ནད་ཡམས་ཁ་པའི་རིཊ་ལ་ཁ་པའི་དོ་དམ་རྗེས་ཀྱི་སྨན་བཅོས་འགན་བཅོལ་གསར་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-01-13
ཀློག་གྲངས།:
སྤྱི་ཚེས7ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་ནོར་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་བཅས་ཀྱིས«“ནད་ཡམས་ཁ་པའི་རིགས་ལ་ཁ་པའི་དོ་དམ”ལག་བསྟར་བྱས་རྗེས་གསར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པར་སྨན་བཅོས་འགྲོ་གྲོན་འགན་ལེན་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ»འགྲེམས་སྤེལ་བྱས་པ་རེད།

«བརྡ་ཐོའི»ནང་། ཏོག་དབྱིབས་ནད་དུག་འགོས་པའི་ནད་པས་སྨན་བཅོས་ལས་ཁུངས་གང་ཞིག་ཏུ་སྨན་བཅོས་བྱས་ཚེ། འཕྲོད་བསྟེན་དང་གཟུགས་གཞི་བདེ་ཐང་སྡེ་ཁག་གིས་གཏན་འབེབས་བྱས་པའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་བརྟག་སྨན་བཅོས་འཆར་གཞི་གསར་པ་དང་མཐུན་པའི་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་དང་། དུས་འགོའི་འགྲོ་གྲོན་འགན་སྲུང་སྲིད་ཇུས་ལག་ལེན་བསྟར་རིགས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ལྕི་རིགས་ཀྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་གཏན་འབེབས་ལྟར་གཏོང་སྤྲོད་བྱས་རྗེས། མི་སྒེར་གྱི་སྤྲོད་དགོས་རིགས་དེ་ནོར་སྲིད་ནས་ཁ་གསབ་སྤྲོད་རྒྱུ་དང་། དེར་མཁོ་བའི་མ་དངུལ་རྣམས་ས་གནས་ནོར་སྲིད་ནས་སྔོན་ལ་གཏོང་སྤྲོད་བྱ་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་དངོས་སུ་བཏང་བའི་འགྲོ་གྲོན་གྱི་བརྒྱ་ཆ60ལྟར་ཁ་གསབ་སྤྲོད་རྒྱུའི་བླང་བྱ་བཏོན་ཡོད་པ་དང་། སྲིད་ཇུས་དེ་ནད་པ་སྨན་ཁང་དུ་བསྡད་པ་ནས་རྩིས་རྒྱག་པ་དང་། སྤྱི་ལོ2023ལོའི་ཟླ3ཚེས31ཉིན་བར་སྔོན་ལ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
རིམ་དབྱེའི་སྨན་བཅོས་ལག་ལེན་བསྟར་རྒྱུར་མཐུན་སྦྱོར་དང་། ནད་པའི་གཞི་རིམ་གྱི་སྨན་བཅོས་ལ་ཁྲིད་སྟོན་བྱས་ཏེ། སྨན་བཅོས་ཞབས་ཞུ་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་རྒྱུར་འགན་ལེན་བྱེད་དགོས། སྨན་བཅོས་འགན་བཅོལ་གྱིས་གྲོང་གསེབ་ས་ཁུལ་དང་གྲོང་ཁྱེར་གྱི་སྡེ་ཁུལ་སོགས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར(རིམ་པ་དང་པོ་དང་དེ་མན་གྱི་སྨན་བཅོས་སྒྲིག་གཞི)གཟིགས་སྐྱོང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་རིམ་གྱི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པ་དང་དེ་བཞིན་ནད་རྟགས་འདྲ་བའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་མྱུར་སྐྱོབ་འགྲོ་གྲོན་ལ་ཆེད་དོན་འགན་སྲུང་བྱེད་དགོས། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང(ཞིང་ཆེན་ཁག་གི་གནས་སྐབས་ཁ་གསབ་ཚུད་པ)གི་ཏོག་དབྱིབས་ནད་དུག་འགོས་པའི་སྨན་བཅོས་སྨན་རྫས་གསར་པ་ཁ་སྣོན་རྒྱག་རྒྱུར་སྐུལ་ལྕག་བྱ་རྒྱུ་དང་། འགན་བཅོལ་ནང་ཞུགས་པའི་ནད་པར་གཞི་རིམ་གྱི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པ་དང་འབྲེལ་བ་ཡོད་པའི་མྱུར་སྐྱོབ་སྨན་བཅོས་འགྲོ་གྲོན་དེ། རྩ་དོན་ཐོག་གཏོང་སྤྲོད་ཀྱི་ཚད་གཞི་དང་ཚད་གཞི་མཐོ་ཤོས་བཟོས་ནས། རྩིས་ཞུའི་བསྡུར་གྲངས་ལས་བརྒྱ་ཆ70ཡི་མི་དམའ་བ་དགོས། ཞིབ་ཕྲའི་གཏན་འབེབས་དེ་ས་གནས་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ནོར་སྲིད་སྡེ་ཚན་དང་གྲོས་བསྡུར་བྱས་ནས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་འཁོར་སྐྱོད་གནས་ཚུལ་ལ་གཞིགས་པ་དང་། ཞིབ་འཇུག་གཏན་འཁེལ་བྱས་ནས2023ལོའི་ཟླ3ཚེས31ཉིན་བར་སྔོན་ལ་ལག་ལེན་བསྟར་རྒྱུ། འགན་བཅོལ་ནང་ཞུགས་པའི་ནད་པར་སྨན་བཅོས་སྒྲིག་གཞི་གཞན་དག་ཏུ་ཐོན་པའི་ཏོག་དབྱིབས་ནད་དུག་འགོ་ཚུལ་གྱི་དོས་དྲག་མྱུར་སྐྱོབ་ཀྱི་འགྲོ་གྲོན་དེ། རིམས་ནད་སྨན་བཅོས་འགན་བཅོལ་གཞན་དག་ཁ་པའི་སྲིད་ཇུས་ལྟར་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

«བརྡ་ཐོའི»ནང་། ཏོག་དབྱིབས་ནད་དུག་འགོས་པའི་སྨན་བཅོས་ཇུས་གཞི་གསར་པའི་ཁྲོད་ཀྱི་ཏོག་དབྱིབས་ནད་དུག་སྨན་བཅོས་སྨན་རྫས་གསར་པའི་ཐད། སྨན་བཅོས་འགན་བཅོལ་གྱི་གནས་སྐབས་གཏོང་སྤྲོད་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས། སྤྱི་ལོ2023ལོའི་ཟླ3ཚེས31ཉིན་བར་སྔོན་ལ་ལག་ལེན་བསྟར་རྒྱུ་ཁ་གསལ་བཏོན་ཡོད། ས་གནས་ཁག་ཅིག་ལ་སྨན་རྫས་མཁོ་སྤྲོད་མི་འདང་བའི་རྐྱེན་གྱིས་གནས་སྐབས་རང་བཞིན་གྱི་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག་རྒྱ་སྐྱེད་གཏོང་རྒྱུར་བསམ་གཞིགས་བྱས་ཏེ། ཞིང་ཆེན་གྱི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཐོག་གཏན་འཁེལ་བྱས་པའི་ནད་དུག་འགོས་པའི་སྨན་བཅོས་སྨན་རྫས་གསར་པའི་དཀར་ཆག་གཞིར་བཟུང་དགོས་པ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་འཁོར་སྐྱོད་བྱས་ཚུལ་དང་ཟུང་འབྲེལ་གྱིས། གནས་སྐབས་ས་གནས་དེ་གའི་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག་ནང་བཅུག་པའི་སྨན་རྫས་དང་དུས་བཅད། འགྲོ་སོང་རྩིས་ཞུའི་རིགས་བཅས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ལ་ཐོ་འགོད་སྙན་སེང་ཞུས་རྗེས་ལག་བསྟར་བྱ་རྒྱུ་དང་སྤྱི་ལོ2023ལོའི་ཟླ3ཚེས31ཉིན་བར་སྔོན་ལ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།