགུལ་སྐྱོད་ཚད་དང་བྱ་བའི་ཚད་བསྐྱར་གསོ་བྱེད་ཐུབ་ངེས་ལ། ལུས་ཐང་ཆད་དུས་མགྱོགས་མྱུར་ངང་ངལ་གསོ་བྱ་དགོས།
༨ འགོག་གཟུགས་ནི་རིམས་འགོག་མ་ལག་གིས་ནད་དུག་ཕོག་ཡོད་པ་ཚོར་རྗེས་ད་གཟོད་བྱུང་མགོ་བརྩམས་པ་ཡིན།
མི་ལུས་ཀྱི་རིམས་འགོག་མ་ལག་གི་བྱེད་ནུས་དེ་ནད་དུག་ལུས་ཀྱི་འཇུག་སྒོ་གང་རུང་བརྒྱུད་ལུས་སྟེང་དུ་ཁྱབ་པ་དང་བསྟུན་ནས་འདོན་མགོ་ཚུགས་པ་ཡིན་ལ། འགོག་གཟུགས་ནི་རིམས་འགོག་མ་ལག་གིས་ལུས་སུ་ནད་དུག་ཕོག་ཡོད་པ་ཚོར་རྗེས་ད་གཟོད་བྱུང་ཞིང་འགོག་གཟུགས་ཀྱི་ནུས་པའི་ཚད་དེ། རིམ་བཞིན་གཟའ་འཁོར་གཉིས་ཀྱི་རྗེས་སུ་ཅུང་མཐོ་རུ་སླེབས་ཡོང་པ་ལས་གཟའ་འཁོར་གཉིས་ཀྱི་རྗེས་སུ་གློ་བུར་དུ་ཚད་མཐོ་རུ་སླེབས་ཡོང་བ་ཞིག་མིན།
༩ ལོ་ཕྱེད་ནང་དུ་རིམས་འགོག་བྱེད་ནུས་རྒྱུན་ལྡན་ཡིན་པའི་མི་ལ་ཡང་བསྐྱར་ནད་དུག་འགོ་བའི་ཉེན་ཁ་ཤིན་ཏུ་ཆུང་།
ནད་དུག་ཐེངས་གཅིག་འགོས་རྗེས་སྲུང་སྐྱོང་ནུས་པ་ཟླ3ནས་ཟླ6གི་ཡན་ཡིན། ལོ་ཕྱེད་རྗེས་སུ་སྲུང་སྐྱོང་ནུས་པ་མར་བབས་ཏེ་ནད་དུག་རྒྱུད་འགྱུར་བྱུང་ནས་དུས་ཡུན་རིང་པོ་འགོར་ན་ནད་དུག་འགོས་པའི་ཉེན་ཁ་ཇེ་ཆེར་འགྲོ་ངེས། འོན་ཀྱང་ལོ་ཕྱེད་ནང་དུ་རིམས་འགོག་བྱེད་ནུས་རྒྱུན་ལྡན་ཡིན་པའི་མི་ལ་ཡང་བསྐྱར་ནད་དུག་འགོ་བའི་ཉེན་ཁ་ཤིན་ཏུ་ཆུང་།
༡༠ ཡང་བསྐྱར་གདགས་གཤིས་མངོན་པའི་མི་ཚོགས་ལ་སྤྱིར་བཏང་ནད་རྟགས་མེད་ལ་འགོས་ཁྱབ་རང་བཞིན་ཡང་ཤིན་ཏུ་དམའ།
ཡང་བསྐྱར་གདགས་གཤིས་མངོན་པའི་མི་ཚོགས་ལ་སྤྱིར་བཏང་ནད་རྟགས་མེད་དེ་ཉིང་སྐྱུར་བརྟག་འབྲས་ལས་གདགས་གཤིས་ཡིན་པ་དེ་ཙམ་ཡིན་ལ། ནད་པ་སྐོར་ཞིག་ལ་གློ་ལུ་བྱེད་པ་སོགས་ཀྱི་ནད་རྟགས་ཡོད། ནད་དུག་ནད་པ་དང་ཁ་འབྲལ་བཞིན་ཡོད་པས་ཡང་བསྐྱར་གདགས་གཤིས་མངོན་པར་འགོས་ཁྱབ་རང་བཞིན་ཤིན་ཏུ་དམའ།

འབྲེལ་ཡོད་འོས་སྦྱོར།