སྐྲ་ཤུད་པ་ནི་ནད་གང་དག་གི་སྔ་ལྟས་ཡིན་སྲིད་དམ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-02-26
ཀློག་གྲངས།:
ཁྲག་ཞན་པ། ལྕགས་རྒྱུ་ནི་མིའི་ལུས་པོར་ཁྲག་དམར་སྤྲི་དཀར་བསྐྲུན་པའི་མ་རྒྱུ་གཙོ་བོ་ཡིན་ལ། མིའི་ལུས་པོར་ལྕགས་རྒྱུ་ཆད་དེ་ཁྲག་ཞན་པའི་སྐབས་སུ་ཁྲག་དམར་ཕྲ་ཕུང་གིས་དབྱང་འཛིན་པའི་ནུས་པ་ཇེ་དམའ་རུ་འགྲོ་བས། ལུས་པོའི་ཁག་སོ་སོར་དབྱང་སྐྱེལ་ཚད་ཇེ་ཉུང་དུ་འགྲོ་བ་ཡིན། མིའི་སྐྲ་དང་བ་སྤུ་སོགས་ནི་དབྱང་ལ་ཧ་ཅང་དགའ་བས། གལ་ཏེ་དབྱང་ཆད་ན་སྐྲ་སྐྱེ་བར་ཤུགས་རྐྱེན་ཐེབས་ངེས།
འཚོ་བཅུད་ཞན་པ། ཟ་མ་ཟ་ཚད་ཇེ་ཉུང་དུ་སོང་ན་མགོ་ལྤགས་ཀྱི་ཁྲག་རྒྱུག་ཚད་ཇེ་དམའ་རུ་འགྱུར་བ་དང་། དེས་སྐྲ་སྐྱེ་བར་ཤུགས་རྐྱེན་ཐེབས་སྲིད་ལ། ཚབས་ཆེ་དུས་སྐྲའི་འོད་མདངས་ཉམས་པ་དང་སྐྲ་ཤུད་པའི་སྣང་ཚུལ་ཡང་འབྱུང་བ་ཡིན།
གནོན་ཤུགས་ཆེ་བ། གནོན་ཤུགས་ཆེ་སྐབས། མིའི་ལུས་པོས་སྐུལ་རྒྱུ་མང་པོ་ཕྱིར་གཏོང་བ་དང་། དེས་འཚོ་རྒྱུ་སྡུད་ལེན་བྱེད་པར་ཤུགས་རྐྱེན་ཐེབས་ནས་སྐྲའི་ཚོས་རྒྱུ་མར་ཆག་སྲིད། གནོན་ཤུགས་ཕྱོགས་བསྡུས་ནད་ཀྱིས་སྐྲ་མེད་སྤྱི་ཐེར་ནད་བསྐྱེད་པ་སྟེ། མི་ལུས་ཀྱི་རིམས་འགོག་མ་ལག་གིས་མགོ་སྐྲའི་ཕྲ་ཕུང་ལ་གནོད་སྐྱོན་བཏང་ནས། སྐྲ་མང་པོ་ཤུད་པའི་སྣང་ཚུལ་འབྱུང་སྲིད།
སྐེ་རྨེན་ནད་བྱུང་བ། སྐེ་རྨེན་གྱི་ནུས་པ་འཁྲུགས་པའི་ནད་རྟགས་དང་པོ་ནི་སྐྲ་ཤུད་པ་དེ་ཡིན། སྐེ་རྨེན་རྒྱུ་ཡིས་ཕྲ་ཕུང་གི་སྤྲི་དཀར་རྒྱུ་དང་ཀ་ར། ཚིལ། གཏེར་དངོས་རྒྱུའི་ཚབ་བརྗེ་སོགས་ལ་ཕྱོགས་ཡོངས་ནས་ཤུགས་རྐྱེན་ཐེབས་སྲིད་པས། སྐེ་རྨེན་གྱི་ནུས་པ་ཇེ་ཞན་དུ་གྱུར་ན་སྐྲ་ཇེ་གཉོམ་དུ་འགྲོ་བར་མ་ཟད། ཡོངས་ཁྱབ་རང་བཞིན་གྱི་སྐྲ་ཤུད་ཚད་ཚབས་ཆེར་གཏོང་བ་ཡིན། སྐེ་རྨེན་རྒྱུའི་སྐུལ་རྒྱུ་མང་དྲགས་པ་དང་ཉུང་དྲགས་པ་སོགས་གང་གིས་ཀྱང་ལུས་པོའི་ཚབ་བརྗེ་དང་རྒྱུན་ལྡན་ངང་སྐྲ་སྐྱེ་བར་ཤུགས་རྐྱེན་ཐེབས་པ་རེད། ཤུགས་རྐྱེན་དེ་ནི་བ་སྤུའི་བུ་ག་ཡོངས་ལ་ཐེབས་པ་ཞིག་ཡིན་པས། མགོ་སྐྲའང་ཡོངས་སུ་ཤུད་པའི་ཉེན་ཁ་ཡོད། ཡིན་ནའང་སྐེ་རྨེན་ནད་ཀྱི་ནད་རྟགས་ལ་སྐྲ་ཤུད་པ་ཁོ་ནས་མི་ཚད་པར། དུས་རྒྱུན་ད་དུང་ལུས་པོའི་ལྗིད་ཚད་ཡར་འཕར་བའམ་མར་ཆག་པ། དྲོད་གྲང་གི་ཚོར་སྐྱེན་དང་སྙིང་ལྡིང་ཚད་ལ་འགྱུར་ལྡོག་འབྱུང་བ་སོགས་ཡོད། །

འབྲེལ་ཡོད་འོས་སྦྱོར།