logo

ཙོག་ཡུན་རིང་ན་སྙིང་ལ་གནོད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-12-29 ཀློག་གྲངས།:
       «ཡོ་རོབ་གླིང་གི་སྙིང་ནད་རིག་པའི་དུས་དེབ»སྟེང་འགོད་སྤེལ་བྱས་པའི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པ་ལྟར་ན། ཙོག་ཡུན་རིང་ན་སྙིང་གི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད།
       དབྱིན་ཇི་ལོན་ཏོན་སློབ་ཆེན་སློབ་གླིང་གི་ཞིབ་འཇུག་པས་ཞིབ་འཇུག6གི་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་དང་། དེ་རྒྱལ་ཁབ5ཡི་ལོ18ནས་ལོ87བར་གྱི་ཚོད་ལྟ་དང་ལེན་བྱེད་མཁན་གྱི་མི་ཁྲི1.5དང་འབྲེལ་ཡོད། ཚོད་ལྟ་དང་ལེན་བྱེད་མཁན་དེ་དག་ཁྲོད་ཀྱི་ཕྱེད་ཀ་བུད་མེད་ཡིན་པ་དང་། ཆ་སྙོམས་ཀྱིས་ལོ54རེད། ཚོད་ལྟ་བྱེད་པའི་གོ་རིམ་ཁྲོད། ཚོད་ལྟ་དང་ལེན་མཁན་རེ་རེའི་རྐང་པའི་སྟེང་དུ་ཁོ་ཚོའི་ཉིན་རེའི་འགུལ་སྐྱོད་འཚོལ་བསྡུ་བྱེད་ཐུབ་པའི་ཡོ་བྱད་རེ་བཞག་པར་མ་ཟད། ཁོ་ཚོའི་སྙིང་གི་བདེ་ཐང་ལ་དཔྱད་དཔོག་བྱས་པ་རེད། དབྱེ་ཞིབ་བྱས་རྗེས། ཞིབ་འཇུག་མི་སྣས་འགུལ་སྐྱོད་འོས་འཚམ་བྱས་ན་སྙིང་གི་བདེ་ཐང་ལ་ཆེས་ཕན་པ་དང་། དེ་ནས་འགུལ་སྐྱོད་ཡང་མོ་བྱེད་པ་དང་གཉིད་སྐྱིད་པོར་རོལ་བ་ཡིས་ཀྱང་སྙིང་གི་བདེ་ཐང་ལ་ཕན་ཐོགས་ཤིང་། ཙོག་ཡུན་རིང་ན་སྙིང་གི་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱིན་པ་ཤེས།
       ཞིབ་འཇུག་པས་བསྟན་དོན། འགུལ་སྐྱོད་བྱས་ན་སྙིང་གི་བདེ་ཐང་ལ་ཤུགས་རྐྱེན་ངེས་ཅན་ཐེབས་མོད། འོན་ཀྱང་འགུལ་སྐྱོད་ཀྱི་དྲག་ཚད་ཀྱང་ཧ་ཅང་གལ་ཆེ། ཙོག་ཡུན་རིང་མི་རུང་བར་འགུལ་སྐྱོད་འབྲིང་ཙམ་བྱེད་རྒྱུ་དེ་ནི་སྙིང་གི་བདེ་ཐང་ལ་ཆེས་ཕན་ནོ། །
འབྲེལ་ཡོད་འོས་སྦྱོར།