༄༅། ཤིང་སྨན་མེ་ཏོག་གི་ནུས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཨ་རུ་བོད་སྨན་དྲ་བ།
དུས་ཚོད།:2008-03-02
ཀློག་གྲངས།:
ཤིང་སྨན་མེ་ཏོག་ནུས་པ་བསྟན་པ་ནི།། ནཱ་ག་པུཥྤ་ནཱ་ག་གེ་སར་དང༌།། པདྨ་གེ་སར་གློ་མཆིན་སྙིང་ཚད་སེལ།། ད་ལིས་བད་ཀན་གྲང་སེལ་ཚེ་བཅུད་ལེན།། སྤེན་དཀར་སོ་རྩི་ནག་པོས་ནུ་ཚབ་[ཚབས]སེལ།། སྟག་མའི་མེ་ཏོག་བྱང་ཁོག་རྣག་སྐེམ་མཆོག། སེ་བའི་མེ་ཏོག་མཁྲིས་སེལ་རླུང་ཁ་གནོན།། སྐྱེར་པའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད།།
འབྲེལ་ཡོད་འོས་སྦྱོར།