འཁྱགས་སྒམ་ནང་དུ་ཤ་འཇོག་ཡུན་ཅི་ཙམ་ཡིན་དགོས།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2026-08-12
ཀློག་གྲངས།:
བྱ་ཤ་དང་། ཚགས་ཤ། རྩིབས་ཤ་སོགས་ཁྱིམ་ཚང་མང་པོ་ཞིག་གི་འཁྱགས་སྒམ་ནང་ཟས་ཚར་གྱི་མེད་པའི་ཤ་དག་ཉར་ཚགས་བྱེད་ཀྱིན་ཡོད། འཁྱགས་སྒམ་ནང་གི་འཁྱགས་ཤ་ཡུན་རིང་ན་དུས་ཡུན་ག་ཚོད་ཉར་ཚགས་ཐུབ་བམ་ཞེ་ན། གཞན་ཡང་ཟས་རིགས་གང་དག་འཁྱགས་སྒམ་ནང་དུ་བཞག་ན་མི་འཚམ་པ་འདི་ད་ཐེངས་ཨན་ཧུའེ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པའི་འཇུ་བྱེད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཝང་ཅུན་ཞན་གདན་དྲངས་ནས་ཆེད་ལས་ཀྱི་ཚན་རིག་གདལ་ཁྱབ་གཏོང་རྒྱུ་ཡིན།
སྨན་པ་ཝང་ཅུན་ཞན་ལགས་ཀྱིས་བསྟན་དོན། དབྱར་ཁར་མི་མང་པོ་ཞིག་ལ་ཟས་མ་ཚར་བའི་ཟ་ལྷག་མཐུང་ལྷག་རྣམས་འཁྱགས་སྒམ་ནང་དུ་བཞག་ནས་ཉར་ཚགས་བྱེད་པའི་གོམས་གཤིས་ཤིག་ཡོད།
ཟ་མ་ཅི་ཙམ་ཟ་ཐུབ་ན་དེ་ཙམ་ལས་ནས་ཟ་ལྷག་མང་པོ་མ་བཞག་ན་ལེགས་ཤོས་རེད། གལ་ཏེ་ཟ་མ་དང་ཚལ་སོགས་ཅུང་མང་བ་ཞིག་ཟས་ལྷག་ཤོར་བ་ཡིན་ན་འཁྱགས་སྒམ་ནང་དུ་བཞག་པའི་དུས་ཚོད་ཉིན་གསུམ་ནས་བཞི་ལས་བརྒལ་མི་རུང་། སྔོ་ཚལ་རིགས་འཁྱགས་སྒམ་ནང་དུ་བཞག་ན་ཉིན་གཅིག་ལས་བརྒལ་མ་རུང་།
དོ་སྣང་བྱེད་དགོས་པ་ཤིག་ལ་ང་ཚོའི་ཟས་རིགས་ཉེན་མེད་དང་ཟས་རིགས་ཀྱི་བྲོ་བ། འཚོ་བཅུད་སོགས་མི་ཉམས་པའི་ཉར་ཚགས་ཚད་ལྡན་བྱེད་སྟངས་ནི་འཁྱགས་ཉར་བྱེད་སྐབས་ཤ་རིགས་དུས་ཡུན་ཟླ་བ་དྲུག་ལས་བརྒལ་མི་རུང་། བྱ་ཤའི་རིགས་ཀྱི་འཁྱགས་ཉར་དུས་ཚོད་ཟླ་བ་གསུམ་ལས་བརྒལ་མི་རུང་། ཉ་དང་ཆུ་འབུ་གློ་ཉལ་སོགས་ཤ་སྣག་མོའི་རིགས་སྤྱིར་བཏང་དུ་ཟླ་བ་གཅིག་ལས་བརྒལ་མི་རུང་།
ཟས་རིགས་འཁྱགས་ཉར་བྱེད་པའི་གོ་རིམ་ཁྲོད་དུ་གཤམ་གྱི་དོན་ཚན་འགའ་ལ་དོ་སྣང་བྱེད་དགོས།
རབ་ཡིན་ན་ཟས་རིགས་སོས་པ་ཐད་ཀར་འཁྱགས་ཉར་བཟོ་དགོས་པ་ལས་དྲོད་སར་ཡུན་རིང་འཇོག་མི་རུང་།
ཚོ་བགོས་ནས་ཐུམ་སྒྲིལ་བྱེད་པ་དང་མཁའ་དབུགས་གཙང་མར་མེད་པར་བཟོས་ན་ལེགས།
གལ་ཏེ་ཆ་རྐྱེན་ཡོད་ན་ཁོང་སྟོང་ཐུམ་སྒྲིལ་བྱེད་ནས་འཁྱགས་ཉར་བྱེད་དགོས།
སྤྱིར་བཏང་ཡིན་ན་ཟས་རིགས་འགའ་རེ་འཁྱགས་སྒམ་ནང་མ་བཞག་ན་ལེགས་པ་རེད། དཔེར་ན་ངང་ལག ཨ་བུ་ཁ་ལྡོ། ཨ་མྲ། ཞོག་ཁོག ཞོག་མངར་འདི་དག་འཁྱགས་སྒམ་ནང་དུ་འཇོག་མི་རུང་།
ད་དུང་སྒོག་པ་དང་ལྡུམ་སྒོང་། རྡོ་ལུམ་སྒོང་སོགས་ཀྱང་འཁྱགས་སྒམ་ནང་མ་བཞག་ན་ལེགས། མི་མང་པོ་ཇ་འཁྱགས་སྒམ་ནང་དུ་འཇོག་པར་དགའ་པོ་ཡོད། ཇ་འཁྱགས་སྒམ་ནང་དུ་འཇོག་དུས་ངེས་པར་དུ་ཁ་དམ་པོ་རྒྱག་དགོས། ཚང་མར་དྲན་སྐུལ་བྱེད་རྒྱུ་ནི་ཀྲུང་ལུགས་སྨན་གྱི་ཐང་རྫས་རིགས་དེ་མི་མང་པོ་འཁྱགས་སྒམ་ནང་དུ་འཇོག་པར་དགའ། དེའང་ཉར་ཚགས་བྱེད་ཐབས་ལེགས་པོ་ཞིག་མིན། ཡིན་ནའང་ངེས་པར་དུ་སྨན་པའི་མཛུབ་སྟོན་འོག་ལུགས་མཐུན་གྱི་སྒོ་ནས་ཀྲུང་ལུགས་སྨན་ཐང་རིགས་འཁྱགས་ཉར་བྱེད་དགོས།

འབྲེལ་ཡོད་འོས་སྦྱོར།