ལུས་ཁམས་གསོ་བའི་ཐད་ཀྱི“མི་རུང་བ་ལྔ”
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-01-03
ཀློག་གྲངས།:
ལུས་ཁམས་གསོ་བའི་ཐད་ནས་ང་ལ“མི་རུང་བ་ལྔ”ཡི་ཉམས་མྱོང་ཡོད་པ་སྟེ།
གཅིག སྒྱིད་ལུག་བྱེད་མི་རུང་བ། དུས་རྒྱུན་འཚོ་བའི་ཁྲོད་དུ་ལས་ལ་བརྩོན་ཞིང་ཚེགས་ཡང་བའི་རྒན་པ་རྣམས་ལ་ནམ་ཡང་གསོན་ཤུགས་རྒྱས་ཤིང་རྐང་ལག་ཡང་མོ་ཡིན་པས་རྒས་ཚད་ཧ་ཅང་དལ། རྐང་པ་འགྲོ་ལ་དགའ་ཞིང་ལག་པ་ལས་ལ་དགའ་ན། ཁྲག་རྩ་རྒྱས་ཤིང་ཀླད་པ་མྱུར་བས་རྒས་ཉམས་མི་མངོན་པ་རེད།
གཉིས། ལུས་པོ་དུབ་མི་རུང་བ། མི་རྒས་རུང་སེམས་ལ་རྒས་པ་མེད་ན་བཟང་མོད། འོན་ཀྱང་ཅི་ཞིག་བསྒྲུབ་རུང་ལུས་ཀྱི་ལྕོགས་ཚོད་བྱེད་དགོས། ལུས་པོ་དུབ་པའི་སྐབས་སུ་ངལ་གསོ་ཅུང་ཙམ་བྱས་ཏེ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱས་ན། ལུས་སེམས་གཉིས་ཀ་བདེ་ཐང་ཡོང་བར་ཕན།
གསུམ། རྒྱགས་ཆོད་པ་བཟའ་མི་རུང་བ། རྒན་པ་རྣམས་ཀྱིས་བཟའ་བཏུང་ལ་ཚོད་འཛིན་དང་འགྲོ་འདུག་ལ་ལྕོགས་ཚོད་བྱེད་དགོས། རྒན་པ་རྣམས་ཀྱི་འཇུ་སྟོབས་ཞན་པའི་དབང་གིས། བཟའ་བཏུང་གི་ཐད་ནས་ཐེངས་མང་ཉུང་བསྟེན་བྱེད་པ་དང་འཚོ་བཅུད་དོ་མཉམ་ཡོང་བར་འབད་དགོས།
བཞི། ཁོང་ཁྲོ་ཆེན་པོ་ལངས་མི་རུང་བ། ལོ་ཚོད་རྒས་པ་དང་བསྟུན་ནས། རྒན་པ་མང་པོ་ཞིག་ལ་གཤིས་ཀར་འགྱུར་ལྡོག་བྱུང་སྟེ། ཁོང་ཁྲོ་ལངས་སླ་བའི་གནས་ཚུལ་མངོན། ལུས་ཁམས་གསོ་བའི་ངོས་ཐད་ནས་བརྗོད་ན། རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་སེམས་ཁམས་ལ་ཚོད་འཛིན་བྱེད་ཤེས་དགོས། དོན་དག་དང་འཕྲད་སྐབས་ལྷོད་ལྷོད་ངང་ཐག་གཅོད་བྱས་ན་དོན་དག་མང་པོ་ངང་གིས་འགྲུབ།
ལྔ། ཆང་བག་མེད་དུ་འཐུང་མི་རུང་བ། རྒན་པ་རྣམས་ཀྱིས་ཐ་མག་འཐེན་པ་དང་ཆང་འཐུང་བ། མཚན་སྐྱེལ་བ་སོགས་ཀྱི་གོམས་སྲོལ་ངན་པ་བསྒྱུར་ཏེ། ལུས་སྦྱོང་རྒྱུན་འཁྱོངས་བྱེད་པ་དང་།གཉིད་འདང་ཚོད་རོལ་བར་ཁག་ཐེག་བྱས་ན། ལུས་ཁམས་རང་བཞིན་གྱིས་གསོ་ཐུབ་བོ། །

འབྲེལ་ཡོད་འོས་སྦྱོར།