logo

སྒྲ་ལྡན། ཡིད་མུག་ནད་བྱུང་ན་ཇི་ལྟར་བྱ་དགོས།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2023-11-08 ཀློག་གྲངས།:
ཡིད་མུག་ནད་བྱུང་ན་ཇི་ལྟར་བྱ་དགོས།

       ཡིད་མུག་ནད་ནི་སེམས་ཁམས་ཀྱི་ནད་ཅིག་ཡིན་ལ། དེ་ཕོ་མོ་དང་གཤིས་རྒྱུད། རྒན་གཞོན་སོགས་གང་ལའང་བལྟོས་པ་མེད་པར་འབྱུང་སྲིད། རང་རྒྱལ་གྱི«2022ལོའི་རྒྱལ་དམངས་ཡིད་མུག་ནད་སྔོན་འགོག་དེབ་སྔོན»གཞིར་བཟུང་ན། མིག་སྔར་རང་རྒྱལ་ལ་ཡིད་མུག་ནད་པ་ཁྲི9500ཡོད་པ་དང་། ཆ་སྙོམས་མི15(མི14.86)རེའི་ཁྲོད་དུ་མི་གཅིག་ལ་ནད་དེ་བྱུང་ཡོད།
 

རང་ཉིད་ལ་ཡིད་མུག་ནད་བྱུང་ན་ཇི་ལྟར་བྱ།
༡ དུས་ཐོག་ཏུ་སྨན་པར་སྟོན་པ།
       གལ་ཏེ་ཡིད་མུག་པའི་ནད་རྟགས་རྣམས་རྒྱུན་མཐུད་དུ་བྱུང་སྟེ། རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཚེ། ངེས་པར་དུས་ཐོག་ཏུ་སྨན་པར་བསྟོན་དགོས་པ་དང་། གལ་ཏེ་སྨན་བཏུང་དགོས་ན་སྨན་པའི་ངག་བཞིན་སྨན་འཐུང་བ། སྨན་འཐུང་མཚམས་རང་དགར་མི་འཇོག་པ།
༢ ཆོས་ཉིད་ལྡན་པའི་འགུལ་སྐྱོད་བྱེད་པ།
       འགུལ་སྐྱོད་བྱས་ན་ལུས་ཕུང་བདེ་ཐང་འོང་བར་མ་ཟད། མིའི་ལུས་པོའི་ཁྲོད་ཀྱི་ནའེ་ཨ་ཐའེ་དང་ཏའོ་པ་ཨན་སོགས་མི་ལ་སྤྲོ་སྐྱིད་སྟེར་ནུས་པའི་སྐུལ་རྒྱུ་མང་པོ་ཕྱིར་འདོན་ཐུབ།
༣ བཟའ་བཏུང་སྙོམ་སྒྲིག་བྱེད་པ།
       འཚོ་རྒྱུBདངOmega-3ཚིལ་སྐྱུར། ལོ་མའི་སྐྱུར་རྒྱུ་སོགས་འདུས་པའི་ཟས་བཟའ་དགོས་ཏེ་དཔེར་ན་ཉ་ཤའི་རིགས་དང་མཁྲེགས་འབྲས། ལོ་ལྗང་སྔོ་ཚལ་སོགས་ཟོས་ན་ལུས་སེམས་གཉིས་ཀར་ཕན།
༤ དགའ་ཕྱོགས་སྐྱེད་སྲིང་བྱེད་པ།
       རི་མོ་དང་རོལ་དབྱངས། དཔེ་ཀློག་སོགས་རང་ཉིད་ལ་སྤྲོ་སྣང་སྦྱིན་པའི་དགའ་ཕྱོགས་རེ་ཟུང་སྐྱེད་སྲིང་བྱེད་པ། 
༥ གཉིད་ལོག་པའི་གོམས་གཤིས་སྙོམ་སྒྲིག་བྱེད་པ།
       ངལ་རྩོལ་དང་ངལ་གསོར་ཆོས་ཉིད་ཡོད་པར་བྱས་ཏེ། རང་ཉིད་ལ་བློ་བདེ་བག་ཕེབས་ངང་གཉིད་ཆོག་པའི་ཁོར་ཡུག་སྐྲུན་པ། 
༦ མི་གཞན་དང་འབྲེལ་འདྲིས་མང་དུ་བྱེད་པ།
       སྤྱི་ཚོགས་འབྲེལ་འདྲིས་བཟང་བོས་མི་རྣམས་ལ་དྲོད་ཁོལ་དང་རྒྱབ་སྐྱོར་སྦྱིན་ཏེ། མིའི་ཁེར་རྐྱང་གི་སྣང་བ་དང་ཡིད་མུག་པའི་སེམས་ཁམས་མེད་པར་གཏོང་ཐུབ།
གཉེན་ཉེ་དང་གྲོགས་པོར་ཡིད་མུག་ནད་བྱུང་ན་ཇི་ལྟར་བྱ།
       ཡིད་མུག་ནད་དང་འབྲེལ་བའི་ཁ་བརྡར་གཡོལ་ཐབས་མི་བྱེད་པ་དང་། ཁོ་ཚོས་དོན་ཆུང་དོན་ཆེན་དུ་གཏོང་བཞིན་འདུག གཅེས་ལངས་བྱེད་ཀྱིན་འདུག  ནད་མེད་འཁུན་སྒྲ་སྒྲོག་བཞིན་འདུག་སོགས་མི་བསམ་པར། ཁོ་ཚོའི་ཚོར་སྣང་ལ་ཁ་ཡ་བྱེད་པ་དང་བདེན་ཁ་སྤྲོད་པ། ཁོ་ཚོའི་སྡུག་བསྔལ་རྟོགས་ཐུབ་པ་བཅས་བྱས་ཏེ། ངང་རྒྱུད་རིང་བོའི་ངང་ཁོ་ཚོ་དཀའ་ཁག་ལས་ཐར་བར་རོགས་རམ་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།