ཕ་མའི་སྨྲ་བརྗོད་ནི་སྒྱུ་རྩལ་ཞིག་ཡིན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར།
དུས་ཚོད།:2026-10-05
ཀློག་གྲངས།:
ཕ་མའི་སྨྲ་བརྗོད་ཀྱིས་བྱིས་པར་ཤུགས་རྐྱེན་ངོ་མཚར་བ་ཞིག་ཐེབས་བཞིན་ཡོད་དེ། བྱིས་པ་ནི་རྒྱུན་པར་ཕ་མས“རེ་བ་བཅངས་པའི”རྣམ་པ་ལྟར་འཚར་ལོངས་འབྱུང་སྲིད་ལ། ཕ་མའི་སྨྲ་བརྗོད་ཀྱིས་བཞེངས་སྐྲུན་བྱས་པ་ནང་བཞིན་ཡོང་ངེས། ཕ་མས་བཤད་པའི་སྐད་ཆ་རེ་རེས་ཤེས་མེད་ཚོར་མེད་ངང་བྱིས་པའི་མ་འོངས་པའི་རྣམ་པ་བཞེངས་སྐྲུན་བྱེད་བཞིན་ཡོད།
སྐད་ཆ་ནི་བྱིས་པའི་སེམས་ཁམས་ཀྱི་འཚོ་བཅུད་ཡིན།
འདི་ལྟ་བུའི་བཤད་སྲོལ་ཞིག་ཡོད་དེ། “ཕ་མས་དོ་སྣང་བྱེད་ཅིང་ནན་བཤད་བྱེད་པའི་དོན་དག་དེ་བྱིས་པའི་བསམ་བློ་རུ་འགྱུར་ངེས།”ཕ་མའི་ཡར་སྐུལ་གྱི་སྐད་ཆས་བྱིས་པར་བྱམས་བརྩེ་དང་སེམས་ཁུར་བྱེད་པའི་བརྡ་སྤྲོད་པ་དང་། སྐད་ཆ་མི་འཚམ་པ་བཤད་ན། བྱིས་པའི་གཤིས་ཀ་ཆགས་པ་དང་སྦྱོར་བ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། ཕ་མ་ལ་ལ་ཞིག་གིས་སློབ་གསོ་ནི“སྐྱོན་བརྗོད”ཡིན་པར་ངོས་འཛིན་ཞིང་། ཡང་ཕ་མ་ལ་ལ་ཞིག་གིས་བྱིས་པར་དྲང་ཐད་ནས་གཟེངས་བསྟོད་བྱེད་མི་ཐུབ་པས། བྱིས་པས་ཕ་མའི“སྐད་ཆའི་ཤུགས་ཀྱི་དོན”མི་གོ་བ་རེད། ཕ་མའི་སྐད་ཆའི་ཁྲོད་དུ“འཚོ་བཅུད”ཀྱིས་ཁེངས་ཚེ། བྱིས་པ་ནི་སྟོབས་དང་ལྡན་པར་འཚར་ལོངས་འབྱུང་ངེས།
སྐད་ཆའི་ཁྲོད་ཀྱི“གསལ་སྟོན”དང“ཤུགས་སྟོན།”
སྐད་ཆ་གཅིག་གིས་གནས་ཚུལ་མི་འདྲ་བའི་འོག་ཏུ་བརྡ་མི་འདྲ་བ་སྟོན་སྲིད། ཕ་མས་བྱིས་པའི་རྒྱུགས་འབྲས་བཟང་བར་བསྟོད་པ་བྱེད་དུས། བྱིས་པར་བརྡ་སྤྲད་པ་ནི“རྒྱུགས་འབྲས་བཟང་ཚེ་ད་གཟོད་བསྟོད་བསྔགས་ཐོབ་རིན་ཡོད་པ”ཡིན་ཡང་སྲིད། ཕ་མས་བྱིས་པར་ཤ་ཚ་ནས་དེ་ལ“ཨ་ཕས་ཁྱོད་ཀྱི་ཚབ་ཏུ་བསྒྲུབ”ཅེས་ལབ་དུས། དོན་དངོས་སུ་བྱིས་པ་ལ“ཁྱོད་ཀྱི་ནུས་པས་དོན་དག་འདི་བསྒྲུབ་མི་ཐུབ”ཅེས་ཟེར་བཞིན་པ་དང་མཚུངས། དེར་བརྟེན། ཕ་མས་ངེས་པར་བྱིས་པ་ལ་ཇི་ལྟར་འབྲེལ་འདྲིས་བྱེད་ཚུལ་ཤེས་དགོས།
སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་བྱིས་པ་བཞེངས་སྐྲུན་བྱེད་པ།
༡ ཐབས་མཁས་ཀྱིས་བསྟོད་བསྔགས་ཀྱི་སྐད་ཆ་སྤྱད་ནས་བྱིས་པའི་སྒུལ་ཤུགས་སློང་བ། མི་དང་མིའི་འབྲེལ་འདྲིས་ཁྲོད། མི་རྣམས་ཀྱིས་ཆེས་འཐོབ་པར་འདོད་པ་ནི་གཞན་གྱི་ཁས་ལེན་དང་བརྩི་བཀུར་རེད། བྱིས་པའི་ཀུན་སྤྱོད་ལ་ཕ་མའི་བརྩི་བཀུར་དང་དགའ་བ་ཐོབ་དུས། ཁོའི་སེམས་སུ“ངས་སྒྲུབ་ཐུབ་པ་ཡིན”དང“ངའི་ནུས་པས་ལྕོགས་པ་ཡིན”པར་སྙམ་པས། བྱིས་པའི་རང་རྟོན་གྱི་བསམ་པ་ཇེ་དྲག་ཏུ་གཏོང་བར་ཕན་པ་ཡོད།
༢ བྱིས་པར་བསྟོད་པ་བྱེད་ཤེས་པར་བྱས་ཏེ་ཁོའི་ཕན་ནུས་ཇེ་མཐོར་གཏོང་བ། བསྟོད་པ་བྱས་ན་བྱིས་པའི་རང་ཉིད་ཀྱི་ཕན་ནུས་མཐོར་འདེགས་གཏོང་ཐུབ་མོད། འོན་ཀྱང་བསྟོད་པ་ལ་ཚད་མེད་པར་གང་བྱུང་དུ་སྤྱད་ཚེ། དེ་ནི་དུས་དང་རྣམ་པ་ཀུན་ཏུ་བྱིས་པའི་སྐད་ཆ་རེ་རེ་དང་སྦྱོར་བ་རེ་རེར་གདེང་འཇོག་བྱེད་བཞིན་པ་དང་འདྲ་བས། དེས་བྱིས་པར་གནོན་ཤུགས་སྟེར་ཞིང་ཁོ་རང་འཆིང་རྒྱར་ཚུད་ངེས།
༣ ཕ་མས་སྐྱོན་བརྗོད་བྱེད་ཤེས་པར་བྱས་ཏེ་བྱིས་པ་ལ་བློ་ཕམ་སྐྱེ་རུ་འཇུག་མི་རུང་། སྐྱོན་བརྗོད་ནི་བྱིས་པ་འཚར་ལོངས་འབྱུང་བའི་ཁྲོད་མེད་དུ་མི་རུང་ཞིང་། སྐྱོན་ཆ་ལ་ལ་ཞིག་ངེས་པར་ཡོ་བསྲང་བྱེད་དགོས། འོས་འཚམ་གྱི་སྐྱོན་བརྗོད་ལ་རྩ་དོན་གསུམ་ཡོད་དེ། གཅིག་ནི་དོན་དག་སྒྲུབ་ནོར་བྱུང་བ་ལ་སྐྱོན་བརྗོད་བྱེད་པ་ལས་མི་ལ་སྐྱོན་བརྗོད་མི་བྱེད་པ། སྐྱོན་བརྗོད་བྱེད་དུས་སྒྲིག་ལམ་ནན་བཤད་བྱེད་པ། སྐྱོན་དེ་ཁོ་ན་བཟུང་ནས་མི་གཏོང་བ་བྱེད་མི་རུང་བ་བཅས་ཡིན།
བྱིས་པ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་རྒྱུན་ཆད་མེད་པར་ཕ་མའི་སྐད་ཆ་དང་རྣམ་འགྱུར་ལས་རང་ཉིད་ལ་དགའ་མིན་དང་དང་ལེན་བྱེད་མིན་ཉམས་ཚོད་ལེན་པར་བྱེད། བྱིས་པར་བརྩེ་བ་འདང་ངེས་ཤིག་སྟེར་བ་ནི། བྱིས་པས་འཇིག་རྟེན་འཚོལ་ཞིབ་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་གདེང་ཚོད་ཡོད་པ་དང་། མཇུག་འབྲས་ཅི་འདྲ་ཞིག་ཡིན་རུང་། རང་གི་རྒྱབ་ལོགས་སུ་ནམ་ཡང་ཕ་མའི་རྒྱབ་སྐྱོར་ཡོད་པ་ཤེས་ཡོད། དེ་ལྟ་བུའི་བརྩེ་བའི་རྒྱབ་སྐྱོར་བརྟན་པོ་ཡིས་བྱིས་པར་བདེ་སྣང་འདང་ངེས་ཤིག་ཆགས་སུ་འཇུག་ཐུབ་ཅིང་། ཅི་ལ་ཡང་ཚོད་ལྟ་བྱེད་ཕོད་ཅིང་ནོར་འཁྲུལ་བཟོ་བར་མི་སྐྲག་ལ། མི་ཚེའི་ལམ་ཁའི་དཀའ་སྡུག་སྣ་ཚོགས་ལ་སྔར་ལས་གདོང་གཏོད་པའི་སྤོབས་པ་ཡོད། རྒྱུན་ལྡན་གྱི་འབྲེལ་འདྲིས་ཁྲོད། ཕ་མས་བརྩེ་བ་དེའི་རིགས་མང་དུ་བཤད་ཆོག་ཅིང་ལག་ལེན་དུ་བསྟར་ཆོག་པ་ལས་བསམ་བཞིན་དུ་བརྩེ་བ་དེའི་རིགས་ཁོང་དུ་གནོན་མི་དགོས། བྱིས་པར་ཁྱིམ་ཚང་གི་བརྩེ་བ་གསལ་པོར་མྱོང་དུ་བཅུག་ཚེ། བརྩེ་བ་དེ་ནི་བྱིས་པའི་མི་ཚེའི་བགྲོད་ལམ་སྟེང་གི་སྟོབས་ཤུགས་སུ་འགྱུར་ངེས། །

འབྲེལ་ཡོད་འོས་སྦྱོར།