logo

དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་རྩ་ཆེན་ཁག་ཅིག་ཡོངས་བསྒྲགས་བྱས་འདུག

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2024-02-01 ཀློག་གྲངས།:
       ཟླ༡ཚེས༣༠ཉིན་བོད་ལྗོངས་སྨན་རྫས་རིག་པའི་ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་སྤུས་དག་ཁག་ཅིག་དང་། བོད་ཀྱི་སྨན་རྩྭ་ཁག་ཅིག་གི་དཀར་ཆག་ཡོངས་བསྒྲགས་བྱས་པ་རེད།

བོད་སྨན་སྤུས་ལེགས་རིགས་ཁག་དང་པོའི་དཀར་ཆག

མུ་ཏིག་བདུན་བཅུ། (七十味珍珠丸)
རིན་ཆེན་གྲང་སྦྱོར། (仁青常觉)
བྱུ་དམར་བདུན་བཅུ། (珊瑚七十味丸)
ཟུག་འཇོམས་འབྱར་སྨན། (消痛贴膏)
ནུའོ་ཏི་ཁང་སྤྱིན་ཤུབས། (诺迪康胶囊)

ཡུལ་ཐོན་སྨན་རྫས་རིགས་ཁག་དང་པོའི་དཀར་ཆག

དབྱར་རྩྭ་དགུན་འབུ། (冬虫夏草)
སྲོ་ལོ་དམར་པོ། (红景天)
གངས་ལྷ་མེ་ཏོག (雪莲花)
འབྲི་མོག (藏紫草)
གོ་སྙོད། (藏茴香)
པྲི་ཡངྐུ། (甘青青兰)
དབང་ལག (手掌参)
ཆར་ཉུངས། (蔓菁)
       ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྨན་རིག་པའི་ཚོགས་འདུའི་ཐོག་འདེམས་སྒྲུག་གི་གོ་རིམ་ནན་པ་དང་། བོད་ནས་ཐོན་པ་གཙོ་བོར་འཛིན་པ། དེ་བཞིན་བདེ་འཇགས་རང་བཞིན་དང་། ནུས་ཆོད་རང་བཞིན། སྤུས་ཚད་ཚོད་འཛིན་རང་བཞིན། རིག་གནས་རྒྱུན་འཛིན་རང་བཞིན། གསར་གཏོད་རང་བཞིན། དཔལ་འབྱོར་ལེགས་སྐྱེས་རང་བཞིན། ཐོན་ཁུངས་རྒྱུན་མཐུད་རང་བཞིན་སོགས་ནི་འདེམས་སྒྲུག་གི་ཆ་རྐྱེན་གཙོ་བོ་ཡིན།  རིགས་གཅིག་མཁས་པ་ཐེངས་མང་སྒྲིག་འཛུགས་བྱས་ཏེ། རིགས་པས་ཁུངས་སྐྱེལ་ཧུར་ཐག་བྱེད་པ་དང་། གཙོ་གཉེར་ཚན་པའི་བསམ་འཆར་ཉན་ཞིང་དྲ་ཐོག་ཏུ་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད། དཀར་ཆག་ཁག་གཉིས་འདེམས་སྒྲུག་བྱས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྔར་ལས་ལྷག་པའི་སྐུལ་འདེད་གཏང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།