logo

རྒྱུན་ཤེས་སྨན་སྦྱོར་གྱི་མཛད་པ་པོ་དང་གབ་མིང་གསལ་བཤད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-06 ཀློག་གྲངས།:
1.ཤིང་ཀུན་ཉེར་ལྔ། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད།
2.ཨ་གར་སོ་ལྔ། ཚངས་པས་གསོ་དཔྱད་འབུམ་པར་གསུངས་ཤིང་བྱང་བ་རིགས་ལྡན་ཆེན་པོར་བརྒྱུད་ནས་རིམ་བཞིན་དར་རྒྱས་མཛད།
3.ཨ་གར་བཅོ་ལྔ། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད།
4.མན་ངག་བསིལ་སྦྱོར། བྱང་པ་མིའི་ཉི་མ་མཐོང་བ་དོན་ལྡན་གྱིས་མཛད།
5.འབྲོང་རྩེ་ཨར་བརྒྱད། འབྲོང་རྩེ་ལྷ་སྲས་རིན་ཆེན་རྒྱ་མཚོས་མཛད།
6.བྱེ་རིང་སེམས་ཀྱི་བདེ་སྐྱིད། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
7.བི་མ་ལ། རྒྱ་གར་གྱི་པཎ་ཆེན་བི་མ་མི་ཏྲས་མཛད།
8.སྲོག་རླུང་འཇོམས་རྡོར། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
9.དྲང་སྲོང་ཨར་བརྒྱད། འཕགས་ཡུལ་གྱི་དྲང་སྲོང་ཆེན་པོ་མུ་ཁྱུད་འཛིན་གྱིས་མཛད།
10.བྱེ་རིང་ལུག་ཀླད་རིལ་བུ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
11.མཁྲིས་ལས་རྣམ་རྒྱལ། བྱང་པ་མིའི་ཉི་མ་མཐོང་བ་དོན་ལྡན་གྱིས་མཛད།
12.གསེར་མདོག་ལྔ་པ། རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་མཉམ་མེད་དྭགས་པོ་ལྷ་རྗེས་མཛད།
13.ཚེ་བྷྲཱུྃ་ལུགས་ཀྱི་གར་ནག་བཅོ་ལྔ། འབྲུ་ཚེ་བྷྲཱུྃ་པ་གྲུབ་དབང་ཀརྨ་བསྟན་འཕེལ་གྱིས་མཛད།
14.གསེར་མདོག་བཅུ་གཅིག སྟོན་པ་བདེ་བར་གཤེགས་པའི་བླའི་སྨན་པ་ཆེན་པོ་འཚོ་བྱེད་གཞོན་ནུའི་སློབ་དཔོན་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུས་མཛད།
15.གར་ནག་བཅུ་པ། བོད་སྨན་མཁས་པ་མི་དགུའི་ཡ་གྱལ་གཉའ་པ་ཆོས་བཟང་གི་གདུང་རྒྱུད་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱིས་མཛད།
16.གཡའ་གྱི་བདུན་པ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
17.བདེ་བྱེད་སྙོམས་ལྡན། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སློབ་དཔོན་མང་མཁར་ཚ་ལུང་བ་སྟོད་སྟོན་དཀོན་མཆོག་སྐྱབས་ཀྱིས་མཛད།
18.ཕག་གྲུའི་སྦྱོར་བ། མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ་འགྲོ་བའི་མགོན་པོ་ཕག་གྲུ་རྡོ་རྗེ་རྒྱལ་པོས་མཛད།
19.ཐང་ཆེན་ཉེར་ལྔ། སྟོད་མི་ཉག་འུག་པ་གདོང་ནག་གིས་མཛད།
20.སྨུག་པོ་གཡུ་རྒྱལ་ལམ་སྟོད་ལུགས་ཅོང་ཞི་ཉེར་གཅིག མི་ཡི་དབང་པོ་རྣམ་རྒྱལ་གྲགས་བཟང་གིས་མཛད།
21.ཅོང་ཞི་ཉེར་ལྔ། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད།
22.ཅོང་ཞི་དགུ་པ། དང་པོ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད།
23.སྐྱུ་རུ་ཉེར་ལྔ། ཨ་ཙར་ཀ་རུ་ཎས་མཛད།
24.ཟླ་ཤེལ་ཆེན་མོ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
25.བདེ་བའི་མྱུ་གུ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་མཐར་ཕྱིན་གྱི་སློབ་མ་བཞིའི་ཡ་གྱལ་ཕྲིན་ལས་མཐར་ཕྱིན་ཕྲག་དབོན་བསོད་ནམས་བཀྲ་ཤིས་མཛད།
26.གླང་ཆེན་བཅུ་གཅིག སྨན་པའི་རྒྱལ་པོ་གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད།
27.གྲུབ་ཐོབ་རིལ་དཀར། གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་བརྩོན་འགྲུས་བཟང་པོས་མཛད།
28.བཅོ་ལྔ་དྲག་སྦྱོར། བཀའ་བརྒྱུད་བསྟན་པའི་སྤྱི་མེས་མར་མི་དྭགས་གསུམ་གྱི་ཡ་གྱལ་མཉམ་མེད་དྭགས་པོ་ལྷ་རྗེས་མཛད།
29.དབང་རིལ་རྟ་རི་མ། སྨན་པའི་རྒྱལ་པོ་གཙང་སྟོད་དར་མ་མགོན་པོས་མཛད།
30.དབང་རིལ་ཤེལ་དཀར་མཆོད་རྟེན། གངས་ཅན་མཁས་གྲུབ་བྱེ་བའི་གཙུག་རྒྱན་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་མཛད།
31.བདེ་བྱེན་ཀུན་ཕན། སྨན་པའི་རྒྱལ་པོ་བྱང་པ་མིའི་ཉི་མ་མཐོང་བ་དོན་ལྡན་གྱིས་མཛད།
32.འབོལ་སྨན་བདུན་པ། སྨན་པའི་རྒྱལ་པོ་བྱང་པ་མིའི་ཉི་མ་མཐོང་བ་དོན་ལྡན་གྱིས་མཛད།
33.ཅུ་གང་ཉེར་ལྔ། གངས་ལྗོངས་གསོ་བྱེད་བསྟན་པའི་གཙུག་རྒྱན་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད།
34.ཨམྦྷི་དྲུག་ཐང་། སྨན་པའི་རྒྱལ་པོ་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད།
35.གླང་ཆེན་ཆུ་བསྒྱུར། ཟུར་ལུགས་ཀྱི་གསོ་དཔྱད་བསྟན་པའི་ཤིང་རྟ་ཆེན་པོ་རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
36.ཟླ་ཤེལ་བདུད་རྩིའི་ཐིགས་པ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་ཞལ་སློབ་ཕྲག་དཔོན་བསོད་ནམས་བཀྲ་ཤིས་མཛད།
37.ད་ལིས་བཅུ་དྲུག འཕགས་མཆོག་ཕྱག་ན་པདྨོའི་རྣམ་རོལ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་མཛད།
38.ཐང་ཆེན་བརྒྱད་པ། མཁས་པའི་དབང་པོ་གཙང་སྟོད་དར་མ་མགོན་པོས་མཛད།
39.རྟ་ཟི་རིལ་བུ། སྔ་འགྱུར་རྙིང་མའི་གཏེར་སྟོན་ཆེན་པོ་རཏྣ་གླིང་པས་གཏེར་ནས་གདན་དྲངས།
40.ཨ་བྱག་དྲུག་ཐང་། བོད་སྨན་མཁས་པ་མི་དགུའི་ཡ་གྱལ་བྲང་ཏི་པས་མཛད།
41.གཙོ་བརྒྱད་བཅུ་གཉིས། ཆེར་རྗེ་ཞང་སྟོན་ཞིག་པོའི་གསོ་དཔྱད་ཀྱི་བུ་ཆེན་གཙང་སྟོད་དར་མ་མགོན་པོས་མཛད།
42.ཁྱུང་སྔོན་དགུ་པ། འཚོ་བྱེད་མཁས་པའི་དབང་པོ་ཨ་ཡུ་བི་ཛས་མཛད།
43.གཙོ་བོ་ཉེར་ལྔ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླའི་སྨན་པ་གཉའ་པ་ཆོས་བཟང་གི་གདུང་རྒྱུད་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱིས་མཛད།
44.ནོར་བདུན་གློ་སྨན། རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་མཉམ་མེད་དྭགས་པོ་ལྷ་རྗེས་མཛད།
45.དྲག་པོ་བཅུ་གསུམ། བོད་སྨན་མཁས་པ་མི་དགུའི་འུག་པའི་གདུང་རྒྱུད་མཁས་མཆོག་འུག་པ་གདོང་ནག་གིས་མཛད།
46.ཁྱུང་ཆེན་ཉེར་ལྔ། གངས་ཅན་སྨན་པའི་རྒྱལ་པོ་རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད།
47.དངུལ་ཆུ་ཉེར་ལྔ། ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
48.འཁྲུགས་གློ་ཀུན་སེལ། བྱང་པ་མིའི་ཉི་མ་མཐོང་བ་དོན་ལྡན་གྱིས་མཛད།
49.རྒ་ལོ་སྨན་དམར། རྒ་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད།
50.གསལ་བྱེད་ལྕགས་རིལ། གངས་ཅན་ལོ་ཙཱའི་གཙུག་རྒྱན་འཇིག་རྟེན་མིག་གཅིག་བཻ་རོ་ཙ་ནས་མཛད།
51.སྤང་རྒྱན་བཅུ་པ། སྔ་འགྱུར་རྙིང་མའི་གཏེར་སྟོན་ཆེན་པོ་རྒྱ་ཞང་ཁྲོམ་གྱིས་མཛད།
52.ཙན་དན་བཅོ་ལྔ། གངས་ལྗོངས་གསོ་རིག་བསྟན་པའི་གཙུག་རྒྱན་ཆེན་པོ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས་མཛད།
53.བདུད་རྩི་འཆི་སོས། གནང་བ་རིགས་ཀྱི་སྨན་པ་མཁས་མཆོག་རོག་ཚོ་བས་མཛད།
54.དཀར་པོ་ཡར་འདྲེན། བོད་སྨན་མཁས་པ་མི་དགུའི་ཡ་གྱལ་འུག་པའི་གདུང་རྒྱུད་མཁས་མཆོག་འུག་པ་གདོང་ནག་གིས་མཛད།
55.ཟངས་ཐལ་ཉེར་ལྔ། མཉམ་མེད་དྭགས་པོ་ལྷ་རྗེས་མཛད།
56.བསེ་རུ་ཉེར་ལྔ། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད།
57.གཡུ་རྙིང་ཉེར་ལྔ། ལྷ་བྲག་ལྷ་ལུང་མཁན་པོ་ཀརྨ་བསམ་གྲུབ་ཀྱིས་མཛད།
58.གླང་ཆེན་བཅོ་བརྒྱད། མཁས་པོ་དབང་པོ་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད།
59.ཀོ་ལ་བཅུ་དགུ། མི་དབང་པཎྜི་ཏ་བྱང་བདག་རྣམ་རྒྱལ་གྲགས་བཟང་གིས་མཛད།
60.སཱ་རའི་བྱ་ཁྱུང་། མི་དབང་པཎྜི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
61.གོ་ཡུ་དགུ་སྦྱོར། ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
62.བསམ་འཕེལ་ནོར་སྦྱོར། སྟོན་པ་ཐུབ་པའི་དབང་པོའི་བླའི་སྨན་པ་ཆེན་པོ་འཚོ་བྱེད་གཞོན་ནུའི་སློབ་དཔོན་འཕགས་ཡུལ་གྱི་དྲང་སྲོང་ཆེན་པོ་རྒྱུས་ཤེས་ཀྱི་བུས་མཛད།
63.གནམ་ལྕགས་ཟིལ་བཤལ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
64.ཉི་ཟླ་གྱེན་ཟློག འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་མཛད།
65.རི་མིག་དགུ་པ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད།
66.བྱེ་རིང་སྐད་སྨན་འཛམ་གླིང་འབྲུག་སྒྲ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
67.དཔའ་བོ་ཉེར་ལྔ། བོད་སྨན་མཁས་པ་མི་དགུའི་ཡ་གྱལ་འུག་པ་ཆོས་སེང་གིས་མཛད།
68.འཆི་མེད་སྲིན་སེལ། མཁས་པའི་དབང་པོ་གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད།
69.རྩ་རྩི་རྡོ་སྦྱོར། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད།
70.ཡ་མ་འཇོམས་པའི་རྡོ་རྗེ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
71.ཟུར་ལུགས་གནམ་ལྕགས་ཐོག་མདའ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
72.དངུལ་ཆུང་། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
73.སེང་ལྡེང་ཉེར་ལྔ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
74.བོང་ཁྲག་བཅུ་གཅིགརྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད།
75.སྤོས་ཁྱུང་བཅུ་དགུ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད།
76.གྲུམ་བུའི་ཟུག་གཅོག་ཆེན་མོ། མཁས་པའི་དབང་པོ་བྲང་ཏི་དཔལ་ལྡན་འཚོ་བྱེད་མཛད།
77.བྱུག་པ་རེག་པ་བདེ་སྐྱེད། མཁས་པའི་དབང་པོ་ཕྱག་སྨན་རིན་ཆེན་རྒྱལ་མཚན་གྱིས་མཛད།
78.ས་འཛིན་ཉེར་ལྔ། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད།
79.སཱ་རའི་བྱ་ཁྱུང་རིན་ཆེན་གཤོག་རྫོགས། མི་དབང་པཎྜི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
80.རཏྣ་བསམ་འཕེལ། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
81.གསེར་ཐང་བཅོ་བརྒྱད། མཉམ་མེད་དྭགས་པོ་ལྷ་རྗེས་མཛད།
82.གཉེན་པོ་བཅོ་བརྒྱད། ཨོ་རྒྱན་རྒྱལ་པོའི་བླའི་སྨན་པ་ཆེན་པོ་ཨ་ཙར་ཕྱག་རྡུམ་གྱིས་མཛད།
83.འོལ་སེ་ཉེར་ལྔ། རྒྱལ་ཡུམ་རྡོ་རྗེ་རྣམ་འབྱོར་མའི་རྣམ་རོལ་མ་ཅིག་ལབ་ཀྱི་སྒྲོན་མས་མཛད།
84.རྒྱ་རུ་བཅུ་བཞི། ཞི་བྱེད་གདམས་པའི་མཛོད་འཛིན་མ་ཅིག་ལབ་ཀྱི་སྒྲོན་མས་མཛད།
85.མོ་བཙུན་ཉེར་འཚོ། བྱང་ལུགས་གསོ་དཔྱད་བསྟན་པའི་གཙུག་རྒྱན་མིའི་ཉི་མ་མཐོང་བ་དོན་ལྡན་གྱིས་མཛད།
86.བསེ་རུ་བཞི་སྦྱོར་མདེལ་བསྒྱུར། རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད།
87.བེ་ཁྲག་ཉེར་ལྔ། སྔ་འགྱུར་རྙིང་མའི་གཏེར་སྟོན་ཆེན་པོ་ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་གདན་དྲངས།
88.རྣམ་རི་བཅོ་བརྒྱད=ཅོང་ཞི་དྲུག་པ། ཞི་བྱེད་དྲུག་པ། རུ་རྟ་དྲུག་པ།
89.མགྲིན་མཚལ་ཉེར་ལྔ=བོང་ཁྲག་ཉེར་ལྔ།
90.གཡུ་དྲིལ་བཅུ་གསུམ=རུ་རྟ་བཅུ་གསུམ།
91.ལྕགས་ཕྱེ་བདུན་པ=ཟླ་ཕྱེད་བདུད་རྩི་མ།
92.ཐང་ཆེན་ཉེར་ལྔ=གུར་ཀུམ་བཅུ་གསུམ།
93.གཡུ་ཁྱུང=གཡུ་དྲིལ་བཅུ་གསུམ། ཁྱུང་ལྔ།
94.ཨ་ཞི=ཨ་གར་བརྒྱད་པ། ཞི་བྱེད་དྲུག་པ།
95.ཅོང་ཞི་ཉེར་གཅིག=སྨུག་པོ་གཡུ་རྒྱལ།
96.བཅོ་ལྔ་དྲག་སྦྱོར=དྭགས་སྨན་བཅོ་ལྔའམ་དྭགས་པོ་སྨན་ནག
97.གྲུམ་བུ་ཟུག་གཅོག་ཆེན་མོ=ག་བུར་ཉེར་ལྔ། ཨ་ར་རུ་བཅུ་བ།
98.བསིལ་བཅུད་བཅོ་ལྔ=ཨ་གར་བརྒྱད་པ། གཙོ་བོ་བརྒྱད་པ།
99.འཆི་མེད་སྲིན་སེལ=བྱི་ཏང་ག་དྲུག་པ།
100.ནོར་བུ་བདུན་ཐང=མ་ནུ་བཞི་ཐང་། འབྲས་བུ་གསུམ་ཐང་།
101.ཨ་གར་བཅོ་ལྔ=ཨ་གར་བརྒྱད་པ། ནོར་བུ་བདུན་ཐང་།
102.གསོ་བྱེད་ཉི་མའི་དཀྱིལ་འཁོར=སེ་འབྲུ་ཀུན་ཕན།
103.སྤྲིན་བྲལ་ཟླ་གསར=གཙོ་བོ་བརྒྱད་པ། ནོར་བུ་བདུན་ཐང་།
104.དྭངས་བཙོ=སེ་འབྲུ་དྭངས་གནས། བཙོ་ཐལ།
105.བརྒྱད་ལྔ=ཨ་གར་བརྒྱད་པ། སེ་འབྲུ་ལྔ་བ།
106.བདུད་ཏིག=བདུད་རྩི་གསུམ་སྦྱོར། ཏིག་ཏ་བརྒྱད་པ།
107.སྤོས་ཁྱུང་བཅོ་ལྔ=སྤོས་དཀར་བཅུ་བ། ཁྱུང་ལྔ།
108.སྤང་ཁྲག་བཅུ་གཉིས=སྤང་རྩི་བཅུ་གཉིས། རྒྭ་ལོ་སྨན་མར།
109.སྤང་ཁྲག་བཅོ་ལྔ=སྤང་རྒྱན་བཅོ་ལྔ། རྒ་ལོ་སྨན་མར།
110.ཁྲག་སྨན་བདུན་པ=རྒ་ལོ་སྨན་མར།
111.གསེར་ཞི=གསེར་མདོག་ལྔ་བ། ཞི་བྱེད་དྲུག་པ།
112.རྒོད་མ་ཁ་ཕྱེ=ཀ་རཉྫ་དྲུག་པ།
113.མཁའ་འགྲོ་བཅུ་བ=སྤང་རྒྱན་བཅུ་བ།
114.ལུག་མུར་བདུན་པ=ཅུ་གང་བདུན་པ།
115.འབའ་སམ་སྨན་མར=འབྲས་བུ་གསུམ། རྩ་བ་ལྔ།
116.ཤིང་ཀུན་ཉེར་ལྔ=སྲོག་འཛིན་ཉེར་ལྔ།
117.གར་ནག་བཅུ་བ=ཕག་རིལ་བཅུ་བ།
118.དུང་རི་བཅོ་བརྒྱད=ཅོང་ཞི་དྲུག་པ། རུ་རྟ་དྲུག་པ། དཀར་པོ་དྲུག་སྦྱོར། ཞི་བྱེད་དྲུག་པ།
119.གཏིང་འདོན་ཉེར་ལྔ=ག་བུར་ཉེར་ལྔ།
120.ཉམས་ཡིག་གི་ཝཾ་བཅུ་གཅིག=གླང་ཆེན་བཅུ་གཅིག
121.མན་ངག་བསིལ་སྦྱོར=ཅོང་ཞི་བསིལ་སྦྱོར།
122.སྲོག་འཛིན་ནོར་བུ=ཨ་གར་བརྒྱད་པ། ནོར་བུ་བདུན་ཐང་།
123.ག་བུར་བདུན་པ=ཟླ་བསིལ་འཆི་མེད།
124.ག་བུར་བཅུ་བཞི=རིན་ཆེན་ཞགས་པ།
125.ག་བུར་དགུ་བ=བདུད་རྩི་བསིལ་ཞུན།
126.སྲོག་འཛིན་བརྒྱད་པ=ཨ་གར་བརྒྱད་པ།
127.བི་མ་ལ=ཛ་ཏི་ཉི་ཤུ།
128.རྡོ་རྗེ་རབ་འཇོམས=རྒོད་པོ་གཟེར་འཇོམས།
129.བྱེ་རིང་ལུག་ཀླད་རིལ་བུ=ཤིང་ཀུན་བརྒྱད་པ།
130.འོལ་སེ་ཉེར་ལྔ=འཛམ་གླིང་ནོར་ཕྱེད།


འབྲེལ་ཡོད་འོས་སྦྱོར།