མཁལ་མར་གནོད་པའི་སྤྱོད་ལམ་འགའ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-06-15
ཀློག་གྲངས།:
དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་སྤྱོད་གང་དག་གིས་མཁལ་མར་གནོད་པ་ཐེབས་སམ། གཤམ་དུ་ང་ཚོས་མཉམ་དུ་ལྷོ་ཕྱོགས་གསོ་རིག་སློབ་ཆེན་ཀྲུང་ཕྱི་ཟུང་འབྲེལ་གསོ་རིག་སྨན་ཁང་མཁལ་ནད་ཚན་ཁག་གི་ཀྲུའུ་རེན་ཉི་ཞའོ་ལི་ཡི་ཆེད་ལས་འགྲེལ་བཤད་ལ་བལྟ།
མཁལ་མར་གནད་དོན་བྱུང་རྗེས་ནད་རྟགས་གང་དག་ཡོད་དམ།
མཁལ་མའི་བྱེད་ནུས་གཙོ་བོ་ནི་ལུས་སྟེང་གི་ཆུ་ལྷག་མ་ཕྱི་རུ་ཕུད་པ་དང་། ཁྲག་རྒྱུན་འཚག་བཤེར་བྱས་ཏེ་བཙོག་དངོས་ཕྱི་རུ་ཕུད་རྒྱུ་དེ་རེད། མཁལ་མར་གནད་དོན་བྱུང་བའི་སྐབས་སུ་ཉེན་བརྡའི་ནད་རྟགས་འདི་དག་འབྱུང་བ་སྟེ།
སྐྲངས་པ། ལུས་པོ་སྐྲངས་པ་ནི་མཁལ་མའི་ནད་ཀྱི་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན། མི་རེ་རེའི་སྐྲངས་ཚད་མི་འདྲ་ལ།ཡང་མོ་ཅན་ལ་ཞོགས་པར་མལ་ལས་ལངས་སྐབས་ངོ་གདོང་དང་མིག་མཐའ་སོགས་སྐྲངས་ཤིང་། ལྗིད་མོ་ཅན་ལ་ལུས་པོ་ཧྲིལ་པོ་སྐྲངས་པའི་སྣང་ཚུལ་འབྱུང་།
ཁྲག་གཅིན་དང་སྤྲིར་གཅིན་འབྱུང་བ། གཅིན་པའི་ཁྲོད་དུ་ཕྲ་ཕུང་དམར་པོ་ངེས་ཅན་ཞིག་འདྲེས་པ་ལ་ཁྲག་གཅིན་དུ་འབོད་ཅིང་། གཅིན་པར་བརྟག་དཔྱད་བྱེད་པའི་སྐབས་སུ་གཅིན་སྤྲི་དཀར་གདགས་གཤིས་འབྱུང་བ་ལ་སྤྲིར་གཅིན་དུ་འབོད། གལ་ཏེ་གཅིན་པ་གཏོང་བའི་སྐབས་སུ་ཝུ་བ་མང་དུ་འབྱུང་ཞིང་། ཝུ་བ་ཕྲ་མའི་རིགས་གཙོ་ཞིང་དུས་ཡུན་རིང་པོར་ཝུ་བ་མི་སེལ་བ་ཡིན་ན། གཅིན་སྤྲི་དཀར་མཐོ་བའི་རྟགས་རེད།
ཁྲག་ཤ་ཀན་ཇེ་མཐོར་འགྲོ་བ། ཁྲག་ཤ་ཀན་ཞེས་པ་ནི་མཁལ་མའི་བྱེད་ནུས་ལ་བརྟག་པའི་སྐབས་ཀྱི་མཚོན་རྟགས་ཤིག་ཡིན་ལ། ཁྲག་ཤ་ཀན་ཇེ་མཐོར་འགྲོ་བ་ནི་མཁལ་མར་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པའི་རྟགས་རེད།
ཡི་ག་མེད་པ། མཁལ་མའི་ནད་བྱུང་བའི་མི་ལ་རྒྱུན་དུ་ཟས་ལ་ཡི་ག་མེད་པའི་སྣང་ཚུལ་འབྱུང་།
ཟུངས་ཁྲག་ཉམས་པ། ཟུངས་ཁྲག་ཉམས་པའི་ཚད་དེ་རྒྱུན་དུ་མཁལ་མའི་བྱེད་ནུས་ཉམས་པའི་ཚད་དང་འབྲེལ་བ་ཡོད།
དྲན་སྐུལ་བྱེད་དགོས་པ་ཞིག་ནི། ཁྲག་ཤེད་མཐོ་ན་མཁལ་མར་གནོད་པ་འབྱུང་ཞིང་། ཁྲག་ཤེད་མཐོ་བའི་མཁལ་ནད་འབྱུང་བའི་ཉེན་ཁ་ཤིན་ཏུ་ཆེ་བས། ཁྲག་ཤེད་མཐོ་བའི་ནད་པས་མཁལ་མའི་བརྟག་དཔྱད་ལ་དོ་སྣང་བྱེད་དགོས།
མཁལ་མར་གནོད་པའི་བྱ་སྤྱོད་འདི་དག་ལ་གཡོལ་དགོས།
ཚྭ་མང་བ། རྒྱུན་དུ་ཚྭ་ཁུ་མང་བའི་ཟ་མ་ཟོས་ན་ཆུ་ནཱ་འཁྱིལ་གསོག་དང་ཁྲག་ཤེད་མཐོ་བའི་གནས་ཚུལ་འབྱུང་ཞིང་། དེས་མཁལ་རིལ་ཆུང་བ་དེ་གནོན་ཤུགས་མཐོ་བ་དང་འདྲེན་ཤུགས་མཐོ་བ། འཚག་བཤེར་མཐོ་བ་བཅས་ཀྱི“མཐོ་གསུམ”གྱི་གནས་བབ་དུ་ལུས་ཡོད་པས། མཁལ་མའི་ཁུར་བོ་སྔར་ལས་ཇེ་ལྕི་རུ་བཏང་བ་རེད།
སྨན་གང་འདོད་དུ་འཐུང་བ། སྨན་རིགས་སྣ་ཚོགས་འཐུང་བ་དང་འཐུང་ཚད་མཐོ་ན་མཁལ་མར་གནོད་འཚེ་ཐེབས་པས། ཚང་མས་ངེས་པར་དུ་སྨན་པའི་མངགས་བཅོལ་ལྟར་བསྟེན་རོགས།
རྒྱས་བཟའ་རྒྱས་འཐུང་བྱེད་པ། རྒྱས་བཟའ་རྒྱས་འཐུང་བྱས་ན་ཀ་ར་དང་སྣུམ་ཆེ་བའི་ཟས་རིགས་མང་དུ་ཟ་ངེས་པས། མཁལ་མའི་ཁུར་བོ་ཇེ་ལྕི་རུ་གཏོང་ལ། རྒྱས་བཟའ་རྒྱས་འཐུང་བྱས་ན་ཚོ་རྒྱས་སླ་བ་དང་། ཚོ་རྒྱས་པ་ནི་གཅིན་སྙི་ཟ་ཁུའི་ནད་འབྱུང་ཚད་མཐོ་བའི་མི་ཚོགས་ཡིན། དེ་ལས་གཞན་ད་རུང་མཚོ་ཟས་མང་དུ་ཟོས་ནའང་མྱུར་གཤིས་མཁལ་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད།
གཅིན་འབབ་སྨན་གང་འདོད་དུ་སྤྱོད་པ། གཅིན་འབབ་སྨན་སྤྱོད་སྟངས་མ་འགྲིག་པ་ལས་ཀྱང་མཁལ་མར་གནོད་འཚེ་ཆེན་པོ་ཐེབས་པ་རེད། གཅིན་འབབ་སྨན་སྤྱོད་ཚད་མཐོ་ན་ད་རུང་མཁལ་མའི་སྦུ་གུ་ཕྲ་མོར་གནོད་པ་ཐེབས་ཏེ། མཁལ་མའི་བྱེད་ནུས་རྒྱུན་ལྡན་མི་ཡོང་བ་རེད།
ནད་རྙིང་ལ་ཚོད་འཛིན་མི་བྱེད་པ། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ་སོགས་ཀྱི་ནད་རྙིང་གིས་མཁལ་མར་གནོད་པ་ཐེབས་སྲིད།
མཚན་བརྒལ་བ། མཚན་བརྒལ་ན་ལུས་པོའི་རྙིང་ཚབ་གསར་བརྗེའི་བྱེད་ནུས་འཁྲུགས་ཏེ། མཁལ་རིལ་ཆུང་བ་སྲ་འགྱུར་འབྱུང་ཞིང་། མཁལ་མར་གནོད་པ་ཐེབས་པ་དང་ཡང་ན་མཁལ་མར་གནོད་པ་ཐེབས་ཚད་ཇེ་ཆེར་སོང་སྟེ། ཚབས་ཆེ་བ་ལ་མཁལ་མའི་བྱེད་ནུས་ཉམས་པའི་ཉེན་ཁ་ཡོད།
མཁལ་མར་སྲུང་སྐྱོབ་བྱེད་ཆེད། གོང་གི་བྱ་སྤྱོད་འདི་དག་ལ་གཡོལ་དགོས་པ་ལས་གཞན་ད་རུང་རྒན་པ་རྣམས་ཀྱིས་གཤམ་གྱི་བྱ་བ་འདི་དག་བསྒྲུབ་ཐུབ་དགོས།
༡ རྒན་པ་རྣམས་ཀྱིས་ཆེས་བཟང་ན་ལོ་རེར་ལུས་པོར་བརྟག་དཔྱད་ཐེངས་གཅིག་རེ་བྱེད་པ་དང་། གཅིན་སྙི་ཟ་ཁུ་དང་ཁྲག་ཤེད་མཐོ་བའི་ནད་པས་ཟླ3ནས6རེའི་ནང་གཅིན་ལ་བརྟག་དཔྱད་ཐེངས་གཅིག་རེ་བྱེད་དགོས།
༢ དུས་རྒྱུན་གྱི་འཚོ་བའི་ཁྲོད། རྒན་པ་རྣམས་ཀྱིས་ཆུ་མང་དུ་འཐུང་བ་དང་ཚྭ་ཉུང་ཉུང་ཟ་བ། སྲོག་ཆགས་ཀྱི་ནང་ཁྲོལ་ཉུང་དུ་ཟ་ཞིང་མཚན་བརྒལ་མི་རུང་ལ། ལུས་སྦྱོང་འོས་འཚམ་བྱས་ཏེ། ཁྲག་ཤེད་སྲུང་འཛིན་དང་ཁྲག་ཧྭགས་བརྟན་བརླིང་ཡོང་བར་འབད་དགོས་ལ། གཅིན་བསྲན་བྱེད་མི་རུང་། །

འབྲེལ་ཡོད་འོས་སྦྱོར།