ལུམས་ཀྱི་བཅོས་ཐབས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-11-01
ཀློག་གྲངས།:
ལུམས་ཞེས་པ་དེར་ཆུ་ལུམས་སམ་རང་བྱུང་གི་ཆུ་ཚན་དུ་ཞུགས་པ་དང་། བཅིངས་ལུམས་སམ་སྨན་རྫས་ཀྱིས་སྦྱར་བ་གཉིས་སུ་ཡོད་ལ།དེ་ནི་སྨན་དང་ཆུ་ཚན་གྱི་ནུས་པར་བརྟེན་ནས་རེངས་འཁུམས་སྲ་མཁྲེགས་སུ་གྱུར་བའི་རིགས་རྣམས་གཉེན་ཞིང་ལུམས་པར་བྱེད་པས་ན་ལུམས་ཞེས་བྱ་བ་ཡིན་ནོ།།
ལུམས་རུང་དང་མི་རུང་།
ལུམས་རྒྱག་རུང་བའི་ནད་གཞི་ནི། ཡག་ལག་གི་ཆུ་རྒྱུས་རེངས་ཤིང་འཁུམས་པ་དང་། ཞ་བ། འབྲས་དང་། ལྷོག་པ། རྨ་གསར་རྙིང་སོགས་ཀྱིས་སྐྲངས་པ། བུད་མེད་ཀྱི་རླུང་ཚབས་ནད། རུས་ཚིགས་འབུར་འཁྱོག་གིས་ལུས་ཁམས་སྒུར་པོར་སོང་བ། ཤ་ལྤགས་རུས་ཚིགས་བར་ཆུ་སེར་གཡོས་པ། རླུང་ནད་ཀྱི་རིགས་མ་ལུས་པ་བཅས་ལ་རུང་ཞིང་བསྔགས་པ་ཡིན་ནོ།།
ལུམས་མི་རུང་བ་ནི། རིམས་དང་འཁྲུགས་ཚད་སོགས་ཤིན་ཏུ་རྒྱས་པའི་ཚ་བའི་ནད་རིགས་གང་དང་། སྐྱ་རྦབ་ཀྱི་ནད། ལུས་ཁམས་ཉམས་ཤིང་ཤེད་ཆུང་བ། ཟས་ཀྱི་དང་ག་འགག་པ་བཅས་ཀྱི་ནད་རྣམས་ལ་སྤང་བར་བཤད་ཅིང་། ད་དུང་གནས་ཀྱི་མི་རུང་བ་ནི་མིག་་དང་། མཁུར་ཚོས། དྲེག་བཞི། རླིག་པ། ལྟོ་བའམ་ཕོ་བ་རྒྱུ་ལོང་གི་ཡུལ། ལྷག་པར་སྙིང་ཁམས་ཀྱི་ཡུལ་ལམ་གནས་བཅས་སུ་ལུམས་བྱ་མི་རུང་བ་ཡིན་ནོ།།
ཆུ་ལུམས་བྱ་བའི་ཐབས།
ཆུ་ལུམས་ནི་རང་བྱུང་ཁམས་ལས་གྲུབ་ཅིང་། བརླན་ཞིང་གཤེར་བའི་མཚན་ཉིད་ཚང་བའི་ཆུ་ཁམས་དང་། རེག་བྱ་ཚ་ཞིང་བསྲེགས་པའི་མཚན་ཉིད་ཚང་བའི་མེ་ཁམས་ཏེ་མེ་ཆུ་གཉིས་ཀའི་མཚན་ཉིད་དང་ལྡན་པའི་ཆུ་ཙན་ཞེས་བྱ་ཞིང་། དེ་ལྟར་བཤད་པའི་ཆུ་ཚན་དེར་གྲུབ་ཚུལ་གྱི་དབང་གིས་རིགས་མི་འདྲ་བ་ལྔར(ཅོང་ཞི་རྡོ་ཞོ་བྲག་ཞུན་མུ་ཟི་སོགས་སོ་སོར་འདྲེས་པ)ཕྱེ་བ་དག་ནད་ཁམས་དང་བསྟུན་ཏེ་ཞུགས་པར་གྱུར་ན། དེས་ཤ་ལྤགས་རྩ་རུས་སོགས་ལ་གྲམས་པའི་ནད་དང་། དུག་གི་ནད་རོ། ། ཚད་རྙིང་ཤ་ལྤགས་རྩ་ཚིགས་ལ་བྱེར་ཞིང་ཞེན་པ། དྲེག་གྲུམ་ཆུ་སེར་ཀྱི་ནད་རིགས། འབྲས་ནད། རྨ་རྒན་ཡུན་ལོན་པ། དོན་སྣོད་ཀྱི་ནད་རང་རང་གི་གསང་དང་རྩ་ལ་རྡོལ་བའི་སུར་ཡའམ་ལྷན་སྐྱེས་རྨ། རྩ་དཀར་ནག་གི་ནད། ཡན་ལག་་གི་ཆུ་རྒྱུས་རེངས་པ་དང་། འཁུམས་པ། ལུས་སྒུར་པོར་སོང་བ། ཤ་སྐམ་ཞིང་རིད་པ་བཅས་ཀྱི་ནད་རྣམས་གཏིང་ནས་ཕྱིར་འདོན་ཞིང་འཇོམས་པར་བྱེད་པ་ཡིན་ནོ།།
བདུད་རྩི་ལྔ་ལུམས།
གལ་ཏེ་རང་བྱུང་གི་ཆུ་ཚན་དེ་རིགས་མི་འགྲུབ་པ་དང་ཡོད་ཀྱང་ས་ཁད་འགྱངས་པས་མི་འབྱོར་པའི་ནད་པར་ཆུ་ཚན་བསྟེན་དགོས་པའི་ནད་དེ་རིགས་བྱུང་ན་སྤང་གི་བདུད་རྩི་བ་ལུ་དང་། ཉིན་གྱི་བདུད་རྩི་ཤུག་པ། སྲིབས་ཀྱི་བདུད་རྩི་མཚེ། ཆུའི་བདུད་རྩི་འོམ་བུ། སའི་བདུད་རྩི་མཁན་སྐྱ་སྟེ་བདུད་རྩི་ལྔ་པོ་ཆ་སྙོམས་བྱས་པའི་སྟེང་བཤལ་སྐྱུགས་དུག་རིགས་མ་ཡིན་པའི་སྨན་སྣ་གང་འཛོམས་དང་། ལྷག་པར་བྲག་ཞུན་དང་། ཅོང་ཞི། ཆུ་སེར་སྨན(སྤོས་དཀར་ཐལ་རྡོར་སོ་ར)གསུམ།གཟེ་མ། གླ་བའི་རིལ་མ། བུལ་ཏོག་བཅས་མཉམ་དུ་ཧྲོབ་བརྡུངས་བྱས་རྗེས་ཆུ་མང་ཉུང་རན་པོ་ཞིག་བླུགས་ནས་འཚོས་པར་བཙོས་པ་དང་སྦྲགས་ཟུར་དུ་སྨན་གྱི་སུམ་ཆ་གཅིག(འབྲུ་མང་ན་ལེགས)། ཟིན་པའི་འབྲུ་ཆང་བཙོས་ཐོག་དེ་གཉིས་མཉམ་བསྲེས་ཀྱིས་ཕབས་གང་མང་བཏབ་སྟེ་དྲོ་སར་བསྙལ་ནས་ལངས་པའི་རྗེས་ཆང་ལྟར་བསིངས་པའི་ཁུ་བ་མེར་བསྲེས་པའི་ནང་ཆུ་ཚན་ལྟར་བྱིང་བས་ཀྱང་གོང་བཤད་ཀྱི་ཕན་ནུས་དང་མཚུངས་ལ། ཡང་ན་རླུངས་ལུམས་ཞེས་བདུད་རྩི་ལྔ་པོ་ཧྲོབ་བརྡུངས་ཀྱིས་ཟངས་ཁོག་སོགས་སྣོད་ཆེན་པོའི་ནང་བཙོས་ཤིང་། དེའི་ཁར་མོག་ཕྲུ་ལྟ་བུ་བུག་རྡོལ་མང་བའི་ཁེབས་སྣོད་བཀབ་པའི་སྟེང་ནད་པ་བཞག་ནས་སྨན་ཆུའི་རླངས་པ་ཕྱིར་མ་ཤོར་བའི་ཆེད་དུ་རས་སོགས་ཁེབས་ཀྱིས་གཏུམས་ཏེ་རླམས་ལུམས་བྱས་པས་ཀྱང་ནུས་པ་གོང་དང་མཚུངས་སོ།ཡང་རུས་ལུམས་ཞེས་མི་རུས་བཙའ་མ་ཆུའི་ནང་འཚོས་པར་བཙོས་པས་གོང་བཞིན་ཆུ་ཚན་ནམ་རླངས་ལུམས་བྱས་པས་ཚད་པ་རྙིང་པ་གཏིང་ནས་འདོན་པ་དང་། ལྷག་པར་ཚད་རྙིང་རླུང་དང་ལྡན་པ་དག་ཤ་ལྤགས་རྩ་ཚིགས་ལ་འགྲམ་ཞིང་ཟུག་གཟེར་སྐྱེ་བ་རྣམས་འཇོམས་པར་བྱེད་དོ།། ཡང་མཁན་སྐྱའི་རྩ་ལོ་བརྡུངས་པ་དང་། བུལ་ཏོག ཕབས་སོགས་གོང་མ་རིམ་པས་མང་བ་སྦྱར་ཏེ་བསྐོལ་ནས་ཚུགས་ཙམ་ལ་ཆུ་ལུམས་བྱས་པས་རྨ་རྒན་སྐྲངས་པ་དང་།ཡན་ལག་ཞ་བའམ་རེངས་པ་འཁུམས་པ་སོགས་སེལ་བར་བྱེད་དོ།།
བཅིང་ལུམས།
བཅིང་ལུམས་ལ་ཡང་ཚ་སེལ་དང་གྲང་སེལ་གཉིས་སུ་ཡིད་ཅིང་། དེ་ཡང་ཚ་སེལ་གྱི་བཅིངས་ལུམས་ཏེ་མགོ་ཆག་རྩ་བྱེར་གྱི་ནད་ལ་ནས་དང་། གྲོ། འབྲས། སྲན་མ། སོ་བ། ཏིལ། བྲ་བོ། སྲན་ཆུང་སོགས་འབྲུ་སྣ་ཐམས་ཅད་རྗེན་བཏགས་བྱས་པ་ཏིལ་མར་རྙིང་པ་དང་སྦྱར་ནས་བཙོས་པའི་ཟན་ཆུང་གྱི་ལུམས་མགོ་བོའི་སྐྲ་བཞར་ལ་ཞ་མོ་ལྟར་གཡོགས་ཤིང་དེ་སྟེང་རས་ཀྱི་བཅིངས་ཏེ་བཞག་ལ། དེ་ལྟར་ཐེངས་འགའ་བྱས་པས་ཆུ་སེར་གནས་གཅིག་ཏུ་འདུས་ནས་སྐྲངས་སོང་བ་དེར་འཇིབ་རུ་བཙུགས་ཏེ་ཁྲག་ངན་ཆུ་སེར་ཅི་ཐོན་དུ་དབྱུང་ངོ།ཡང་ཚ་བས་སྐྲངས་པ་ལ་ཀྱི་ལྕེ་དཀར་པོ་དང་། མཛོ་རོག་པོའི་ལྕི་བ། མཛོ་མོའི་ཞོ་དང་སྦྱར་བའི་ལུམས་མཐུག་པོར་གཡོགས་ཤིང་གོང་ལྟར་རས་ཀྱིས་བཅིངས་པས་འཇོམས་སོ། ། མགོ་ཆག་སོགས་ཀྱི་ཚ་བ་རྩ་ལ་བྱེར་ན་དུག་རིགས་དང་སྔོ་ཡི་ཚ་བ་གསུམ་ཕུད་པའི་མེ་ཏོག་སྣ་ཚོགས་བཏུས་ཏེ་ཆུར་བཙོས་པའི་ཁུ་བའི་ཆུ་ལུམས་སམ་བཅིངས་ལུམས་བྱས་པས་སེལ་ལོ། ། གཞན་ཡང་རྩ་དཀར་ཀྱི་ནད་དང་། གཟའམ་གྲིབ་སྐྱོན་གྱིས་རྩ་རྒྱུས་ཞ་ཞིང་རེངས་པའམ་འཁུམས་ཤིང་སྦྲིད་པ་སོགས་བྱུང་བ་དང་། མཁལ་རྩ་འགྲམས་པའམ་བྱེར་བས་རྩ་སྦྲིད་ཅིང་།རྐང་པ་བཤལ་ལམ་འཕྱེས་པ་རྣམས་ལ་གོང་དུ་བཤད་པའི་བདུད་རྩི་ལྔ་འམ་ཡང་ན་གླ་བའི་རིལ་མ་ཕྱེ་མར་བྱས་པ་ཆང་ནང་དུ་བཙོས་པས་རྩ་རྒྱུད་སོགས་གང་ན་བའི་སར་བཅིངས་ལུམས་བྱའོ།། ཡང་རྩ་ལ་ནད་འགྲམས་ནས་སྐྲངས་པ་དང་། རེངས་ནས་མི་ཁུག་པ་སོགས་ལ་མཁན་དཀར་གྱི་རྩ་ལོ་དང་། སྤྲུ་མ་དཀར་པོའི་རྩ་བ།མཚེ་ལྡུམ། སྤང་སྤོས་རྣམས་ཀྱི་ཕྱེ་མ་ལོ་བརྒྱད་དྲི་ཆུར་བཙོས་པའི་བཅིངས་ལུམས་ཀྱི་གདུལ་ལོ།། ཚད་པ་རྙོགས་པ་དང་བྱེར་བ་ལ་གཡའ་ལས་སྐྱེས་པའི་ཚན་དང་། སྲོ་ལོ་དཀར་པོ་བཅོས་པའི་བཅིངས་ལུམས་བྱ་ཞིང་། མཛེ་དང་སྦྱར་དུག་གི་ནད་ལ་རའི་རིལ་མ་དང་། གླ་རྩི་སྦྱར་བ་ལོ་བརྒྱད་དྲི་ཆུར་བཙོས་པས་བཅིངས་ལུམས་སམ་རླངས་ལུམས་བྱའོ།། དབྱིག་གམ་རིན་པོ་ཆེའི་དུག་ལ་དཀར་རྩི་དང་། ཁྲུ་གང་འོག་ས(ཐལ་ལུད་དམ་དྲི་ཆུའི་རྗིང་ཤུལ་སོགས་བ་ཚ་ཡོད་པའི་ས་ནས་ཁྲུ་གང་བར་བརྐོས་པའི་འོག་གི་ས)གཉིས་དྲི་ཆུར་བཙོས་པའི་བཅིངས་ལུམས་བྱའོ།།
གྲང་སེལ་གྱི་བཅིངས་ལུམས།
ཡན་ལག་སྐྲངས་པ་རྣག་ཏུ་འགུགས་ན་སྤང་མ་སྐམ་པོ་དང་། བྱི་བའི་བྲུན་གཉིས་ཆང་གི་དཀྱིལ་དུ་བཅོས་པའི་སྐྱོ་མས་བཅིངས་ལུམས་བྱ་བ་དང་། མདེའུ་སོགས་ཁོང་དུ་ཤོར་བ་ཕྱིར་འབྱིན་པར་རའི་རིལ་མ་དང་། བྱི་བའི་བྲུན་གཉིས་ལོ་བརྒྱ་དྲི་ཆུར་བཙོས་པས་མདེའུ་དང་ཉེ་བའི་སར་བཅིངས་ལུམས་བྱ་དགོས་ཤིང། འོན་ཀྱང་ཤ་གཉན་དང་། རྩ་གཉན་ཡོད་སར་མི་རུང་ངོ་། ཆུ་ལྷོག་དང་། གྲང་གཉན་གྱི་སྐྲངས་པ། མ་ཞུ་གྲང་སྐྲན་སོགས་ལ་ར་དུག་གམ་འཛིན་པ་དང་། སྤྱང་ཚེར། རི་ཤོ། སྤྱང་བྲུན་བཅས་སྦང་གར་རམ་གླུམ་དུ་བཙོས་པས་བཅིངས་ལུམས་བྱ་བ་དང་། ཡན་ལག་གི་ཆུ་སེར་དང་། སྐྱ་རྦབ་ཀྱིས་སྦོས་ཤིང་མཐེབ་རྗེས་ལེན་པ་ལ་རྟ་རྐྱང་བོང་བུ་རྣམས་ཀྱི་སློའམ་བཙོ་དྲོན་མོའི་བཅིངས་ལུམས་བྱ་བ། རྨེན་བུ་དང་རྨ་འབྲས་རིགས་རྣག་ཏུ་འགུགས་པ་ལ་ཕུག་རོན་གྱི་བྲུན་ཆང་ནང་དུ་བཙོས་པའི་བཅིངས་ལུམས་བྱ་བ། ཤ་འབྲས་དང་། རུས་འབྲས། རྩ་འབྲས་རྣམས་འདུལ་བར་མིའི་རྐང་མགོ་རུས་པ་ལྷ་བ་མེད་པ་དང་། ཉའི་ཤ། སྤྲུ་མ་དཀར་པའི་རྩ་བ། རེ་ལྕག་པ་རྣམས་ཞིབ་བརྡུངས་བྱས་པ་ཆང་ནང་དུ་བཙོས་པའི་སྐྱོ་མས་འབྲས་ཀྱི་མཐར་ཡང་ཡང་གླན་ཞིང་བཅིངས་བྱས་པས་བཤིག་པར་བྱའོ། ། ལྒང་བའི་རྡེའུ་སྐྲན་དང་། ཕོ་བ་སོགས་སུ་བྱུང་བའི་རྡོ་སྐྲན་འདུལ་བའམ་བཤིག་པར་སྤྱང་ཚེར་དང་། ལྕེ་ཚ། མཁན་པ་དཀར་པོ། ལྕ་བའི་འབྲུ། བྱེའུའི་བྲུན། སྦང་གར་རམ་གླུམ།བཅའ་སྒ། པི་པི་ལིང་རྣམས་སྦྱར་ཏེ་ཆུར་བཙོས་པའི་སྐྱོ་མའི་བཅིངས་ལུམས་སུ་གཞུག་གོ། རུས་ཏྲེམ་དང་རླུང་ཚབས་ཀྱི་ནད་ལ་མིའི་རུས་པ་དང་། བ་སྤྲུ་གཉིས་ཆ་མཉམ་ཆང་ངམ་ཆུར་བཙོས་པའི་བཅིང་ལུམས་བྱ་ལ། རླུང་གི་ཤེས་པ་འཕྱོས་པ་དང་། སྨྱོ་བ། འབོག་པ། གཞན་ཡང་རླུང་ཚབས་ཀྱི་ནད་བཅས་ལ་སེམས་ཅན་གྱི་སྙིང་སྣ་གང་འཛོམས་ཆང་ངམ་ཆུར་བཙོས་པས་རླུང་གསང་དང་སྙིང་གསང་རྣམས་ལ་བཅིང་ལུམས་བྱ།རིམས་ཀྱི་ནད་མཇུག་ཏུ་རྐང་ལག་དང་། རུས་པ་ན་བ་ཁྲུ་གང་འོག་ས(ཉི་མ་མ་མཐོང་བར་བླངས་པ)། ལོ་བརྒྱད་དྲི་ཆུར་བཙོས་པའི་ཟུག་སར་བཅིངས་ལུམས་བྱ། རླུང་དང་ཆུ་སེར་གྲང་བ་བཅས་ཀྱིས་རུས་པ་དང་ཚིགས་པ་གཟེར་བ་ལ་སེམས་ཅན་གྱི་རུས་པ་སྣ་ཚོགས་བརྡུངས་པ་ཆང་གར་མའི་ནང་དུ་བཙོས་པའི་བཅིངས་ལུམས་བྱ། རླུང་གི་ནད་ཀྱིས་ལུས་སྟོད་སྨད་གང་དུ་སྐྲངས་པ་ལ་འབའ་ཆའི་ཕྱེ་མ་ཆང་དུ་བཙོས་པའི་ཟན་དྲོན་གྱིས་བཅིངས་ལུམས་བྱ་བ་ཡིན་ནོ།། དེ་ལྟར་བསྟན་པའི་ཆུ་ལུམས་དང་བཅིངས་ལུམས་རྣམས་ཀྱིས་རླུང་འདུལ་ཞིང་སྐྲངས་པ་འཇོམས་པ་དང་། ཚ་བའི་རླངས་པ་དང་ཆུ་སེར་བ་སྤའི་བུ་ག་ནས་འདོན་པ། རླུང་དང་ལུས་ཟུངས་ཀྱི་དྭངས་མ་རྒྱུ་བ། སྐེམ་པོ་རྒྱས་པར་བྱེད་པ་སོགས་བྱེད་པ་སོགས་ཀྱི་ནུས་པ་དང་ལྡན་པ་ཡིན་ནོ།།

འབྲེལ་ཡོད་འོས་སྦྱོར།