ཞོག་ཁོག་མང་པོ་བཟའ་མཁན་རྒྱགས་པ་མི་ཆགས་པའི་རྒྱུ་མཚན་འདི་རེད་འདུག
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2026-10-10
ཀློག་གྲངས།:
ཞོག་ཁོག་གིས་རྒྱགས་པ་མི་ཆགས་པའི་རྒྱུ་མཚན་ནི་ཞོག་ཁོག་ལ“འཇུ་དཀའ་བའི་སིང་ཕྱེ”འདུས་ཡོད་པས་རེད།
“འཇུ་དཀའ་བའི་སིང་ཕྱེ”(抗性淀粉)ཞེས་པ་ཅི་ཡིན། བདེ་ཐང་ལ་ཕན་པ་གང་དག་ཡོད་དམ།
༢ མཆིན་པ་ཚིལ་འགྱུར་ནད་ལ་ཕན་པ། ཞིབ་འཇུག་བྱས་པ་ལྟར་ན། “འཇུ་དཀའ་བའི་སིང་ཕྱེ”འདུས་པའི་བཟའ་བཏུང་གིས་མཆིན་པར་གནོད་པའི་ཚིལ་དང་སྤྲི་དཀར་ཉུང་དུ་གཏོང་ཐུབ་པས། མཆིན་པ་ཚིལ་འགྱུར་ནད་ལ་ཕན་གྱི་ཡོད་པ་རེད།
༣ ཁྲག་ཚིལ་ཉུང་དུ་གཏོང་ཐུབ་པ། ཞིབ་འཇུག་ལས་ར་འཕྲོད་བྱུང་བར་གཞིགས་ན། “འཇུ་དཀའ་བའི་སིང་ཕྱེ”ཟོས་ཚེ་མཁྲིས་རྒྱུ་གཤེར་རྩི་དང་མངར་སྣུམ་ཚིལ་གསུམ(甘油三酯)སོགས་ཀྱི་སྟོན་གྲངས་དམའ་རུ་ཕྱིན་ནས། ཁྲག་ཚིལ་ཉུང་དུ་གཏོང་བར་ཕན་ཐོགས་ཀྱི་ཡོད་པ་རེད།
༤ རྙིང་ཚབ་གསར་འབྱེད་ཐུབ་པ། ཞིབ་འཇུག་ལས་ར་འཕྲོད་བྱུང་བར་གཞིགས་ན། གཟའ་འཁོར8ཙམ་ལ“འཇུ་དཀའ་བའི་སིང་ཕྱེ”གསབ་ཚེ། ཤ་རྒྱགས་པ་རྣམས་སྐམ་དུ་འགྲོ་ཐུབ་པ་མ་ཟད། ད་དུང་ཁོང་ཚོའི་གཤེར་མའི་ཕུང་རྩིའི་ནུས་པ་ཡང་ཇེ་ལེགས་སུ་འགྲོ་ཐུབ། འགྱུར་ལྡོག་འདི་དག་ཚང་མ“འཇུ་དཀའ་བའི་སིང་ཕྱེས”རྒྱུ་མའི་སྲིན་ཁྱུའི་འཇུ་སྟངས་ལེགས་སུ་བཏང་བ་དང་འབྲེལ་བ་ཡོད་པ་རེད།
“འཇུ་དཀའ་བའི་སིང་ཕྱེ”(抗性淀粉)ཞེས་པ་ཅི་ཡིན། བདེ་ཐང་ལ་ཕན་པ་གང་དག་ཡོད་དམ།
ཉིང་ཞ་གསོ་རིག་སློབ་ཆེན་སྤྱི་ཁྱབ་སྨན་ཁང་འཚོ་བཅུད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཞ་ཡུས་ཧན་གྱིས“‘འཇུ་དཀའ་བའི་སིང་ཕྱེ’ཞེས་པ་ནི་རྒྱུ་མས་འཇུ་དཀའ་བའི་སིང་ཕྱེའི་རིགས་ཤིག་ཡིན། ‘འཇུ་དཀའ་བའི་སིང་ཕྱེ’སྤྱིར་བཏང་གི་སིང་ཕྱེ་དང་མི་འདྲ་བར་སིང་ཕྱེ་འདི་རིགས་རྒྱུ་མའི་ནང་དུ་རྒུན་འབྲུམ་མངར་ཆར་མི་འགྱུར་ལ། ལོང་གའི་ནང་འབྱོར་རྗེས་གཞི་ནས་སྲིན་ཁྱུས་འཐེན་ཞིང་འཇུ་གི་ཡོད། དམིགས་བསལ་གྱི་འཇུ་སྟངས་འདིས་ཉེ་བའི་ལོ་ཤས་རིང‘འཇུ་དཀའ་བའི་སིང་ཕྱེ’ལ་འཚོ་བཅུད་རིག་པའི་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཞིབ་འཇུག་མང་པོ་བྱས་པ་བརྒྱུད། “འཇུ་དཀའ་བའི་སིང་ཕྱེས”བདེ་ཐང་ལ་ཕན་ཐོགས་མང་པོ་ཡོད་པ་ཤེས་པ་སྟེ།
༡ ཤ་སྐམ་དུ་འགྲོ་ཐུབ་པ། 2024ལོའི«རང་བྱུང་བརྗེ་ཚབ»དུས་དེབ་ཐོག་བཀོད་པའི་ཞིབ་འཇུག་འབྲས་བུ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། འབྲས་གྲོ་ཞིབ་མང་པོ་མ་བཟའ་བར“འཇུ་དཀའ་བའི་སིང་ཕྱེ”འདུས་པའི་ཞོག་ཁོག་སོགས་མང་ཙམ་བཟས་ཚེ། ཟས་རྣམས་རྒུན་འབྲུམ་མངར་ཆར་མི་འགྱུར་བས་རྒྱགས་པ་ལས་སླ་པོར་ཆགས་ཀྱི་མེད།༢ མཆིན་པ་ཚིལ་འགྱུར་ནད་ལ་ཕན་པ། ཞིབ་འཇུག་བྱས་པ་ལྟར་ན། “འཇུ་དཀའ་བའི་སིང་ཕྱེ”འདུས་པའི་བཟའ་བཏུང་གིས་མཆིན་པར་གནོད་པའི་ཚིལ་དང་སྤྲི་དཀར་ཉུང་དུ་གཏོང་ཐུབ་པས། མཆིན་པ་ཚིལ་འགྱུར་ནད་ལ་ཕན་གྱི་ཡོད་པ་རེད།
༣ ཁྲག་ཚིལ་ཉུང་དུ་གཏོང་ཐུབ་པ། ཞིབ་འཇུག་ལས་ར་འཕྲོད་བྱུང་བར་གཞིགས་ན། “འཇུ་དཀའ་བའི་སིང་ཕྱེ”ཟོས་ཚེ་མཁྲིས་རྒྱུ་གཤེར་རྩི་དང་མངར་སྣུམ་ཚིལ་གསུམ(甘油三酯)སོགས་ཀྱི་སྟོན་གྲངས་དམའ་རུ་ཕྱིན་ནས། ཁྲག་ཚིལ་ཉུང་དུ་གཏོང་བར་ཕན་ཐོགས་ཀྱི་ཡོད་པ་རེད།
༤ རྙིང་ཚབ་གསར་འབྱེད་ཐུབ་པ། ཞིབ་འཇུག་ལས་ར་འཕྲོད་བྱུང་བར་གཞིགས་ན། གཟའ་འཁོར8ཙམ་ལ“འཇུ་དཀའ་བའི་སིང་ཕྱེ”གསབ་ཚེ། ཤ་རྒྱགས་པ་རྣམས་སྐམ་དུ་འགྲོ་ཐུབ་པ་མ་ཟད། ད་དུང་ཁོང་ཚོའི་གཤེར་མའི་ཕུང་རྩིའི་ནུས་པ་ཡང་ཇེ་ལེགས་སུ་འགྲོ་ཐུབ། འགྱུར་ལྡོག་འདི་དག་ཚང་མ“འཇུ་དཀའ་བའི་སིང་ཕྱེས”རྒྱུ་མའི་སྲིན་ཁྱུའི་འཇུ་སྟངས་ལེགས་སུ་བཏང་བ་དང་འབྲེལ་བ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
