པད་ཚལ་རིན་གོང་ཆུང་ཡང་འཚོ་བཅུད་ཀྱི་རྒྱལ་པོ་ཡིན།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2025-02-18
ཀློག་གྲངས།:
སྔོ་ཚལ་ཞེས་པའི་མིང་ནས་འབོད་ཚེ། པད་ཚལ་ནི་ཨང་དང་པོར་མིག་ལམ་དང་བློ་ཡུལ་དུ་འཆར་བའི་འདྲིས་ཆེ་བའི་སྔོ་ཚལ་རང་ག་བ་ཞིག་ཡིན། མ་གཞི་སྔོ་ཚལ་གྱི་མིང་གི་རྣམ་གྲངས་བརྗོད་ཀྱིས་མི་ལང་བ་ཡོད་ཀྱང་། རིན་གོང་ཐད་ནས་གྲལ་མཇུག་ཏུ་ལུས་པའི་པད་ཚལ་ནི་འཚོ་བཅུད་ཀྱི་ཁྲི་ལ་འཁོད་པའི་རྒྱལ་པོ་ཡིན་ཞེས་བརྗོད་ཆོག པད་ཚལ་གྱི་རིགས་སུ་པད་ཚལ་ཆེ་བ་དང་། པད་ཚལ་ཆུང་བ། ཁྱེའུ་ཚོད་བཅས་རྣམ་པ་གསུམ་ཡོད་ཅིང་། དེ་དག་གི་འཚོ་བཅུད་ལ་ཁྱད་པར་ཅི་ཡོད་པ་དང་། ཇི་ལྟར་ཟོས་ན་ལུས་ལ་ཕན་ཐོགས་ཡོད་པ་སོགས་ཀྱི་བདེ་ཐང་ཤེས་བྱར་ང་ཚོ་མཉམ་དུ་རྒྱུས་ལོན་ཞིག་བྱ།

པད་ཚལ་གྱི་ངོ་བོ་ཅུང་གྲང་བའི་རང་བཞིན་ཡིན་པས། ཚ་སེལ་དུག་སེལ་དང་གཤེར་ཁུ་སྐྱེ་བར་ཕན་ཐོགས་ཡོད་ཅིང་། ཕོ་བ་དང་རྒྱུ་མ་ལ་ཕན་པ། སེམས་ནད་སེལ་བ། ཆང་རག་བཏུངས་རྗེས་ཀྱི་སྐོམ་པ་སེལ་ཐུབ་པ། ད་དུང་ང་ཚོའི་མཚེར་པ་དང་ཕོ་བ་ལའང་ཕན་ཐོགས་ཆེན་པོ་ཡོད།
པད་ཚལ་ལ་འཚོ་རྒྱུCདང་། འཚོ་རྒྱུE གུང་ལ་ཕུག་གི་འཚོ་རྒྱུ། དེ་བཞིན་གཏེར་རྒྱུ་དང་ཚད་ཉུང་གཞི་རྒྱུ་མང་པོ་འདུས་ཡོད་པ་དཔེ་རུ་དྲངས་ནས་བཤད་ན། པད་ཚལ་ཆེ་བའི་ནང་འཚོ་རྒྱུCཡི་འདུས་ཚད་ཧ་ཅང་མཐོ་བ་དང་། པད་ཚལ་ཆུང་བའི་ནང་གུང་ལ་ཕུག་གི་འཚོ་རྒྱུ་འདུས་ཚད་མཐོ་བས་དབྱང་འགྱུར་འགོག་པ་དང་རྒས་ཀ་སྲ་བའི་ནུས་པ་ལྡན་པ་མ་ཟད། གུང་ལ་ཕུག་གི་འཚོ་རྒྱུ་ཁག་ཅིག་མིའི་ལུས་པོའི་ནང་སླེབས་རྗེས་འཚོ་རྒྱུAལ་འགྱུར་ཐུབ་པས། མིག་ཤེད་དང་། རིག་ནུས། ད་དུང་རིམས་འགོག་ནུས་པ་མཐོ་རུ་འགྲོ་བར་ཕན་ཐོགས་ཆེ། ཁྱེའུ་ཚོད་ནང་འཚོ་རྒྱུ་ཅཱ་འདུས་ཚད་ཧ་ཅང་མཐོ་བས། ལུས་ཀྱི་ངལ་དུབ་སེལ་བ་དང་། ཁྲག་ཤེད་གཏན་འཇགས་ཡོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོད།

གཉིས། པད་ཚལ་གྱི་མགོ་མཇུག་མ་ལུས་ནོར་བུ་ཡིན།
༡ པད་ཚལ་གྱི་ལོ་མས། ཚ་སེལ་དུག་སེལ་དང་སྐྲངས་སྦོས་སེལ་ཞིང་ན་ཟུག་འཇོམས།༢ པད་ཚལ་གྱི་སྙིང་གིས། ཚ་སེལ་དུག་སེལ་དང་གློ་བ་བརླན་ནས་གློ་ལུ་འཇགས།
༣ པད་ཚལ་གྱི་རྩ་བས། སྐྲངས་སྦོས་སེལ་བ་དང་། གྲེ་བར་ཕན་ཞིང་སྐོམ་གདུང་སེལ།

གསུམ། པད་ཚལ་གྱི་བདེ་སྲུང་ཟ་སྟངས་བརྒྱད།
༡ པད་ཚལ་དང་སྲན་ཞོ་སྡེབ་ནས་བཟས་ན། བརླན་གཤེར་སྐྱེད་པ་དང་ཚ་བ་དང་ཁྲག་ངན་སེལ་བ། ཚ་སེལ་དུག་སེལ་གྱི་ཕན་ནུས་ལྡན།༢ པད་ཚལ་དང་ལུག་ཤ་སྡེབ་ནས་བསྐོལ་ན། ལུས་དྲོད་གསོ་བ་གྲང་ངར་སེལ་བའི་ཕན་ནུས་ལྡན།
༣ ལི་ཙེ་དང་པད་ཚལ་སྡེབ་ནས་བརྔོས་ན། མཁལ་མ་གསོ་ཞིང་ལུས་སྟོབས་འཕེལ་བ། ཚ་སེལ་དུག་སེལ་བཅས་ཀྱི་ཕན་ནུས་ལྡན།
༤ ཤ་སྨི་པགས་པ་དང་པད་ཚལ་ཆུང་བ་མཉམ་དུ་བརྔོས་ན། འཚོ་རྒྱུ་ཀལ་ཁ་གསབ་ཐུབ་པ་དང་། ཕོ་བ་གསོ་བ། བཙོག་པ་བཤངས་བའི་ཕན་ནུས་ལྡན།
༥ འཕང་འབྲས་དང་པད་ཚལ་ཆེ་བ་སྡེབ་ནས་གདུས་ན། ཚེ་ཐག་རིང་བ་དང་རྒྱུ་མ་བརླན་ཞིང་བཙོག་པ་བཤངས་པ། མཆིན་པ་དང་མཁལ་མ་གསོ་བའི་ཕན་ནུས་ལྡན།
༦ པད་ཚལ་གྱི་ལོ་མ་ཞིབ་ཞིབ་དང་ཕུའུ་ལིན་ཤ་སིག་སྡེབ་ནས་ཐུག་པ་བསྐོལ་ན། མཚེར་མ་དང་ཚ་སེལ་དུག་སེལ་གྱི་ཕན་ནུས་ལྡན།
༧ ཁ་སུར་དམར་པོ་དང་པད་ཚལ་སྡེབ་ནས་བསྐོལ་ན། གློ་བ་བརླན་པ་དང་མཚེར་པ་གསོ་བ། གཟུགས་གཞི་ཐང་བའི་ཕན་ནུས་ལྡན།
༨ པད་ཚལ་གྱི་རྩ་བ་དང་ཤིང་མངར་སྡེབ་ནས་བསྐོལ་ན། ཚ་སེལ་དུག་སེལ་དང་མིད་པ་མི་བདེ་བ་བཅོས་པའི་ཕན་ནུས་ལྡན་པ་བཅས་སོ། །
འབྲེལ་ཡོད་འོས་སྦྱོར།