རླུང་ནད་དྲུག་ཅུ་རྩ་གསུམ་ནི་གང་དག་ཡིན།
རྩོམ་པ་པོ།:གཡུང་དྲུང་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པ་དྲ་བ།
དུས་ཚོད།:2014-07-01
ཀློག་གྲངས།:
རླུང་ནད་དྲུག་ཅུ་རྩ་གསུམ་གང་དག་ཡིན།
ལན། འདི་དག་ཡིན་ཏེ། ཨ་ཝ་ཏ་དང་ད་རྒན་ཕྱིར་དགྱེ། ད་རྒན་ནང་བཀུགས། འགྲམ་པ་ཉམས་པ། ལྕེ་ལྡིབ་པ། ཕྱོགས་གཅིག་གུག་པ། རྩ་འཛིན་པ། ཕྱོགས་ཕྱེད་སྐེམ་པ། ལུས་ཀུན་སྐེམ་པ། ཤིང་རེངས། དཔུང་པ་འཇའ་བ། བི་ཤ་ཙེ །སྲ་འཐེང་། བརླ་རེངས། ཅེ་སྤྱང་མགོ། ཚེར་མ། གཟུགས་འཁུམས་པ། ཁ་ལི། རྐང་བརྩེ་བ།རྐང་བ་ཚ་བ་བཅས་རིགས་ཀྱི་དབྱེ་བ་ཉི་ཤུ་དང་པགས་ལ་གྲམ་པ་དང་ཤ་ལ་ཞུགས་པ།ཚིལ་ལ་ཞུགས་པ།རྩ་ལ་ཞུགས་པ།ཁྲག་ལ་ཞུགས་པ།ཆུ་བ་ལ་ཞུགས་པ།རུས་པ་ལ་ཞུགས་པ།ཚིགས་ལ་ཞུགས་པ།རྐང་ལ་ཞུགས་པ།ཁུ་བ་ལ་ཞུགས་པ།སྙིང་ལ་ཞུགས་པ།གློ་བ་ལ་ཞུགས་པ།མཆིན་པ་ལ་ཞུགས་པ།མཆེར་བ་ལ་ཞུགས་པ། མཁལ་མ་ལ་ཞུགས་པ། ཟས་ལ་ཞུགས་པ། མ་ཞུ་བའི་གནས་ལ་ཞུགས་པ། ཞུ་བའི་གནས་སུ་ཞུགས་པ། མཁྲིས་པ་ལ་ཞུགས་པ། བཤང་ལ་ཞུགས་པ། གཅིན་ལ་ཞུགས་པ། མངལ་ལ་ཞུགས་པ། མགོ་ལ་ཞུགས་པ། མིག་ལ་ཞུགས་པ། རྣ་བ་ལ་ཞུགས་པ། སྣ་ལ་ཞུགས་པ། སོ་ལ་ཞུགས་པ། ལུས་ཀུན་ལ་ཞུགས་པ་སྟེ་རླུང་ནད་གནས་ཀྱི་དབྱེ་བ་ཉེར་བརྒྱད་དང་། སྲོག་རླུང་དང་གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་སྟེ་རྐྱང་བའི་རླུང་ནད་ལྔ་དང་སྲོག་རླུང་མཁྲིས་པ་དང་འདྲེས་བ་དང་སྲོག་རླུང་བད་ཀན་དང་འདྲེས་བ།གྱེན་རྒྱུ་མཁྲིས་དང་འདྲེས་བ། གྱེན་རྒྱུ་བད་ཀན་དང་འདྲེས་བ། ཁྱབ་བྱེད་མཁྲིས་བ་དང་འདྲེས་བ། ཁྱབ་བྱེད་བད་ཀན་དང་འདྲེས་བ། མེ་མཉམ་མཁྲིས་བ་དང་འདྲེས་བ། མེ་མཉམ་བད་ཀན་དང་འདྲེས་བ། ཐུར་སེལ་མཁྲིས་པ་དང་འདྲེས་བ། ཐུར་སེལ་བད་ཀན་དང་འདྲེས་བ་སྟེ་རླུང་ནད་བྱེ་བྲག་གི་དབྱེ་བ་བཅོ་ལྔ་བསྡོམས་པའི་རླུང་ནད་དྲུག་ཅུ་རྩ་གསུམ་འབྱུང་བ་ཡིན་ནོ།

འབྲེལ་ཡོད་འོས་སྦྱོར།