༄༅།།བོད་སྨན་འདུལ་བཅོས་ལག་རྩལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-29
ཀློག་གྲངས།:
བོད་ལུགས་གསོ་རིག་ནི་རང་རྒྱལ་གྱི་སྲོལ་རྒྱུན་གསོ་བ་རིག་པའི་ནོར་བུ་རིན་པོ་ཆེ་ཞིག་ཡིན། དེའི་རིག་གཞུང་མཛུབ་སྟོན་འོག་བྱུང་བའི་བོད་སྨན་ལས་སྣོན་ནམ་འདུལ་བཅོས་ལག་རྩལ་ནི་མེས་པོ་གོང་མ་རྣམས་ཀྱིས་ཤུལ་དུ་བཞག་པའི་ལུས་གསོ་ཞིང་ནད་ཞི་ལ་དུག་སེལ་བའི་མན་ངག་གི་སྙིང་པོ་ལྟ་བུ་ཡིན་ལ། ལག་རྩལ་དེ་ཉིད་བོད་སྨན་གྱི་ཐང་སྦྱོར་རིགས་སུ་སྤྱོད་པར་མ་ཟད། སྨན་ཕྱེ་དང་རིལ་བུ་སོགས་སྨན་དཀྱུས་མ་བཟོ་པའི་རྨང་གཞིའི་ལག་རྩལ་ཞིག་ཀྱང་ཡིན་ནོ། །
བོད་སྨན་འདུལ་བཅོས་ལག་རྩལ་ནི་རང་རྒྱལ་སྲོལ་རྒྱུན་གྱི་སྨན་བཟོ་ཐབས་རྩ་ཆེན་ཞིག་ཡིན་ལ། དུས་ཡུན་རིང་བའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལྡན། འདུལ་བཅོས་མ་བྱས་པའི་སྨན་རྫས་སྨན་དུ་གཏོང་མི་ཆོག་པ་ནི་བོད་ཀྱི་གསོ་བ་རིག་པའི་རྩ་དོན་ཞིག་ཡིན། བོད་སྨན་འདུལ་བཅོས་ནི་བོད་ཀྱི་གསོ་རིག་གཞུང་ལུགས་ལྟར་སྨན་རྫས་ཀྱི་རང་བཞིན་དང་ནད་ཐོག་འཕྲོད་མིན་གྱི་གནས་ཚུལ་དངོས་དང་སྨན་སྣ་སྦྱོར་ཚུལ་གྱི་རེ་བ་དངོས་དང་བསྟུན་ནས་ལག་ལེན་བྱེད་དགོས་པའི་སྨན་བཟོའི་ལག་རྩལ་ཞིག་ཡིན་པས། བོད་སྨན་འདུལ་བཅོས་རིག་པ་ནི་ལག་རྩལ་དེ་ཉིད་ཀྱི་རིག་པའི་གཞུང་ལུགས་དང་བཟོ་རྩལ་དང་ཚད་གཞི་དང་བྱུང་འཕེལ་སོགས་ཞིབ་འཇུག་གནང་བའི་རིག་ཚན་ཞིག་རེད།
སྨན་རྩྭ་སོགས་འདུལ་བཅོས་བྱེད་པའི་དགོས་པ་ནི། གཅིག་ནས་དེའི་ནང་གི་སྙིགས་རོ་སེལ་བ་དང་། གཉིས་ནས་སྨན་གྱི་དུག་གམ་ནུས་ཤུགས་སམ་གནོད་རྐྱེན་སོགས་སེལ་བའམ་སྙུང་པར་བྱེད་ཕྱིར་དང་། གསུམ་ནས་སྨན་གྱི་ནུས་པ་བསྒྱུར་ནས་ནད་ཐོག་སོ་སོ་དང་འཕྲོད་པར་བྱེད་ཕྱིར་དང་། བཞི་ནས་སྨན་རྫས་སྦྱོར་བཟོ་དང་ཉར་ཚགས་བྱེད་བདེ་བའི་ཆེད་དུའོ། །ལག་རྩལ་དེ་ནི་གཙང་བཟོས་དང་གཏུབ་གཅོད་དང་སྲེག་པ་སྟེ་གོ་རིམ་གསུམ་ལས་གྲུབ་ཡོད། སྨན་རྒྱུའི་དགོས་མཁོ་མི་འདྲ་བས་འདུལ་བཅོས་ཀྱི་ཆོ་གའང་མི་འདྲ་སྟེ། སྨན་རྒྱུ་ལ་ལ་བཟོ་བ་ལ་རླངས་བཙོ་དང་བརྔོ་བ་དང་ནུས་སྲེག་སོགས་དྲོད་ཚད་མཐོན་པོས་འདུལ་བཅོས་བྱེད་དགོས། ལ་ལར་ཆང་དང་མཚུར་དང་ཚྭ་དང་འོ་མ་སོགས་བླུག་ནས་དྲོད་ཚད་མཐོན་པོའི་ནང་འདུལ་བཅོས་བྱེད་དགོས། དེ་ལྟར་བྱེད་ན་སྨན་རྩྭ་སོགས་གཞི་ནས་གཙང་མ་དང་རྩིང་ཞིབ་འཚམ་པ་དང་གནོད་འཚེ་ཆུང་བ་དང་ནུས་པ་ཐོན་པ་སོགས་ཚད་གཞི་དང་ལྡན་པའི་སྨན་རྒྱུ་རུ་འགྲོ་བའོ། །
བོད་སྨན་འདུལ་བཅོས་ལག་རྩལ་འདི་ཇི་ལྟར་བྱུང་བའི་སྐོར་དུས་རིམ་ལྔར་བྱས་ཆོག་སྟེ། གནའ་བོའི་དུས་ནི་ལག་རྩལ་དེ་ཐོག་མར་ཆགས་པའི་སྐབས་ཡིན། བོད་བཙན་པོའི་དུས་ནི་ལག་རྩལ་དེའི་རིག་པའི་གཞུང་ལུགས་གྲུབ་པའི་དུས་ཡིན། བོད་སིལ་བུའི་དུས་ནི་ལག་རྩལ་དེ་ལེགས་གྲུབ་བྱུང་བའི་དུས་སུ་ངོས་འཛིན་ཆོག ས་སྐྱའི་དུས་ནི་འདུལ་བཅོས་ལག་རྩལ་སྣ་མང་དང་སྤྱོད་རྒྱ་ཆེ་རུ་བཏང་བའི་དུས་ཡིན། དགའ་ལྡན་ཕོ་བྲང་སྐབས་ནི་ལག་རྩལ་དེ་ཉིད་དར་ཞིང་རྒྱས་པའི་དུས་སུ་སླེབས་པའོ། ། དེ་ཡང་ལག་རྩལ་འདི་ཐོག་མར་ཡིག་ཐོག་ཏུ་བཀོད་པ་ནི་སྤྱི་ལོའི་སྔོན་གྱི་ལོ་༡༩༠༠གཡས་གཡོན་ལ་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་ཞེས་བྱ་བར་དབང་རིལ་སོགས་སྨན་སྣ་དུ་མའི་འདུལ་བཅོས་བྱ་ཐབས་གསལ་བར་གྲགས། བོད་བཙན་པོའི་དུས་སུ་འདུལ་བཅོས་བྱ་ཐབས་སྣ་ཚོགས་བྱུང་ཟིན་ལ་རྒྱབ་རྟེན་གྱི་གཞུང་ལུགས་ཀྱང་གྲུབ་ཡོད་དེ། སྤྱི་ལོ་༧༥༣ལོར་གཡུ་ཐོག་ཡོན་ཏན་མགོན་པོས་གསོ་རིག་རྒྱུད་བཞི་མཛད་དེ་སྨན་རིགས་༣༠༠ལྷག་གི་འདུལ་བཅོས་བྱེད་ཐབས་བཀོད་ཡོད་ཅིང་ཕྱག་རྒྱུན་མང་པོ་ཞིག་ད་ལྟའི་བར་ལག་ལེན་བྱེད་བཞིན་ཡོད། དགའ་ལྡན་ཕོ་བྲང་དུས་སུ་བོད་སྨན་འདུལ་བཅོས་ལག་རྩལ་འཐུས་སྒོ་ཇེ་ཚང་དུ་སོང་ཡོད་པ་སྟེ། ཕྱོགས་གཅིག་ནས་འདུལ་སྦྱོང་གི་ལག་རྩལ་སྣ་མང་དུ་སོང་ཡོད་ལ། ཕྱོགས་གཉིས་ནས་སྲིད་གཞུང་ནས་ལག་རྩལ་དེ་དག་ལ་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་བྱུང་ཡོད་པ་རེད། གསུམ་ནས་རིག་པའི་གཞུང་ལུགས་ཐོག་ནས་ཟབ་རྒྱས་སུ་སོང་བ་སྟེ། གྲུབ་ཆེན་ཨོ་རྒྱན་དཔལ་གྱི་བཙོ་ཐལ་ལག་ལེན་ཟིན་བྲིས་དང་། གོང་སྨན་དཀོན་ཆོག་བདེ་ལེགས་ཀྱི་ལག་ལེན་པོད་དམར། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་དར་མོའི་བཀའ་རྒྱ། མི་ཕམ་གྱི་གཅེས་བསྡུས་ཕན་བདེའི་བང་མཛོད། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དངུལ་ཆུའི་སྦྱོར་བ་སྙིང་བཅུད། དིལ་མ་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་ཤེལ་གོང་དང་གསོ་རིག་གཅེས་བསྡུས་སོགས་འདུལ་བཅོས་ཀྱི་ལེ་ཚན་ཞིབ་ཏུ་བསྟན་པའི་གཞུང་དུ་མ་བྱུང་ཡོད་དོ། །
འོ་ན་འདུལ་བཅོས་ལག་ལེན་ལ་དོན་སྙིང་གང་འདྲ་ལྡན་ཞེ་ན། དེ་ཡང་ འདུལ་བཅོས་ལག་ལེན་གིས་སྨན་གྱི་ནད་ཐོག་ནུས་པ་དང་སྨན་གྱི་རང་བཞིན་ལ་ཤུགས་རྐྱེན་ཆེན་པོ་ལྡན། དཔེར་ན། སྨན་རྫས་གཙང་མར་བྱས་པ་དང་གཏུབ་གཤགས་བྱེད་པ་དང་ཚ་མོར་བཟོ་བ་དང་སྤོད་རྫས་བླུག་པ་སོགས་ལས་སྣོན་གྱི་ཆོ་གས་སྨན་ནུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་སྟེ། སྨན་ཚ་མོར་བཟོ་བ་ནི་བོད་སྨན་འདུལ་བཅོས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེའི་ནང་ནས་བརྔོ་བ་དང་ནུས་སྲེག་ནི་སྨན་ལྡུམ་དང་རྡོ་སྨན་རིགས་ལ་སྤྱོད་རྒྱ་ཤིན་ཏུ་ཆེ། དེ་བཞིན་སྨན་འདུལ་བཅོས་སྐབས་སྤོད་རྫས་བླུག་པས་སྨན་གྱི་རོ་དང་ནུས་པ་དང་ཕན་ཕྱོགས་སོགས་འགྱུར་ནས་སྨན་གྱི་ཕན་འབྲས་ཤུགས་ཆེ་འཕེལ་ཐུབ་པ་ལྟ་བུའོ། །
འདུལ་བཅོས་ཀྱི་དོན་སྙིང་ཕྱོགས་བསྡུས་ཏེ་བཤད་ན། ༡ སྨན་དུག་ཅན་གྱི་དུག་སེལ་བའམ་སྙུང་པར་བྱེད་པ། ༢ སྨན་གནོད་ཅན་གྱི་གནོད་རྐྱེན་སེལ་བའམ་སྙུང་པར་བྱེད་པ། ༣ སྨན་གྱི་རང་བཞིན་བསྒྱུར་བ་སྟེ། སྨན་རྩྭ་རྗེན་པ་བསིལ་བའི་རང་བཞིན་ཅན་འདུལ་བཅོས་བྱས་ནས་དྲོད་ཀྱི་རང་བཞིན་ཅན་དུ་བསྒྱུར་བ་ལྟ་བུའོ། ། ༤ སྨན་ནུས་ཤུགས་ཆེ་དྲགས་པ་དེ་རིགས་འདུལ་བཅོས་བྱས་ནས་ནུས་ཤུགས་རན་པའམ་འཇམ་པོར་བཟོ་བ། ༥ སྨན་རྫས་ཀྱི་ཕན་ནུས་མཐོར་གཏོང་བ། ༦ སྨན་གྱི་ནུས་པ་ཐོན་ཕྱོགས་བསྒྱུར་བའམ་མཐོ་རུ་གཏོང་བ། ༧ སྨན་ཕྱེའམ་རིལ་བུ་སོགས་བཟོ་བདེ་བར་བྱེད་པ། ༨ སྨན་རྫས་ཉར་ཚགས་བདེ་བར་བྱེད་པ། ༩ རོ་དང་དྲི་ང་བ་སེལ་ནས་ནད་པས་ཟ་བདེ་བར་བྱེད་པ། ༡༠ སྨན་གཙང་མར་བཟོས་ནས་སྤུས་ཚད་མཐོ་རུ་གཏོང་བ་བཅས་སོ། །
བོད་སྨན་འདུལ་བཅོས་ལག་རྩལ་དང་འབྲེལ་བ་ཅུང་ཆེ་བའི་གསོ་རིག་གི་བརྩམས་ཆོས་གཙོ་བོ་འགའ་ཞིག་གཤམ་དུ་བཀོད་པ་ལ། ༡ གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པའི་གསོ་རིག་རྒྱུད་བཞི་ཤིང་པར་མ། ༢ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་སློབ་དཔོན་སྔོ་འབུམ་དང་བདུད་རྩིའི་ཚེ་བུམ་ཆེ་འབྲིང་ཆུང་གསུམ་བྲིས་མ། ༣ སྒྲོལ་མ་སྔོ་འབུམ་བྲིས་མ། ༤ དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་མཛད་པའི་དྭགས་པོའི་ཐོར་བུམ་བྲིས་མ། ༥ གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་གཡུ་ཐོག་སྔོ་འབུམ་དང་གཡུ་ཐོག་ཤོལ་དྲིལ་སྐོར་གསུམ། སྡེ་དགེ་ཤིང་པར། ༦ གྲུབ་ཆེན་ཨུ་རྒྱན་དཔལ་གྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གྱི་ཟིན་བྲིས་སྦས་དོན་ཀུན་གསལ་བྲིས་མ། ༧ ཟུར་མཁར་མཉམ་ཉིད་རྡོ་རྗེའི་གསོ་རིག་མན་ངག་བྱེ་བ་རིང་བསྲེལ། སྡེ་དགེའི་ཤིང་པར། ༨ གོང་སྨན་དཀོན་མཆོག་བདེ་ལེགས་ཀྱི་ལག་ལེན་པོད་དམར། བྲིས་མ། ༩ དཀོན་མཆོག་འགྲོ་ཕན་དབང་པོའི་གཅེས་བསྡུས་ཕན་བདེའི་སྙིང་པོ། སྡེ་དགེ་ཤིང་པར། ༡༠ དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་དར་མོ་བཀའ་རྒྱ། སྡེ་དགེ་ཤིང་པར། ༡༡ མི་ཕམ་དགེ་ལེགས་རྒྱ་མཚོའི་སྨན་གྱི་རོ་ནུས་བེེཌཱུརྱའི་མེ་ལོང་བྲིས་མ། ༡༢ དིལ་མ་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་ཤེལ་གོང་ཤེལ་ཕྲེང་སྡེ་དགེ་ཤིང་པར་མ་དང་དིལ་མ་གསོ་རིག་གཅེས་བསྡུས་མཚོ་སྔོན་ལྕགས་པར་མ། ༡༣ ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དངུལ་ཆུ་ཆེན་པོའི་སྦྱོར་བ་མཁས་པའི་སྙིང་བཅུད་སྡེ་དགེ་ཤིང་པར། ༡༤ སྡེ་དགེ་རིན་ཆེན་འོད་ཟེར་གྱི་མན་ངག་བདུད་རྩིའི་རོལ་མཚོ་བྲིས་མ། ༡༥ བླ་སྨན་མཁྱེན་རབ་ནོར་བུའི་ལག་ལེན་ཉེར་མཁོའི་སྨན་གྱི་སྦྱོར་དཔེ་བདུད་རྩིའི་བུམ་བཟང་ལྷ་སའི་ཤིང་པར། ༡༦ ཀརྨ་ཆོས་འཕེལ་གྱི་བདུད་རྩི་སྨན་གྱི་འཁྲུངས་དཔེ་ལྕགས་པར་མ། ༡༧ ཁྲོ་རུ་ཚེ་རྣམ་གྱི་རྒྱུད་བཞིའི་འགྲེལ་ཆེན་ལྕགས་པར་མ་སོགས་སོ། །
དེའི་གལ་ཆེའི་རིན་ཐང་སྐོར་ལ། དང་པོ་ལོ་རྒྱུས་ཀྱི་རིན་ཐང་། བོད་སྨན་འདུལ་བཅོས་ནི་རྡོ་ཆས་རྙིང་མའི་དུས་ནས་བྱུང་ཞིང་དེའི་བྱུང་རབས་ལ་གོང་དུ་དུས་རིམ་རགས་པ་ལྔ་རུ་ཕྱེ་བ་ལྟར། དུས་རིམ་མི་འདྲ་བའི་བོད་རིགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་རྣམ་པ་སོགས་ལོ་རྒྱུས་གསལ་བར་བྱེད་པའི་དཔྱད་གཞིའི་རིན་ཐང་ངེས་ཅན་ལྡན། གཉིས་པ་ཚན་རིག་གི་རིན་ཐང་། བོད་སྨན་གྱི་རྒྱུ་ཆ་ཕལ་ཆེ་བ་འདུལ་བཅོས་མ་བྱས་ན་ནད་ཐོག་ཏུ་སྤྱོད་མི་ཆོག་ལ། འདུལ་བཅོས་བྱེད་པ་ནི་གཅིག་ནས་སྙིགས་རོ་བསལ་བ་དང་། གཉིས་ནས་རྒྱུ་ཆའི་དུག་གི་རང་བཞིན་བསལ་བ་དང་། གསུམ་ནས་རྒྱུ་ཆའི་ནུས་པ་ནད་ཐོག་ཏུ་སྤྱོད་རུང་བར་བཅོས་པ་དང་། བཞི་ནས་སྨན་བཟོ་བདེ་བ་དང་ཉར་ཚགས་བྱེད་བདེ་བའི་ཆེད་དུ་ཡིན། ལག་རྩལ་དེས་བོད་སྨན་གྱི་ནུས་པ་མཐོ་རུ་གཏོང་ཐུབ་པ་ནི་ཕྱི་གླིང་པ་མང་པོ་ཧ་ལས་ཤིང་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་ཞིག་ཏུ་གྱུར། གསུམ་པ་གསང་བའི་རིན་ཐང་། འདི་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལག་རྩལ་ཞིག་ཡིན་པ་སྟེ། སྔོ་ལོ་མང་པོ་ཞིག་སྨན་བཟོ་རྒན་བགྲེས་ཚོའི་འདུལ་བཅོས་ལག་ལེན་བརྒྱུད་ཕན་ནུས་མཐོར་གཏོང་ཞིང་དུག་སེལ་ཏེ་ན་ཚ་བཅོས་པའི་གཉེན་པོར་བསྒྱུར་ཐུབ་པའི་གནད་འདི་ལ་ཕྱི་གླིང་པ་མང་པོ་ཡ་མཚན་སྐྱེ་བཞིན་ཡོད། འོན་ཀྱང་བཅོས་བསྒྱུར་སྒོ་འབྱེད་དང་སྦྲགས་བོད་སྨན་འདུལ་བཅོས་ཀྱི་ལག་རྩལ་འདི་ཕྱི་ལ་འཁྱར་བའི་ཉེན་ཁ་ཆེན་པོ་ཡོད། གལ་ཏེ་ཕྱི་རོལ་གྱི་ཚོང་པས་ལག་རྩལ་གྱི་གནད་འདི་ཁོང་དུ་ཆུད་ན། རང་ལྗོངས་ཀྱི་བོད་སྨན་བཟོ་ལས་ཀྱི་དགེ་མཚན་ཉམས་པའི་ཉེན་ཁ་ཤིན་ཏུ་ཆེ་བས། ཉེན་ཁ་དེ་རིགས་སྔོན་འགོག་བྱེད་པའི་ཆེད། ང་ཚོས་ལག་རྩལ་འདི་ལ་དབྱེ་ཞིབ་བྱས་ནས་ལག་རྩལ་གྱི་བདག་དབང་དང་ཚོང་རྟགས་སོགས་སྲུང་སྐྱོབ་ཀྱི་རྣམ་པ་དུ་མ་ནས་ལས་ཀ་བསྒྲུབས་ཏེ། རྒྱལ་ནང་དང་ཚོང་འབྲེལ་ཡོད་པའི་ཕྱི་རྒྱལ་དུ་ལག་རྩལ་འདི་དང་འབྲེལ་ཡོད་ཀྱི་བདག་དབང་ཁག་གི་སྙན་ཞུ་འབུལ་བ་དང་། ཐོན་རྫས་ཀྱི་བཟོ་རྩལ་དང་ཁྱད་ཆོས་དམིགས་བསལ་ཅན་རྣམས་གསང་བ་ནན་པོ་བྱས་ནས་ལག་རྩལ་འདི་ཉིད་སྲུང་སྐྱོབ་དང་འགྲོ་བའི་ནད་ལ་ཕན་བྱེད་འབའ་ཞིག་ཏུ་ཡོང་ཐབས་ལ་འབད་དགོས་སོ། །
ལག་རྩལ་སྲུང་སྐྱོབ་ཀྱི་སྐོར་ལ། ༡ སྲུང་སྐྱོབ་ཀྱི་འཆར་གཞི།གཅིག་ནི་རྒན་རབས་ཀྱི་ཉམས་མྱོང་རྒྱུན་འཛིན་བྱ་རྒྱུ། ལག་རྩལ་འདི་ནི་བོད་སྨན་མཁས་དབང་རྣམས་ཀྱིས་ཡུན་རིང་ལག་ལེན་དང་། ཚོད་ལྟ་དང་། ཕྱོགས་བསྡོམས་བྱས་ནས་གྲུབ་པ་ཞིག་ཡིན་ཞིང་། ཡིག་ཐོག་ཐུན་མོང་དུ་འཁོད་པ་ཕུད། ལག་ལེན་གྱི་མན་ངག་མང་པོ་ཞིག་དགེ་ཕྲུག་སྙན་བརྒྱུད་ཀྱི་ཚུལ་དུ་ཡོད་པས་རིན་ཐང་ཆེ་བའི་མན་ངག་དེ་དག་རྒྱུན་ཆད་པའི་ཉེན་ཁ་ཤིན་ཏུ་ཆེ། ལག་རྩལ་འདི་ཉིད་སྲུང་སྐྱོབ་བྱེད་ཆེད། འབྲེལ་ཡོད་ལས་ཁུངས་ཀྱིས་བོད་སྨན་རྒན་རབས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ནས་ལག་ལེན་གྱི་ཉམས་མྱོང་སྤེལ་རེས་དང་དེའི་སྐོར་གྱི་དཔེ་ཆ་དཔར་དུ་བསྐྲུན་དགོས། གཉིས་ནི་གནའ་ཡིག་ནང་གི་འབྲེལ་ཡོད་དཔྱད་གཞི་འཚོལ་བསྡུ་བྱ་རྒྱུ། བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་འབོར་ཆེ་ཞིང་འདུལ་བཅོས་སྐོར་གྱི་རྒྱུ་ཆ་སྣ་ཚོགས་དེ་དག་གི་ནང་ཐོར་བུའི་ཚུལ་དུ་བཀོད་ཡོད། དེ་རྣམས་འཚོལ་བསྡུ་བྱེད་ཐུབ་ན་བོད་སྨན་འདུལ་བཅོས་ལག་རྩལ་ལ་དོན་སྙིང་ཆེན་པོ་ལྡན། གསུམ་ནི་བོད་སྨན་གྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རིམ་པ་མི་འདྲ་བའི་བོད་སྨན་ཆེད་ལས་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། བོད་སྨན་འདུལ་བཅོས་སྐོར་དྲིལ་བསྒྲགས་ཤུགས་ཆེར་བྱས་ནས་སྤྱི་ཚོགས་ཀྱིས་ལས་དོན་དེར་མཐོང་ཆེན་བྱེད་ཤུགས་ཆེ་རུ་གཏང་རྒྱུ། ཚན་རིག་ཞིབ་འཇུག་ཁང་བཙུགས་པ། སློབ་གྲྭ་ཆེ་ཁག་ཏུ་བོད་སྨན་འདུལ་བཅོས་ཆེད་ལས་བཙུགས་པ། བོད་སྨན་འདུལ་བཅོས་ཀྱི་དུས་དེབ་དཔར་དུ་བསྐྲུན་པ་སོགས་འབྲེལ་ཡོད་ལས་དོན་མཐའ་འཁྱོལ་བར་སྤེལ་དགོས། ། ༢ སྲུང་སྐྱོབ་བྱ་ཐབས། གཅིག་ནི་ཤེས་རིག་བདག་དབང་གི་ཆས་ནས་བོད་སྨན་འདུལ་བཅོས་ལག་རྩལ་སྲུང་སྐྱོབ་བྱ་རྒྱུ། མི་ལོ་ཆིག་སྟོང་ལྷག་གི་རིང་རང་རེའི་མེས་པོ་ཚོས་བོད་སྨན་གཞུང་ལུགས་ལ་བརྟེན་ནས་ཚོད་ལྟ་གྲངས་མེད་གནང་ནས་བོད་སྨན་འདུལ་བཅོས་ཀྱི་མ་ལག་ཆ་ཚང་བ་འདི་གྲུབ་ཅིང་། རྩྭ་སྨན་སོགས་ཀྱི་རང་བཞིན་དང་ལས་སྣོད་སོགས་ལ་རང་གི་ངོས་འཛིན་དང་ཚད་གཞི་ངེས་ཅན་ཞིག་ཆགས་ཡོད་པ་རྣམས་ནི་ཤེས་རིག་གི་བདག་དབང་ཞིག་ཡིན། བོད་སྨན་གྱི་ཤེས་རིག་བདག་དབང་ཁྱབ་རྒྱ་ཤིན་ཏུ་ཆེ་བ་སྟེ། སྨན་རྫས་དང་སྨན་རྒྱུ་དང་སྨན་སྦྱོར་དང་སྨན་བཟོའི་ལས་གྲྭ་དང་ཡིག་ཚང་དང་འབྲེལ་ཡོད་བརྡ་འཕྲིན་སོགས་ལ་ཁྱབ་ཡོད་ལ། དེ་དག་ཁྲོད་ཀྱི་གོ་རིམ་སྣ་རེ་ལའང་ཤེས་རིག་བདག་དབང་རེ་ཡོད་སྲིད་པས། བོད་སྨན་གྱི་ཤེས་རིག་བདག་དབང་ནི་བོད་སྨན་འདུལ་བཅོས་ཆ་ནས་བཤད་ན་ཤིན་ཏུ་གལ་ཆེ་བར་སྣང་ངོ་། ། གཉིས་ནི་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་ནི་བོད་སྨན་འདུལ་བཅོས་དང་ཤེས་རིག་བདག་དབང་སྲུང་སྐྱོང་གི་རྩ་དོན་ཡིན། བོད་སྨན་གྱི་ཤེས་རིག་བདག་དབང་ལ་གསོ་བ་རིག་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད་ལ། དེ་ནི་བོད་སྨན་གྱི་གཞུང་ལུགས་དང་ཁ་བྲལ་དུ་མེད། བོད་སྨན་རྒྱལ་སྤྱི་ཅན་དང་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་གི་ཚད་གཞི་དང་རེ་བ་ཕལ་ཆེ་བ་མི་ལོ་སྟོང་ཕྲག་བརྒྱུད་པའི་བོད་ལུགས་གསོ་རིག་རང་གི་གཞུང་ལུགས་དང་ལག་ལེན་ལ་བརྟེན་ནས་གཏན་འབེབས་བྱེད་འོས་པ་དང་། རྨང་གཞི་དེའི་ཐོག་ཟུང་འབྲེལ་དང་མཉམ་ལས་ཀྱིས་ཚད་གཞི་དེར་རྒྱལ་ཕྱི་ནང་ནས་ཁས་ལེན་ཐོབ་ཅིང་དེ་ཉིད་རྒྱལ་སྤྱིའམ་རྒྱལ་ནང་གི་བོད་སྨན་འདུལ་བཅོས་ཀྱི་ཚད་གཞི་རུ་ཆགས་པར་བྱེད་དགོས། གསུམ་ནི་བོད་སྨན་འདུལ་བཅོས་ཀྱི་ཤེས་རིག་བདག་དབང་གསར་གཏོད་དང་སྲུང་སྐྱོབ་དང་བེད་སྤྱོད་གཏོང་བའི་མ་ལག་དང་མི་སྣ་གསོ་སྐྱོང་གི་མ་ལག་བཙུགས་དགོས། བཞི་ནི་བོད་སྨན་འདུལ་བཅོས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏང་དགོས། ལྔ་ནི་གསོ་རིག་ཆེད་མཁས་ཀྱིས་མཛུབ་སྟོན་ཡོད་ལ་སྨན་ཁང་འགོ་ཁྲིད་ཀྱིས་ཚོགས་གཙོའི་འགན་བཞེས་པའི་བོད་སྨན་འདུལ་བཅོས་སྲུང་སྐྱོབ་ཚོགས་ཆུང་བཙུགས་དགོས། ལྔ་ནི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་ཡོད་དུས་དེབ་དཔར་བསྐྲུན་བྱ་རྒྱུ། དྲུག་ནི་སྨན་པ་རྒན་རབས་ཀྱི་ཉམས་མྱོང་རྒྱུན་འཛིན་བྱ་རྒྱུ། བདུན་ནི་འབྲེལ་ཡོད་ཡིག་རྙིང་འཚོལ་བསྡུ་ལེགས་བསྒྲིགས་བྱ་རྒྱུ་བཅས་སོ། །

འབྲེལ་ཡོད་འོས་སྦྱོར།