དབྱར་དུས་ཀྱི་བཟའ་བཏུང་བདེ་འཇགས་ཀྱི་གལ་གནད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2026-06-01
ཀློག་གྲངས།:
གཅིག ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ་ཉོ་སྐབས་གསར་བ་ཡིན་དགོས་ཤིང་། རུལ་བའམ་ངོ་བོ་འགྱུར་བའི་ཟས་རིགས་དང་མ་བཅོས་རྒྱུ་ཆ་བེད་སྤྱོད་མི་བྱེད་པ། མྱུ་གུ་འབུས་པའི་ཞོག་ཁོག་དང་སྐྱེ་དངོས་རིགས་མི་གསལ་བའི་ཉ་དང་འགྲོན་བུའི་རིགས་ཀྱི་ཐོན་རྫས་སོགས་མི་ཉོ་བ། ནད་དང་དུག་གིས་ཤི་བ་དང་ཤི་རྐྱེན་གསལ་བོ་མིན་པའམ་འཕྲོད་བསྟེན་རིམས་བཤེར་གྱི་ཚད་ལོན་དཔང་ཡིག་ཐོབ་མེད་པའི་བྱ་ཕྱུགས་ཀྱི་ཤ་མི་ཉོ་བ། རང་ཉིད་ལ་ཆ་རྒྱུས་མེད་པའི་ཚལ་རྒོད་དང་རི་སྐྱེས་ཤ་མོ་དུག་ཅན་སོགས་ཀྱི་ཟས་རིགས་འཐུ་བ་དང་ཉོ་བ། ཟ་བ་བཅས་བྱེད་མི་རུང་།
གཉིས། ཟས་རིགས་གཙང་འཁྲུད་བྱེད་སྐབས། ཤིང་ཏོག་དང་སྔོ་ཚོད་ཀྱི་རིགས་ཆུ་ཚོད་ཕྱེད་ཀའི་སྔོན་ལ་སྦངས་རྗེས་གཙང་འཁྲུད་བྱས་ཏེ་བཟའ་དགོས་པ་དང་། གཙང་འཁྲུད་བྱེད་སྐབས་བཞུར་བཞིན་པའི་ཆུ་གཙང་མས་ཡང་ཡང་བཤལ་ཏེ། ཟས་རིགས་ཀྱི་མ་བཅོས་རྒྱུ་ཆའི་ཕྱི་ངོས་སུ་གནས་པའི་འབུ་ཕྲ་མེད་པར་བཟོས་ནས། སྦགས་བཙོག་འབུ་ཕྲ་གནས་པར་གཡོལ་དགོས།
གསུམ། ཟས་རིགས་ལས་སྣོན་བྱེད་སྐབས། བསྐོལ་ཆས་དང་གསོལ་ཆས། ཟས་རིགས་བཅས་ཀྱི་བཀྲུ་བཤལ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཟས་རིགས་རློན་པ་དང་བཙོས་མ་སོ་སོ་ནས་ཉར་ཚགས་དང་ལས་སྣོན། བཀོལ་སྤྱོད་བཅས་བྱས་ཏེ། ཚོས་མ་དང་ཕྱེད་གྲུབ་རྫས། ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ་བཅས་ཕན་ཚུན་བསྣོལ་མར་བྱས་ནས་སྦགས་བཙོག་བཟོ་བར་སྔོན་འགོག་བྱ་དགོས། གཡོས་སྦྱོར་བྱེད་པའི་ཟས་རིགས་བཙོས་ནས་ཡོངས་སུ་ཚོས་དགོས་པ་དང་། འཁྱགས་སྒམ་དུ་ཉར་བའི་འཁྱག་ཉར་དང་གྲང་བཟོ་བྱས་པའི་ཟས་རིགས་བླངས་ཏེ་གཡོས་སྦྱོར་མ་བྱས་པའི་སྔོན་དུ་འཁྱགས་པ་ཞུ་རུ་འཇུག་པ་དང་། དུས་ཡུན་རིང་བོར་གསོག་ཉར་བྱས་པའི་ཟས་རིགས་མ་ཟོས་པའི་སྔོན་ལ་ཡང་བསྐྱར་ཚ་སྣོན་ལེགས་པོ་བྱས་ཏེ། གསོན་པོར་གནས་པའི་འབུ་ཕྲ་གསད་དགོས།
བཞི། ཟས་རིགས་ཉར་ཚགས་བྱེད་སྐབས། ཟས་ལྷག་དང་ཚལ་ལྷག་འཁྱགས་སྒམ་ནང་དུ་འཁྱག་ཉར་བྱ་དགོས་ལ། རབ་ཡིན་ན་སོས་ཉར་འགྱིག་ཤོག་གིས་བཏུམས་ནས། འཁྱགས་སྒམ་ནང་དུ་ཟས་རིགས་ཕན་ཚུན་བསྣོལ་མར་བྱས་ནས་སྦགས་བཙོག་མི་ཡོང་བ་བྱ་དགོས། སྔོ་ཚོད་དང་ཤིང་ཏོག་རིགས་ཀྱི་ཟས་ཚོས་མའི་རིགས་འཁྱག་ཉར་བྱས་ནས་སོས་ཉར་བྱ་དགོས། ཚོས་པའི་ཟས་རིགས་ཁང་དྲོད་དུ་ཉར་འཇོག་བྱེད་སྐབས། ཆུ་ཚོད་གཉིས་ཀྱི་ནང་ཚུན་ནས་བཟའ་དགོས།
ལྔ། ཕྱི་རུ་སོང་ནས་ཟ་མ་ཟ་སྐབས། དཔང་ཡིག་ཆ་ཚང(ཟས་རིགས་གཉེར་སྐྱོང་འཁྲོལ་འཛིན)བ་དང་། ཁོར་ཡུག་གཙང་ཞིང་གྲལ་དག་པ། བཟའ་བཏུང་བདེ་འཇགས་ལྟ་སྐུལ་ཚད་འབེབས་རིམ་པ་ཅུང་མཐོ་བའི་ཟ་ཁང་བདམས་ནས་ཟ་མ་བཟའ་དགོས་པ་དང་། དཔང་ཡིག་མེད་པའི་ལམ་འགྲམ་ཐང་ཁྲོམ་དང་། བསྲེགས་ཟས་ཐང་ཁྲོམ། མཚན་ཟས་ཐང་ཁྲོམ་སོགས་ཟས་རིགས་བདེ་འཇགས་འགན་ལེན་མེད་པའི་ཟ་ཁང་དུ་ཟ་མ་ཟ་མི་འོས། འབྲུག་གློལ་ཆུང་ངུའི་རིགས་དང་། དུང་དཀར་། ཧེད་ཚལ། ཧེད་ཤ བསྲེགས་ཟས་སོགས་ཉེན་ཁ་ཆེ་བའི་ཐང་ཚོང་ཟས་རིགས་མི་ཟ་བའམ་ཡང་ན་ཉུང་ཟ་བྱ་དགོས།
དྲུག དྲ་ཐོག་ནས་ཟ་མ་མངག་ཉོ་བྱེད་སྐབས། འཚོང་མཁན་གྱི«ཟས་རིགས་གཉེར་སྐྱོང་འཁྲོལ་འཛིན»ལ་བལྟ་དགོས་པ་དང་། བར་ཐག་ཉེ་བའི་ཟ་ཁང་བདམས་ནས་ཟ་མ་མངག་ཉོ་བྱས་ཏེ་ཟས་རིགས་སྐྱེལ་ཡུན་ཇེ་ཐུང་དུ་གཏང་དགོས། ཟས་རིགས་འབྱོར་རྗེས་ཕྱི་ཐུམ་དང་ཟས་རིགས་རྒྱུ་ཆའི་སྤུས་ཚད་ལ་ཞིབ་བཤེར་བྱ་དགོས་པ་ལས་དུས་ཡུན་རིང་བོར་ཉར་ཚགས་བྱེད་མི་རུང་། དྲ་ཐོག་ནས་ཟས་རིགས་རློན་པ་དང་འཁྱག་ཟས་རིགས་ཀྱི་ཉེན་ཆེའི་ཟས་རིགས་ཅི་ཐུབ་ཀྱིས་ཉོ་མི་རུང་།ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

འབྲེལ་ཡོད་འོས་སྦྱོར།