བྱིས་པའི་རྒྱང་སྒྲིབ་སྔོན་འགོག་གི་ཐབས་ཤེས་བཟང་པོ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2026-07-29
ཀློག་གྲངས།:
དབྱར་ཁའི་གུང་གསེང་རིང་། ཕྲུ་གུ་ཚོས་ཡུན་རིང་ཁྱིམ་དུ་བསྡད་ནས་དཔེ་ཆ་ལྟ་བ་དང་གློག་རྡུལ་ཐོན་རྫས་སྤྱོད་པ་སོགས་བྱས་ན་རྒྱང་སྒྲིབ་ནད་ཕོག་སླ་པོ་ཡོད། དབང་གྲགས་ལྡན་པའི་ཆེད་མཁས་པས་ཁྱེད་ལ་ཚན་རིག་དང་མཐུན་ཞིང་ཕན་ནུས་ཆེ་བའི་མིག་སྲུང་བྱེད་ཐབས་ཁག་གཅིག་མཉམ་སྤྱོད་བྱས་པ་གཤམ་གསལ་ལྟར།
ལོ་ཆུང་བྱིས་པའི་རྒྱང་སྒྲིབ་མིག་ནད་དེ་ཚད་མཐོའི་རྒྱང་སྒྲིབ་མིག་ནད་དུ་འགྱུར་སླ།ཁྱེད་ཀྱིས་རྒྱུས་ལོན་བྱེད་དགོས་པའི་གནད་དོན་འགའ།
གྲངས་འཛིན་ཅན་གྱི་དུས་རབས་སུ་སླེབས་རྗེས་ཐག་ཉེ་སར་ཅ་དངོས་སོགས་ལ་ལྟ་བའི་དུས་ཚོད་མངོན་གསལ་དོད་པོས་མང་དུ་ཕྱིན་པའི་ཁར། ཁང་པའི་ཕྱི་རོལ་དུ་བྱེད་སྒོ་སྤེལ་བའི་དུས་ཚོད་མི་འདང་བ་དེ། གཞོན་ནུ་ལོ་ཆུང་ལ་རྒྱང་སྒྲིབ་མིག་ནད་ཕོག་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་པེ་ཅིང་ཐུང་རེན་སྨན་ཁང་གསོ་རིག་འོད་མཐོང་ལྟེ་གནས་ཀྱི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་སུང་ཧུང་ཤིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ཆུང་བྱིས་པའི་རྒྱང་སྒྲིབ་མིག་ནད་དེ་ཚད་མཐོའི་རྒྱང་སྒྲིབ་མིག་ནད་ཀྱི་ཕྱོགས་སུ་འགྱུར་འགྲོ་བའི་མྱུར་ཚད་དེ་བས་མགྱོགས་པ་དང་ཉེན་ཁ་དེ་བས་ཆེ་བ་ཡོད།
རྒྱང་སྒྲིབ་མིག་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་ནི། སྔ་ཙམ་ནས་སྔོན་འགོག་དང་། སྔ་ཙམ་ནས་ཐེ་གཏོགས། རྒྱང་སྒྲིབ་མིག་ནད་འཕར་ཚད་ཚོད་འཛིན་བྱ་རྒྱུ་བཅས་ཡིན་པ་རེད།
རྒྱུན་མཐོང་གི་མིག་སྲུང་བྱ་ཐབས་བཟང་པོ་འདི་དག་ཡིད་ལ་འཛིན་རོགས། ཕན་ནུས་ཆེ་ལ་ཤིན་ཏུ་སྟབས་བདེ།
ཕྱི་རོལ་ཡུལ་གྱི“མིག་སྲུང་དུས་ཚོད་ཡག་ཤོས”གཅེས་འཛིན་བྱེད་དགོས། ཡི་གེ་ལྟ་ཀློག་བྱེད་སྐབས་ཀྱི་འདུག་སྟངས་ལ་དོ་སྣང་དང་། གློག་སྒྲོན་གྱི་གློག་འོད་ཆེ་ཆུང་འཚམ་པོ་ཡོང་བ་བྱེད་དགོས། གློག་རྡུལ་ཐོན་རྫས་བེད་སྤྱོད་དུས་ཡུན་ཚོད་འཛིན་ནན་པོ་བྱེད་དགོས། རྒྱུན་མཐུད་མིག་སྤྱོད་དུས་ཡུན་ཚོད་འཛིན་ཡག་པོ་བྱེད་དགོས། དུས་བཀག་ལྟར་མིག་ཤེད་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།
རིགས་གཅིག་མཁས་ཅན་གྱིས་ད་དུང་ཕྲུ་གུ་ལོ་གསུམ་ནས་བཟུང་བྱིས་པའི་མིག་ཤེད་ཡིག་ཚགས་བཟོས་ཏེ་ལོ་ཕྱེད་རེར་ཆེད་ལས་ཀྱི་མིག་ཤེད་ཞིབ་བཤེར་དང་མིག་མདའི་རིང་ཚད་ལ་ཞིབ་བཤེར་ཐེངས་རེ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།
གལ་ཏེ་མིག་ཟིམ་མེར་དངོས་པོར་ལྟ་བ་དང་། མགོ་འཁྱོགས་ནས་དངོས་པོར་ལྟ་བ།མིག་ཡང་ཡང་ཕུར་བ། བརྙན་འཕྲིན་ལ་ཐག་ཉེ་པོ་བཅར་ནས་ལྟ་བ་སོགས་ཀྱི་སྣང་ཚུལ་ཐོན་ཚེ། མྱུར་དུ་སྨན་པ་བསྟེན་ནས་བརྟག་དཔྱད་བྱས་ཏེ། རྒྱང་སྒྲིབ་རྫུན་མ་དེ་རྒྱང་སྒྲིབ་ངོ་མར་མི་འགྱུར་བ་བྱེད་དགོས།

འབྲེལ་ཡོད་འོས་སྦྱོར།