གསེར་ཆེན་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་ཆུ་འབྲུག་ལོའི་བོད་ཀྱི་ལོ་སར་སྤྲོ་ཚོགས་བསྡུས་པ།
གསེར་ཆེན་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཐོག་དང་པོའི་བོད་ཀྱི་ལོ་སར་སྤྲོ་ཚོགས།
ཟླ2པའི་ཚེས22ཏེ་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ནི་ཆུ་འབྲུག་ལོའི་བོད་ཀྱི་ལོ་སར་ཡིན་ཞིང་། ས་གནས་ཀྱི་བོད་རིགས་མང་ཚོགས་རྣམས་ལོ་གསར་བའི་དུས་ལ་རོལ་བའི་སྐབས་འདིར། གསེར་ཆེན་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་ཀྱང་རང་འགུལ་སྒོས་ཐོག་དང་པོའི་ཆུ་འབྲུག་ལོའི་བོད་ཀྱི་ལོ་སར་སྤྲོ་ཚོགས་ཀྱི་བྱ་འགུལ་ཞིག་སྤེལ།
གླུ་གར་འཁྲབ་སྟོན།
བྱ་འགུལ་འདི་ནི་མཚོ་ལྷོ་ཁུལ་རྨ་ཆུ་གསོལ་ཁང་ཆེན་མོ་རུ་བསྡུས་ཤིང་། གསེར་ཆེན་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཚན་ཁག་སོ་སོའི་ལས་སྒྲུབ་མི་སྣ་ཡོངས་ཐེངས་འདིའི་ལོ་སར་དུས་སྟོན་གྱི་དགའ་སྐྱིད་དཔལ་ལ་རོལ་བ་དང་། འབྲེལ་ཡོད་སྡེ་ཁག་དང་མི་སྣའི་བཀོད་སྒྲིག་ལེགས་པོས་ཐོག་དང་པོའི་ལོ་སར་སྤྲོ་ཚོགས་འདི་ཁོ་ཚོར་མཚོན་ན་དངོས་གནས་རིག་གནས་ཀྱི་བཅུད་ལྡན་ཞིང་བག་བྲོ་བའི་དུས་སྟོན་གྱི་རྣམ་པ་ཞིག་ཁེངས་བར་བྱས།
ལས་སྒྲུབ་མི་སྣ་ཡོངས་ཀྱི་ལྷན་པར།
དགའ་སྟོན་ལ་རོལ་བའི་གོ་རིམ་ཁྲོད། ཚང་མས་ཡུལ་དངོས་སུ་ས་གནས་ཀྱི་ཁྱད་ཆོས་དོད་པའི་བོད་ཀྱི་དམངས་གླུ་དང་། སྒྲ་བརྙན་རྡུང་ལེན། ཨ་རྩེད། ཆང་གཞས། ཞབས་བྲོ་སོགས་སྲོལ་རྒྱུན་གླུ་གར་རིགས་སྣ་ཚོགས་འཁྲབ་སྟོན་བྱས་ཏེ་ལོ་སར་དུས་སྟོན་གྱི་ཁ་དབུགས་སྟུག་པོ་ཞིག་ངང་གིས་བསྩལ་བྱུང་།