སྒྲ་ལྡན། དགུན་ཁའི་རྒྱུན་མཐོང་ནད་རིགས་འགའི་སྔོན་འགོག་ཤེས་བྱ།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2023-11-28
ཀློག་གྲངས།:
དགུན་ཁའི་རྒྱུན་མཐོང་ནད་རིགས་སྔོན་འགོག་ཤེས་བྱ།
ཆམ་རིམས།
ཆམ་རིམས་ནི་ཆམ་རིམས་ནད་དུག་གིས་བསྐྱེད་པའི་དལ་གཤིས་དབུགས་ལམ་འགོས་ནད་ཅིག་ཡིན་ལ། རྒྱུན་པར་སྟོན་ཁ་དང་དགུན་ཁར་མང་དུ་འབྱུང་། ནད་བྱུང་རྗེས་ཀྱི་ཉིན1ནས7ལ་འགོས་ཁྱབ་རང་བཞིན་ཡོད་པ་དང་། ནད་བྱུང་མ་ཐག་གི་ཉིན2ནས3གྱི་རིང་ནི་འགོས་ཁྱབ་རང་བཞིན་ཆེས་ཆེ་དུས་ཡིན།ནད་རྟགས་གཙོ་བོ།
གློ་བུར་ཚ་རྒྱས་ཏེ་ལུས་དྲོད་ཏུའུ38℃ནས41℃ལ་སླེབས་པ་དང་། གྲང་ཤ་ཟ་བ། གྲང་ངར་ལ་སྐྲག་པ། མགོ་ན་བ། ཤ་གནད་གཙོས་ལུས་ཡོངས་ན་བ། མིག་སྐམ་ཞིང་ན་བ། ཡི་ག་མེད་པ། མིད་པ་ན་བ། རྒྱུན་མཐུད་ངང་གློ་ལུ་བ་སོགས་ཀྱི་ནད་རྟགས་འབྱུང་།
སྔོན་འགོག་བྱེད་ཐབས།
༡ ལོ་རེར་ཆམ་རིམས་འགོག་སྨན་རྒྱག་པ་ནི་ཆམ་རིམས་སྔོན་འགོག་བྱེད་པར་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཡིན་ལ། དེས་མི་རྣམས་ལ་ཆམ་རིམས་ཕོག་ཚད་དང་ནད་རྟགས་ཚབས་ཆེན་འབྱུང་ཚད་མངོན་གསལ་སྒོས་ཉུང་དུ་གཏོང་ཐུབ།
༢ དབུགས་ལམ་གྱི་འཕྲོད་བསྟེན་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ། གློ་ལུ་བ་དང་སྣ་སྦྲིད་རྒྱག་པའི་སྐབས་སུ་ཁ་སྣ་གཙང་ཤོག་གིས་གཅོད་པ།
༣ ཆམ་རིམས་ཕོག་ཡོད་མཁན་གྱི་ནད་པར་བར་ཐག་ངེས་ཅན་འཛིན་པ་དང་། བཟའ་བཏུང་དོ་མཉམ་ཡོང་བར་བྱེད་པ། འགུལ་སྐྱོད་འོས་འཚམ་བྱེད་པ།
ནོ་རོ་ནད་དུག
ནད་རྟགས་གཙོ་བོ།
ཁོག་པ་བཤལ་བ་དང་སྐྱུག་པ། ཚ་རྒྱས་པ། མགོ་ན་བ། གྲང་ངར་ལ་སྐྲག་པ། ལུས་ཡོངས་ན་བ་སོགས་ཡོད་ལ། མང་ཆེ་བ་ནད་ཕོག་རྗེས་ཀྱི་ཉིན1ནས3གྱི་རིང་ལ་དྲག་ཐུབ། ནོ་རོ་ནད་དུག་གི་འགོས་ཁྱབ་རང་བཞིན་ཆེ་བས། མི་ཚང་མར་འགོ་སླ་བ་དང་། བྱིས་པར་ནད་དུག་འགོས་རྗེས་ཀྱི་ནད་རྟགས་གཙོ་བོ་ནི་སྐྱུག་པ་དང་། མི་དར་མའི་ནད་རྟགས་གཙོ་བོ་ནི་བཤལ་བ་ཡིན་ལ། བཤལ་དུས་རྩ་ཡི་ནང་དུ་ཆུ་འདྲེས་པའམ་ཡང་ན་ཆུ་རྐྱང་བ་བཤལ་ཡང་སྲིད།
སྔོན་འགོག་བྱེད་ཐབས།
༡ འཕྲོད་བསྟེན་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ་ནད་ཁ་ནས་འགོ་བར་སྔོན་འགོག་བྱེད་པ། འདག་རྫས་དང་ལག་འཁྲུད་འདག་ཆུ་སྤྱད་དེ་ལག་པ་གཙང་མར་འཁྲུད་པ། སྦགས་བཙོག་བཟོས་པའི་ལག་ཕྱིས་མི་སྤྱོད་པ། ཟ་མ་མ་ཟོས་སྔོན་དང་དངོས་པོ་མི་གཙང་བར་རེག་རྗེས་ལག་པ་འཁྲུད་པ། ལག་པ་གཙང་འཁྲུད་མ་བྱས་པར་ཁ་སྣ་དང་མིག་སོགས་ལ་མི་རེག་པ།
༢ བཟའ་བཅའི་འཕྲོད་བསྟེན་ལ་མཉམ་འཇོག་བྱ་དགོས་ཏེ། རུལ་བའམ་ངོ་བོ་འགྱུར་བའི་ཟས་མི་ཟ་བ་དང་། ཆུ་ཁོལ་མ་གཏོགས་ཆུ་འཁྱགས་མི་འཐུང་བ། ཟས་འཁྱགས་པ་དང་མི་གཙང་བ་མི་ཟ་བ། ཟས་རློན་པ་དང་ཚོས་མ་སོ་སོར་ཕྱེ་ནས་བཟའ་བ།
༣ ལུད་པ་དང་ཟགས་ཐོན་དངོས་རྫས་ལ་དུས་ཐོག་ཏུ་གཙང་སེལ་བྱེད་པ་དང་། དེའི་ཁོར་ཡུག་ལ་དུག་སེལ་བྱེད་པ།
༤ འགོས་ཁྱབ་རང་བཞིན་གྱི་བཤལ་བའི་ནད་རྟགས་ཡོད་མཁན་གྱིས་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱེད་པ།
འགོས་ཁྱབ་རང་བཞིན་གྱི་འགྲམ་རྨེན་གཉན་ཚད།
ནད་རྟགས་གཙོ་བོ།
ཉིན8ནས30ཡི་རིང་ནི་ནད་དུག་གི་བག་ཉལ་དུས་སྐབས་ཡིན་པས། མི་མང་ཆེ་བར་ནད་རྟགས་མེད། མི་ཉུང་ཤས་ལ་ཤ་གནད་ན་བ་དང་མགོ་ན་བ། ཡི་ག་མེད་པ། ལུས་ཡོངས་མི་བདེ་བ། ཚ་བར་སྐྲག་པ་དང་གྲང་ཤ་ཟ་བ་སོགས་ཀྱི་ནད་རྟགས་འབྱུང་།
སྔོན་འགོག་བྱེད་ཐབས།
༡ ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ནི་འཆར་གཞི་ལྟར་འགོས་ཁྱབ་རང་བཞིན་གྱི་འགྲན་རྨེན་གཉན་ཚད་འགོག་སྨན་རྒྱག་པ་དེ་ཡིན།
༢ ཁང་བའི་ནང་ལ་མཁའ་རླུང་རྒྱུ་རུ་འཇུག་པ་དང་བྱིས་པ་ཚོར་མི་སྒེར་གྱི་འཕྲོད་བསྟེན་ལ་མཉམ་འཇོག་བྱ་རྒྱུའི་སྐུལ་མ་གཏོང་བ།
འབྲེལ་ཡོད་འོས་སྦྱོར།