logo

མཚོ་སྔོན་བོད་སྨན་ཁང་གིས་སྨན་བཅོས་བརྟག་དཔྱད་རོགས་རམ་སྐོར་གྱི་མུ་འབྲེལ་ཆེད་ཁྲིད་བཀོད་སྒྲིག་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་། དུས་ཚོད།:2011-03-09 ཀློག་གྲངས།:


ཆེད་ཁྲིད་ཀྱི་ཚོགས་འདུ། 

            གོམ་དང་མདུན་སྤོས་ཀྱིས་ནད་པའི་ནད་ངོས་ཡང་དག་པར་ཐག་གཅོད་བྱེད་པའི་ཚད་ཇེ་མཐོར་ཡོངས་ཆེད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྒོ་བསྟེན་དང་ནད་སྡོད་ཕྱོགས་ཀྱི་བོད་སྨན་སྨན་པར་སྨན་བཅོས་བརྟག་དཔྱད་རོགས་རམ་སྐོར་གྱི་ཤེས་བྱའི་ཆུ་ཚད་ལ་ཤུགས་སྣོན་བྱེད་བཞིན་ཡོད།  ཉེ་སྔོན་སྒོ་བསྟེན་ཚན་ཁག་གིས་རྩ་འཛུགས་བྱས་ནས་རྫས་བཤེར་ཚན་ཁག་དང་འགྱེད་འཕྲོ་ཚན་ཁག་གི་ལས་བྱེད་མི་སྣས་རང་སྨན་ཁང་དུ་ཐེངས་དགུ་ལ་མུ་འབྲེལ་ཆེད་ཁྲིད་བྱེད་པར་གཏན་འཁེལ་བྱས་ཡོད།
            ཉེ་ལམ།  ཐེངས་དང་པོའི་ཆེད་ཁྲིད་དེ་ནད་སྡོད་ཐོག་ཁང་གི་ཚོགས་ཆེན་དུ་འཚོགས་ཤིང་།  ཡོན་ཀྲང་གཞོན་པ་དོན་འགྲུབ་གྱིས་འགོ་འཛིན་མཛད་པ་དང་ཆབས་ཅིག་རེ་བ་ཡང་འགའ་ཞིག་བཏོན་པ་རེད། 


ཆེད་ཁྲིད་བྱེད་པའི་ཡུལ་དངོས། 

            ཐེངས་འདིའི་ཆེད་ཁྲིད་ལ་ལག་རྩལ་པ་ཕཱང་ཧོང་གིས་སྒོ་བསྟེན་དང་ནད་སྡོད་ཕྱོགས་གཉིས་ཀྱི་སྨན་པར་སྒྲ་བརྒལ་ཕྱོགས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་ཆེད་ཁྲིད་བྱས།  མོས་རྒྱ་ཆེ་ནས་ཆུང་ས་དང༌།  གཞུང་ལུགས་ནས་ལག་ལེན།  ཕྱོགས་མི་འདྲ་བའི་སྒོ་ནས་སྒྲ་བརྒལ་བརྟག་དཔྱད་ཀྱི་སྨན་བཅོས་ཞབས་ཞུ་ཁྲོད་ཐོན་པའི་ནུས་པ་གསལ་བཤད་བྱས་པ་མ་ཟད།  དཔྱད་ཆས་གཞན་དང་མི་འདྲ་བའི་ཁྱད་པར་སོགས་རྒྱུན་ཤེས་གོ་བདེའི་ངང་འཆད། 
            གཟའ་རྗེས་མར་མུ་མཐུད་དུCTནད་ཐོག་ལག་ལེན་བཀོལ་སྤྱོད་དང༌།  བརྟག་དཔྱད་ཀྱི་རྨང་གཞི་ཤེས་བྱ།  སྙིང་པར་གྱི་རྨང་གཞི་ཤེས་བྱ།  འགྱེད་འཕྲོའི་རྨང་གཞི་ཤེས་བྱ་དང་བརྟག་དཔྱད་རྣམ་གྲངས།  ད་དུང་དེའི་ནད་ཐོག་ལག་ལེན་གྱི་སྐོར།  ཕོ་ཤེལ་གྱི་རྨང་གཞི་ཤེས་བྱ་དང་བརྟག་དཔྱད་རྣམ་གྲངས།  ད་དུང་དེའི་ནད་ཐོག་ལག་ལེན་གྱི་སྐོར་སོགས་ནས་རིམ་པར་ཆེད་ཁྲིད་བྱེད་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།