logo

༄༅། །ན་ཚར་བ་དང་ན་མེད་པ་ཚང་མས་ལྷོད་གཡེང་སྤུ་ཙམ་ཡང་གནང་མི་ཉན།

རྩོམ་པ་པོ།: ཡོང་ཁུངས།:ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་བྱ་བའི་ཨུ་ལྷན་གཞུང་ལས་ཁང་། དུས་ཚོད།:2023-01-04 ཀློག་གྲངས།:
མུ་མཐུད་འགོག་ཟོན་རྩེ་གྲ་བྱེད་དགོས།
       ན་ཚར་བའི་མི་རྣམས་ཀྱིས་མུ་མཐུད་སྐུ་གཟུགས་ཡག་པོ་གསོ་དགོས། དེའི་རྒྱུ་མཚན་ནི་ཏོག་གསར་ཕོག་ཚར་ན་ལུས་པོ་ཡོངས་སུ་གསོ་ཐུབ་པར་དུས་ཡུན་ཟླ་བ་གསུམ་ཙམ་དགོས་པ་དང་། ད་ཐེངས་ཡག་པོ་གསོ་ཐུབ་ན་རྗེས་མ་ངོ་བོ་འགྱུར་བའི་ནད་དུག་གསར་པ་ཐོན་རུང་འགོག་ནུས་ངེས་ཅན་ལྡན་པ་ཞིག་ཡིན། འོན་ཏེ། ཤེས་དགོས་པ་ཞིག་ལ་ད་ལྟ་ན་ཚར་བ་ཡིན་ནའང་ཏོག་གསར་གྱི་ངོ་བོ་འགྱུར་བའི་དུག་སྲིན་མུ་མཐུད་ཕོག་ཉེན་ཆེན་པོ་ཡོད་ཚུལ་གཞུང་ཕྱོགས་ནས་ཀྱང་གསུངས་འདུག
       ད་དུང་ན་མེད་ཚེ་མུ་མཐུད་སྔར་ལས་ལྷག་པའི་སྒོ་ནས་འགོག་སྲུང་གནང་དགོས། དེའི་ཐབས་དམ་པ་ནི་ཞལ་ལག་བཅུད་དང་ལྡན་པ་མཆོད་རྒྱུ་དང་། ངལ་གསོ་འདང་ངེས་བཞིན་པ་བསྐྱོན་རྒྱུ། ཕྱི་འགྲོའི་སྐབས་མི་ཚོགས་ལས་གཡོལ་གང་ཐུབ་བྱ་རྒྱུ། ལག་པ་གང་སར་མི་རེག་པ། 75%ཡི་ཅིའུ་ཅིང་གི་དུག་སེལ་དེ་གོམས་གཤིས་སུ་འཇགས་པ་བྱ་རྒྱུ། N95ཡི་ཁ་རས་ཆད་མེད་བསྐྱོན་དགོས་པ་བཅས་བྱ་ཐབས་གཙོ་བོར་གྱུར་ཡོད་པའོ། །
འབྲེལ་ཡོད་འོས་སྦྱོར།