logo

ཇི་ལྟར་ཚན་རིག་དང་མཐུན་པའི་ངང་ཚོ་བྱང་དུ་འཇུག་དགོས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2024-10-21 ཀློག་གྲངས།:
       ཚེས17ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས«ཚོ་ནད་སྨན་བཅོས་ཕྱོགས་སྟོན(2024ལོའི་པར་གཞི)»པར་འགྲེམས་བྱས་པ་དང་། དེ་ནི་རྒྱལ་ནང་གི་ཤ་རྒྱགས་པའི་རིག་ཚན་མང་བའི་སྨན་བཅོས་ཀྱི་དབང་གྲགས་ལྡན་པའི་ཕྱོགས་སྟོན་ཐོག་མ་དེ་རེད།
ཇི་ལྟར་བྱས་ནས་ཚོ་བྱང་དུ་འཇུག་དགོས།
       ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་ཤ་རྒྱགས་དྲགས་པ་ཆགས་པའི་མི་ཚོགས་ལ་ནད་ཕོག་ཚད་རྒྱུན་མཐུད་ངང་མང་དུ་འགྲོ་བའི་རྣམ་པ་ཐོན་ཡོད། དལ་བའི་རང་བཞིན་གྱི་ནད་གཞི་སྣ་ཚོགས་ཀྱི་ནད་གཞི་འབྱུང་རྐྱེན་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཚོན་པོ་དེ་རང་རྒྱལ་གྱི་འཆི་རྐྱེན་དང་དབང་པོ་སྐྱོན་ཅན་དུ་འགྱུར་བའི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཨང་དྲུག་པར་གྱུར་ཡོད་པ་རེད། དོན་ངོ་མ་ཇི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ཚོ་བྱང་དུ་འཇུག་དགོས། དབང་གྲགས་ཕྱོགས་སྟོན་འདིས་རང་རྒྱལ་གྱི་ཚོ་ནད་ཀྱི་ནད་ཐོག་སྨན་བཅོས་ཚད་ལྡན་དུ་གཏོང་བར་ནུས་པ་གང་དག་ཡོད་དམ།
       «ཚོ་ནད་སྨན་བཅོས་ཕྱོགས་སྟོན(2024ལོའི་པར་གཞི)»ནང་ཚོ་ནད་ཀྱི་སྨན་བཅོས་རྩ་དོན་ཁ་གསལ་བཟོས་ནས་བསྟན་དོན།
ཚོ་ནད་སྨན་བཅོས་བྱེད་པའི་དམིགས་ཡུལ་གཙོ་བོ།
       ལུས་པོའི་ནང་གི་ཞག་ཚིལ་མང་དྲགས་པའི་རིགས་ཉུང་དུ་གཏོང་བ།
       ཚོ་ནད་དང་འབྲེལ་བའི་ནད་འབྱུང་བའི་ཉེན་ཁ་ཆུང་དུ་གཏོང་བ།
ལྗིད་ཚད་ཉུང་གཏོང་བརྒྱུད་རིམ་ཁྲོད་དོ་སྣང་བྱེད་དགོས་ས།
       ལུས་ཆུ་ཤོར་བ་དང་ཤ་གནད་ཉུང་བའི་ནད། གསང་རྒྱུད་ཟགས་གཤེར་མ་ལག་གི་འགྱུར་ལྡོག་བཅས་ལ་དོ་སྣང་བྱེད་དགོས།
       ཡག་ཤོས་ཡིན་ན་ཟླ3ནས6གི་ནང་དུ་ཚོ་བྱང་བའི་ཕན་འབྲས་དང་རྙིང་ཚབ་གསར་བརྗེའི་དམིགས་ཚད་ལ་དཔྱད་འཇོག་བྱེད་དགོས།
ལྗིད་ཚད་ཉུང་གཏོང་གི་དམིགས་ཚད་རིམ་པ་དབྱེ་ནས་གཏན་འཁེལ་བྱེད་དགོས།
       ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་དང་ཚོ་ནད་ཡང་མོ་ཕོག་པའི་ནད་པ་མང་ཆེ་བས་ཟླ3ནས6གི་ནང་ཚུན་དུ་ལུས་པོའི་ལྗིད་ཚད་དམའ་རུ་བཏང་སྟེ་བརྒྱ་ཆའི5%-15%ལ་བཞག་ནས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།
       ཚོ་ནད་འབྲིང་ཙམ་དང་ལྗིད་མོ་ཅན་ལ་ལྗིད་ཚད་ཉུང་གཏོང་གི་དམིགས་ཚད་ཇེ་མཐོར་བཏང་ཆོག
       པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་ཀྲུའུ་རེན་ཅི་ལི་ནུང་གིས། ང་ཚོས་ནད་ཐོག་ལག་ལེན་ཁྲོད་དུའང་བུད་མེད་མང་པོ་ཞིག་གིས་གནས་སྐབས་ཀྱི་དགོས་མཁོ་དང་དམིགས་ཚད་ངེས་ཅན་ཞིག་གིས་ལུས་པོའི་ལྗིད་ཚད་ཉུང་དུ་གཏོང་སྐབས་རེ་ཞིག་ཕན་ནུས་ངེས་ཅན་ཞིག་ཐོན་ཐུབ། འོན་ཀྱང་དམིགས་ཚད་དེ་ལེགས་གྲུབ་བྱུང་རྗེས་ནས་སེམས་ཤུགས་མེད་པར་འགྱུར་སྲིད་མོད། འོན་ཀྱང་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པར་ཤུགས་རྐྱེན་ངན་པ་ཐེབས་སྲིད། གལ་ཏེ་ལུས་པོའི་ལྗིད་ཡང་ལ་བསྐྱར་དུ་འགྱུར་བ་བྱུང་ན། མིག་སྔའི་ལག་ལེན་གྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། དེས་ཚེ་ཐག་ཇེ་ཐུང་དུ་གཏོང་ཐུབ། ཚོ་ནད་ཀྱི་ནད་རྐྱེན་རྙོག་འཛིང་ཡིན་པས། དེར་སྨན་བཅོས་བྱེད་ཐབས་སྣ་ཚོགས་ཡོད་དེ། སེམས་ཁམས་ལ་ཐེ་གཏོགས་དང་འགུལ་སྐྱོད་ལ་ཐེ་གཏོགས། ནད་ཐོག་འཚོ་བཅུད་ཀྱི་སྨན་བཅོས། སྨན་རྫས་ཀྱི་སྨན་བཅོས་སོགས་འདུས། «ཕྱོགས་སྟོན»ནང་བསྟན་དོན། ཚོ་ནད་ཀྱི་ནད་དཔྱད་དང་སྨན་བཅོས་ཐད“ནད་པ་ལྟེ་བར་བྱེད་པའི་རིག་ཚན་མང་བའི་མཉམ་ལས་སྨན་བཅོས་བྱེད་སྟངས”དར་སྤེལ་ཧུར་ཐག་གཏོང་དགོས་ཞེས་བཤད་པ་རེད།
འབྲེལ་ཡོད་འོས་སྦྱོར།