ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་བོད་ལུགས་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-09-02
ཀློག་གྲངས།:
ཉེ་ཆར། ལྷོ་ནུབ་མི་རིགས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་མཉམ་འབྲེལ་སྒོས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སྐབས་དང་པོའི་བོད་ལུགས་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱ་མཚོ་དང་། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་ཡི་ཏང་རྩ་འཛུགས་ཀྱི་འཐུས་མི། ལས་ཁུངས་ཏང་རྩ་འཛུགས་ཧྲུའུ་ཅི་ཀྲང་ཏཱ་མེན། སློབ་གཙོ་ཙིན་མིན། སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁི་ཡོའེ་ལིན། རྒྱལ་ནང་གི་འབྲེལ་ཡོད་བོད་ཀྱི་གསོ་རིག་སློབ་གླིང་དང་བོད་ཀྱི་གསོ་རིག་སྨན་བཅོས་ལས་ཁུངས། བོད་ཀྱི་གསོ་རིག་ཞིབ་འཇུག་དང་བོད་ཀྱི་གསོ་རིག་ཁེ་ལས་སོགས་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་ཤེས་ཡོན་པ། སློབ་གྲྭའི་མདོ་དབུས་མཐོ་སྒང་ཞིབ་འཇུག་གནས་གཞི། རྫས་འགྱུར་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། བོད་རིག་པའི་སློབ་གླིང་བཅས་ཀྱི་འབྲེལ་ཡོད་མི་སྣ་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སུ་གཙོ་ཆེར་བོད་ལུགས་གསོ་རིག་གི་སྨན་སྦྱོར་དང་གསར་བསྐྲུ་ཞིབ་འཇུག བོད་ལུགས་གསོ་རིག་ཐོན་ལས་ཅན་སོགས་ཀྱི་ནང་དོན་ལ་གཞིགས་ཏེ་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་ལུས་ཁམས་བདེ་སྲུང་དང་། བོད་ལུགས་གསོ་རིག་རྒྱུན་འཛིན་དང་དར་སྤེལ། སྨན་སྦྱོར་བྱ་ཐབས། བོད་ལུགས་གསོ་རིག་གི་ཚད་ལྡན་ཅན་དོ་དམ་མ་ལག བོད་ལུགས་གསོ་རིག་གི་ཚན་ཞིབ་གནས་བབ། བོད་ལུགས་གསོ་རིག་གི་ཁེ་ལས་གསར་སྐྲུན་སོགས་ཀྱི་ཐད་ནས་བགྲོ་གླེང་མཛད་ཅིང་། ཚོགས་ཞུགས་མི་སྣས་སློབ་གྲྭའི་བོད་ཀྱི་གསོ་རིག་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པར་བསམ་ཚུལ་དང་འདོད་བློ་བརྗོད།

འབྲེལ་ཡོད་འོས་སྦྱོར།