《ཨེ་ཙིའི་ནད་འདྲི་རྟོག་དང་ཞིབ་བཤེར་མཛུབ་སྟོན》ལག་དེབ་འགྲེམ་སྤེལ་བྱས།
《ཨེ་ཙིའི་ནད་འདྲི་རྟོག་དང་ཞིབ་བཤེར་མཛུབ་སྟོན》ལག་དེབ་འགྲེམ་སྤེལ་བྱས།
ཉེ་ལམ། ཅང་སུའུ་ཞིང་ཆེན་ནད་ཡམས་འགོག་བཅོས་ཚོད་འཛིན་ལྟེ་གནས་ཀྱིས་མ་དངུལ་བཏང་བ་དང་། མཚོ་ལྷོ་ཁུལ་ནད་ཡམས་འགོག་བཅོས་ཚོད་འཛིན་ལྟེ་གནས་ཀྱིས་བོད་རྒྱ་སྐད་གཉིས《ཨེ་ཙིའི་ནད་འདྲི་རྟོག་དང་ཞིབ་བཤེར་མཛུབ་སྟོན》ལག་དེབ་ཀྱི་སྒྲིག་སྒྱུར་སོགས་ལག་བསྟར་སྒོས་ད་ལྟ་དངོས་སུ་འགྲེམ་སྤེལ་བྱས་ཡོད།
ལག་དེབ་འདི་ནི་བོད་རྒྱ་སྐད་གཉིས་དང་། ཡི་གེ་དང་པར་རིས་ཟུང་སྦྲེལ་སྒོས་ཨེ་ཙིའི་ནད་ཡམས་ཀྱི་གནས་ཚུལ་ཞིབ་ཕྲའི་ངང་མཚམས་སྦྱོར་བྱས་ཡོད་དེ། ཨེ་ཙིའི་ནད་ཡམས་ཇི་ལྟར་སྔོན་འགོག་བྱེད་པ་དང་། ཐེ་ཚོམ་ངང་རང་ཉིད་ལ་ཨེ་ཙིའི་ནད་འགོས་ན་ཅི་བྱ་དགོས་པ། ལས་ཁུངས་གང་དག་གིས་ཨེ་ཙིའི་ནད་འདྲི་རྟོག་དང་ཞིབ་བཤེར་ཞབས་ཞུ་མཁོ་འདོན་བྱེད་པ། ཨེ་ཙིའི་ནད་འགོས་རྗེས་ཅི་བྱ་དགོས་པ། རྒྱལ་ཁབ་ལ་ཨེ་ཙིའི་སྲིད་ཇུས་གང་དག་ཡོད་པ་སོགས་རྣམ་གྲངས19འདུས།